06 Jan 2016
3 min 17 sec
Video Overview
Creators:
Tibetan & Himalayan Library
This is a video of Tsering Jyi from Yonru Village in Chentsa singing a song called "Happy to Sing Among the Lines of Guests." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། བདེ་སྐྱིད་ཀྱི་འཚོ་བར་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དགུང་ལ་ཆར་ཆུ་འཛོམས་ན་སྐྱིད་པ་དང་རྫ་ལ་རི་དྭགས་འཁོར་ན་སྐྱིད་པ། ཁ་ལ་ཇ་ཆང་འཛོམས་ན་སྐྱིད་པར་བརྗོད་པའི་གླུ་ཞིག་ཡིན།
- ༼ཡེ་་་ཡ་རེ་ཡེ་་་འགྲོ་བ་ཡ་རེ་ལེན་གོ༽
- གླུ་སྐྱིད་པོ་ལེན་ན༼འགྲོ་བ༽སྐྱིད་པོ་ལེན།།
- འབྲུག་དགུང་ནས་གྲགས་ན༼འགྲོ་བ༽སྐྱིད་པོ་རེད།།
- ཆར་ས་ལ་བབས་ན༼འགྲོ་བ༽ཡང་སྐྱིད་རེད།།
- གླུ་སྐྱིད་པོ་ལེན་ན༼འགྲོ་བ༽སྐྱིད་པོ་ལེན།།
- འབྲོང་རྫ་ནས་བསྡད་ན༼འགྲོ་བ༽སྐྱིད་པོ་རེད།།
- རྩྭ་མཉམ་ཟ་བྱས་ན༼འགྲོ་བ༽ཡང་སྐྱིད་རེད།།
- གླུ་སྐྱིད་པོ་ལེན་ན༼འགྲོ་བ༽སྐྱིད་པོ་ལེན།།
- གླུ་གྲལ་ནས་ལངས་ན༼འགྲོ་བ༽སྐྱིད་པོ་རེད།།
- ཁ་ཇ་ཆང་འཛོམས་ན༼འགྲོ་བ༽ཡང་སྐྱིད་རེད།།
- གླུ་ཤེས་ནི་མིན་ར༼འགྲོ་བ༽དགའ་ནི་བྱོས།།