Skip to main content Skip to search
15 Dec 2011
3 min 7 sec
Video Overview
Creators: 
Unknown

Two women talk about a beautiful handmade altar done in traditional Tibetan wood carving.

Transcript search
No results found for this search
0 of 0
  • བསོད་རྣམས་ལགས
    ཨོའོ་ལོས་་་ཨ་ལས་དབྱངས་སྐྱིད་རེད་འདུག་ག
    o'o los a las dbyangs skyid red 'dug ga
    Hello,oh it's yangkei isn't it ?
  • དབྱངས་སྐྱིད་ལགས
    ནང་ལ་བསྡད་འདུག་ག་ངས་ནི་རང་བསྡད་ཨ་ཡོད་བསམས་བྱུང་།
    nang la bsdad 'dug ga ngas ni rang bsdad a yod bsams byung /
    you are home,I wondring you ware not home.
  • བསོད་རྣམས་ལགས
    ཏོག་ཙམ་ཅིག་སྡོད་དང་།
    tog tsam cig sdod dang /
    Sit for a bit.
  • དབྱངས་སྐྱིད་ལགས
    ནང་བསིལ་པོ་ཞེ་པོ་ཅིག་འདུག་ག གྲང་གློག་བཏང་བཞག་ཡོད་པས།
    nang bsil po zhe po cig 'dug ga grang glog btang bzhag yod pas/
    Your home is verry cool ,are you running the air conditioner ?
  • བསོད་རྣམས་ལགས
    གྲང་གློག་བཏང་ཡོད་ཕྱི་ལོགས་ལ་ཚ་པོ་འདུག་ག
    grang glog btang yod phyi logs la tsha po 'dug ga
    Yes,air conditioner is on. Out side is very hot.
  • དབྱངས་སྐྱིད་ལགས
    དེ་རིང་ཚ་བ་ཞེ་པོ་ཅིག་འདུག
    de ring tsha ba zhe po cig 'dug
    Today is very hot.
  • བསོད་རྣམས་ལགས
    ཨ་ནི་་་་ དེང་སང་ག་པར་ཕྱིན་པ་གཅིག་ཡང་༿ཡའི་༾མཐོང་ཡས་མིན་འདུག
    a ni _deng sang ga par phyin pa gcig yang {ya'i }mthong yas min 'dug
    where have you been this days, you were not to be seen.
  • དབྱངས་སྐྱིད་ལགས
    ང་ལྦ་ཤིང་ཀྲན་སྒྲི་སི་ལ་ཕྱིན་པ་ཡིན་བདུན་ཕྲག་གཉིས།
    nga lba shing kran sgri si la phyin pa yin bdun phrag gnyis/
    I went to the Washington D.C for two weeks.
  • བསོད་རྣམས་ལགས
    ག་རེ་བྱེད་གར་
    ga re byed gar
    What for?
  • དབྱངས་སྐྱིད་ལགས
    ད་ག་སེ་སྐྱིད་པོ་བཏང་གར་ཕྱིན་པ་ཡིན།
    da ga se skyid po btang gar phyin pa yin/
    Just went there for have fun.
  • བསོད་རྣམས་ལགས
    འོང་་་འགྲིགས་ཤག་འགྲིགས་ཤག
    'ong 'grigs shag 'grigs shag
    Ok, that's good that's good!
  • དབྱངས་སྐྱིད་ལགས
    སྐྱིད་པོ་ཞེ་པོ་ཅིག་བྱུང་། རང་གང་འདྲས་འདུག
    skyid po zhe po cig byung / rang gang 'dras 'dug
    ( I ) had good time , how are you ?
  • བསོད་རྣམས་ལགས
    ངར་དེང་སང་ལས་ཀ་སེ་མེད། ཡིན་ནའི་སློབ་གྲྭ་ལ་ཡ་ཆུ་ཚོད་གཉིས་བོད་སྐད་སློབ་ཀྱི་ཡོད།
    ngar deng sang las ka se med/_yin na'i slob grwa la ya chu tshod gnyis bod skad slob kyi yod/
    Nowadays I have no work.But I do teach Tibetan at school two hours .
  • དབྱངས་སྐྱིད་ལགས
    ཉིན་ལྟར་སློབ་ཀྱི་ཡོད་པས།
    nyin ltar slob kyi yod pas/
    Every days?
  • བསོད་རྣམས་ལགས
    འོང་ཉིན་ལྟར་རེ་བཞིན།
    'ong nyin ltar re bzhin/
    Every days.
  • དབྱངས་སྐྱིད་ལགས
    འོང་ཨ་ནི་ཡག་པོ་ཅིག་བྱུང་པ་རེད།
    'ong a ni yag po cig byung pa red/
    That is good !
  • དབྱངས་སྐྱིད་ལགས
    ཕྲུ་གུ་༿པུ་གུ་༾གཉིས་ག་པར་ཕྱིན་སོང་།
    phru gu {pu gu }gnyis ga par phyin song /
    Where is the two kids went ?
  • བསོད་རྣམས་ལགས
    ཁོང་གཉིས་གཉིས་སློབ་གྲྭར་ཕྱིན་སོང་།
    khong gnyis gnyis slob grwar phyin song /
    Two of them went to the school.
  • དབྱངས་སྐྱིད་ལགས
    ཨ་ལས།  ཨ་ནི་་་རྒྱལ་པོ་ལགས།
    a las/ _a ni rgyal po lags/
    I see , where is rgyal po lags?
  • བསོད་རྣམས་ལགས
    རྒྱལ་པོ་ལགས་དཔེ་མཛོད་ཁང་ལ་ཐད་སོང་ད་ལྟ།
    rgyal po lags dpe mdzod khang la thad song da lta/
    rgyal po lags went to the library .
  • དབྱངས་སྐྱིད་ལགས
    ཨ་ལས་་ འོ་ཙི་་་ཕ་གི་མཆོད་གཤོམ་མ་རེད་པས།
    a las _'o tsi pha gi mchod gshom ma red pas/
    Oh ! is taht altar over there ?
  • བསོད་རྣམས་ལགས
    རེད་དཱ་་་ འོང་། པཱ་ལགས་ཀྱི་བཟོས་གནང་པ་རེད།
    red dA 'ong / pA lags kyi bzos gnang pa red/
    Yes , ( my ) father made it .
  • དབྱངས་སྐྱིད་ལགས
    པཱ་ལགས་ཀྱིས་འདིར་བཟོས་གནང་སོང་ངས་་་།
    pA lags kyis 'dir bzos gnang song ngas /
    Did father made here ?
  • བསོད་རྣམས་ལགས
    འདིར་བཟོས་གནང་པ་རེད།
    'dir bzos gnang pa red/
    ( He ) did made here .
  • དབྱངས་སྐྱིད་ལགས
    ཨ་་་་པོ་ལོ་་་་།
    a po lo /
    Wow !
  • བསོད་རྣམས་ལགས
    ཡག་པོ་ཞེ་པོ་ཅིག་བཟོས་གནང་འདུག་ག
    yag po zhe po cig bzos gnang 'dug ga
    ( He ) made it very well !
  • དབྱངས་སྐྱིད་ལགས
    གྲ་རྒྱས་པོ་ཞེ་པོ་ཅིག་བྱུང་ཤག
    gra rgyas po zhe po cig byung shag
    It was prepared royally.
  • དབྱངས་སྐྱིད་ལགས
    རྫིག་ག་ལ་དེ་འདྲས།
    rdzig ga la de 'dras/
    It's very fancy looking.
  • བསོད་རྣམས་ལགས
    ཤིང་དེ་དཀར་པོ་ཅིག་འདུག་ག་ཤིང་དཀར་པོ་དེ་འདི་རེད་ག་རེ་ཟེར་   ཤིང་སྦྱར་པ།
    shing de dkar po cig 'dug ga shing dkar po de 'di red ga re zer ___shing sbyar pa/
    This white wood,that is what you call it ?_____poplar wood.
  • དབྱངས་སྐྱིད་ལགས
    ཨ་ལས་སྦྱར་པ་ཡིན་པ་རེད་དཱ
    a las sbyar pa yin pa red dA
    I see ,is poplar wood .
  • བསོད་རྣམས་ལགས
    འོང་། ཤིང་སྣ་ཁ་གཉིས་ཡོད་རེད།
    'ong / shing sna kha gnyis yod red/
    Yes , there is two types of wood .
  • བསོད་རྣམས་ལགས
    ཤིང་འདི་འདུག་ག
    shing 'di 'dug ga
    (Look )This wood .
  • དབྱངས་སྐྱིད་ལགས
    འོང་།
    'ong /
    Yes !
  • བསོད་རྣམས་ལགས
    ཤིང་འདི་ག་རེ་ཟེར། ཁམ་བུའི།
    shing 'di ga re zer/ kham bu'i/
    What that call .....cherry .
  • དབྱངས་སྐྱིད་ལགས
    སྤ་མ་ཟེར་ཡས་དེ་མིན་འགྲོ
    spa ma zer yas de min 'gro
    Is it the one called juniper ?
  • བསོད་རྣམས་ལགས
    སྤ་མ་མ་རེད་ཁམ་བུ།
    spa ma ma red kham bu/
    NO , it's not juniper, (it's )cherry .
  • བསོད་རྣམས་ལགས
    ཁམ་བུའི་ཤིང་རེད་འོང་།
    kham bu'i shing red 'ong /
    it's cherry wood ,yes .
  • དབྱངས་སྐྱིད་ལགས
    ཨ་ལས།  འོང་་་འོང་་། དེ་ཡག་པོ་ཞེ་པོ་ཅིག་བྱུང་ཤག
    a las/_ 'ong 'ong / de yag po zhe po cig byung shag
    I see ,ok ! it's very nice .
  • དབྱངས་སྐྱིད་ལགས
    ཚོས་གཞི་དེ་ཚོ་ཡང་ཡག་པོ་ཞེ་པོ་ཅིག་བྱུང་འདུག་ག
    tshos gzhi de tsho yang yag po zhe po cig byung 'dug ga
    The colors were very nice.
  • བསོད་རྣམས་ལགས
    ཚོས་གཞི་ང་རང་ཚོ་བོད་པས་དགའ་ཡས་དེ་རེད།
    tshos gzhi nga rang tsho bod pas dga' yas de red/
    The colors are just we Tibetans like.
  • དབྱངས་སྐྱིད་ལགས
    གྲ་རྒྱས་པོ་ཞེ་པོ་ཅིག་བྱུང་ཤག
    gra rgyas po zhe po cig byung shag
    It was prepared royally.
  • བསོད་རྣམས་ལགས
    ཨ་ནི་་་་ འདིའི་དཀྱིལ་འདིར་སྐུ་གཅིག་འདུག་ག
    a ni _'di'i dkyil 'dir sku gcig 'dug ga
    There is the middle is one figure isn't there?
  • དབྱངས་སྐྱིད་ལགས
    འོང་་་འདུག
    'ong 'dug
    Yes , there is .
  • བསོད་རྣམས་ལགས
    འདི་ཚ་ཚ་རེད། ཡར་འབྱར་བཞག་གནང་འདུག་ག
    'di tsha tsha red/ yar 'byar bzhag gnang 'dug ga
    It's a tsha tsha .
  • དབྱངས་སྐྱིད་ལགས
    ཨ་ལས་འོང་་་ཚ་ཚ་རེད་པས།
    a las 'ong tsha tsha red pas/
    I see it's tsha tsha ?
  • བསོད་རྣམས་ལགས
    ཚ་ཚ་རེད།
    tsha tsha red/
    it's tsha tsha .
  • དབྱངས་སྐྱིད་ལགས
    ཨ་ལས།  ངས་མིན་བརྐོས་བསྐྱོན་པ་མིན་འགྲོ་བསམས་བྱུང་།
    a las/ _ngas min brkos bskyon pa min 'gro bsams byung /
    I see, I was thought it was carved .
  • བསོད་རྣམས་ལགས
    མ་རེད། བརྐོས་བསྐྱོན་པ་མ་རེད།
    ma red/ brkos bskyon pa ma red/
    No , is not carved .
  • བསོད་རྣམས་ལགས
    འདི་གྱད་ཚང་མ་བརྐོས་བསྐྱོན་པ་རེད་པཱ།
    'di gyad tshang ma brkos bskyon pa red pA/
    these are all carved ,but this one is glute.
  • བསོད་རྣམས་ལགས
    འདི་ཡར་འབྱར་གནང་པ་རེད།
    'di yar 'byar gnang pa red/
  • བསོད་རྣམས་ལགས
    ཟླ་བ་གཉིས་ཀྱི་ཕྱག་ལས་གནང་པ་རེད།
    zla ba gnyis kyi phyag las gnang pa red/
    ( He )worked two months.
  • དབྱངས་སྐྱིད་ལགས
    འོང་ད་འགོར་གནང་པ་འདི་ག་ཙམ་༿ཨ་ཀ་ཙ་༾། ཡག་པོ་ཞེ་པོ་ཅིག་བྱུང་ཤག
    'ong da 'gor gnang pa 'di ga tsam {a ka tsa }/ yag po zhe po cig byung shag
    it's sure to take that long.it's turned really good !
  • དབྱངས་སྐྱིད་ལགས
    རྫིག་པོ་ཞེ་པོ་ཅིག་བྱུང་ཤག
    rdzig po zhe po cig byung shag
    It's turned really fancy !
  • དབྱངས་སྐྱིད་ལགས
    ཨ་ནི་་་ རང་ལ་སྐུ་ཡག་པོ་ཞེ་པོ་འདི་འདྲས་འདུག་ག
    a ni _rang la sku yag po zhe po 'di 'dras 'dug ga
    And you have verry nice 9999999999999
  • བསོད་རྣམས་ལགས
    སྐུ་འོང་་་་སྐུ་ཁ་ཤས་ལྷ་ས་ནས་རེད་འཇིམ་སྐུ།
    sku 'ong sku kha shas lha sa nas red 'jim sku/
    .........some of them from Lhasa ___clay 9999999
  • དབྱངས་སྐྱིད་ལགས
    ཨ་ལས་འོང་་་་འཇིམ་སྐུ་རེད་པས། དེ་གཉིས་གཉིས། འདི་དང་འདི།
    a las 'ong 'jim sku red pas/_de gnyis gnyis/_'di dang 'di/
    I see ,is clay 9999999? This two , this and this.
  • དབྱངས་སྐྱིད་ལགས
    ཨ་ལས་འོང་།
    a las 'ong /
    I see.
  • བསོད་རྣམས་ལགས
    འདི་གསེར་ཟངས་འདི་བལ་ཡུལ་ནས་གདན་འདྲེན་ཞུས་པ་རེད།
    'di gser zangs 'di bal yul nas gdan 'dren zhus pa red/
    That 99999got from Naipal.
  • དབྱངས་སྐྱིད་ལགས
    མཚར་པོ་ཞེ་པོ་ཅིག་འདུག
    mtshar po zhe po cig 'dug
    Very pretty.
  • བསོད་རྣམས་ལགས
    འདུག་ག
    'dug ga
    isn't ?
  • དབྱངས་སྐྱིད་ལགས
    འོ་ཙི་་་རང་གིས་ཡོན་ཆབ་འབུལ་གག་བྱས་འདུག་ག
    'o tsi rang gis yon chab 'bul gag byas 'dug ga
    Wow you also have offering the water .
  • བསོད་རྣམས་ལགས
    དེ་ད་ཡིན་ད་ཡིན།
    de da yin da yin/
    that is for sure!
  • དབྱངས་སྐྱིད་ལགས
    འོང་་འོང་་་ད་འགྲིག་ཤག་འགྲིག་ཤག
    'ong 'ong da 'grig shag 'grig shag
    Ok ! very good !
  • དབྱངས་སྐྱིད་ལགས
    དེབ་ཞེ་པོ་ཅིག་འདུག་ག་འདི་བར་ལ།
    deb zhe po cig 'dug ga 'di bar la/
    Lot of books around here .
  • བསོད་རྣམས་ལགས
    དེབ་དེ་ད་རྒྱལ་པོ་ལགས་ཀྱི་རེད།
    deb de da rgyal po lags kyi red/
    This book is belowing to rgya po lags.
  • བསོད་རྣམས་ལགས
    དཔེ་མཛོད་ཁང་ནས་གཡར་གནང་པ་རེད།
    dpe mdzod khang nas g.yar gnang pa red/
    ( He ) rend from library .
  • དབྱངས་སྐྱིད་ལགས
    དེ་ཨས།
    de as/
    this one ?
  • བསོད་རྣམས་ལགས
    དེ་ཨན་ནག་གི་རེད།
    de an nag gi red/
    This one is Ana belowing to Ana.
  • དབྱངས་སྐྱིད་ལགས
    འདི།
    'di/
    This...?
  • བསོད་རྣམས་ལགས
    དཔེ་ཆ་འདི་ངས་ལྷ་ས་ལ་ཡོད་དུས་ཉོས་པ་ཡིན་འབྲས་སྤུངས་ནས།
    dpe cha 'di ngas lha sa la yod dus nyos pa yin 'bras spungs nas/
    These religion books I got from '
  • དབྱངས་སྐྱིད་ལགས
    ག་ཚོད་༿ཚད་༾རེད་
    ga tshod {tshad }red
  • བསོད་རྣམས་ལགས
    སྒོར་མོ་བཅོ་ལྔ།
    sgor mo bco lnga/
  • དབྱངས་སྐྱིད་ལགས
    སྒོར་མོ་བཅོ་ལྔ་བྱས་ན་གོང་ཆེན་པོ་མ་རེད་པ།
    sgor mo bco lnga byas na gong chen po ma red pa/
  • བསོད་རྣམས་ལགས
    གོང་ཁེ་པོ་རེད།
    gong khe po red/
  • དབྱངས་སྐྱིད་ལགས
    ཕལ་ཆེར་འདིའི་སྒོར་མོ་གཉིས་ཙམ་ཅིག་ཐོབ་ཀྱི་ཡོད་རེད་རེད་པས།
    phal cher 'di'i sgor mo gnyis tsam cig thob kyi yod red red pas/
  • བསོད་རྣམས་ལགས
    འོང་ད་ག་རེད།
    'ong da ga red/
  • དབྱངས་སྐྱིད་ལགས
    ཨོང་འོང་།
    ong 'ong /
  • བསོད་རྣམས་ལགས
    ཨ་ལས་་་་ངས་ཇ་གང་བཟོས་དགོས།
    a las ngas ja gang bzos dgos/
  • དབྱངས་སྐྱིད་ལགས
    འོང་་་་ད་མ་བཟོ་ང་ཅིག་འགྲོ་གི་ཡིན།
    'ong da ma bzo nga cig 'gro gi yin/
  • བསོད་རྣམས་ལགས
    ག་རེ་ཡིན་པཱ།
    ga re yin pA/
  • དབྱངས་སྐྱིད་ལགས
    ཏོག་ཙམ་བྲེལ་བ་ཡོད་དེ་རིང་།
    tog tsam brel ba yod de ring /
  • དབྱངས་སྐྱིད་ལགས
    ནང་ལ་སྐུ་མགྲོན་ཏོག་ཙམ་ཡོང་གི་ཡོད།
    nang la sku mgron tog tsam yong gi yod/
  • བསོད་རྣམས་ལགས
    འོང་་་འོང་།
    'ong 'ong /
  • དབྱངས་སྐྱིད་ལགས
    ང་འདིར་རང་ལ་ལན་ཅིག་བསྐྱལ་གར་ཡོང་པ་ཡིན།
    nga 'dir rang la lan cig bskyal gar yong pa yin/
  • དབྱངས་སྐྱིད་ལགས
    དོ་དགོང་ཁོང་ཚོའོ་ཞལ་ལག་ཏོག་ཙམ་ཕྱི་ཙམ་བྱས་པ་ཟེར་གྱིས།
    do dgong khong tsho'o zhal lag tog tsam phyi tsam byas pa zer gyis/
  • བསོད་རྣམས་ལགས
    ག་རེ་ཡིན་ན།
    ga re yin na/
  • དབྱངས་སྐྱིད་ལགས
    བཀྲ་ཤིས་ལགས་ཀྱི་བུ་རྒྱ་གར་ནས་ཡོང་གི་ཡོད་རེད་ཟེར་༿ཟག༾
    bkra shis lags kyi bu rgya gar nas yong gi yod red zer {zag}
  • དབྱངས་སྐྱིད་ལགས
    རྒྱ་གར་ནས་ཡོང་་་་་
    rgya gar nas yong
  • བསོད་རྣམས་ལགས
    ཨ་ནི་་་ག་རེ་རེད་གནམ་གྲུ་་་་་གནམ་གྲུའི་འབབ་ཐང་ལ་འགྲོ་མཁན་རེད་པས།
    a ni ga re red gnam gru gnam gru'i 'bab thang la 'gro mkhan red pas/
  • དབྱངས་སྐྱིད་ལགས
    ཁོང་གནམ་གྲུའི་འབབ་ཐང་ལ་ལེན་གར་འགྲོ་མཁན་ཡིན་ཟེར་༿ཟག་༾བུ།
    khong gnam gru'i 'bab thang la len gar 'gro mkhan yin zer {zag }bu/
  • དབྱངས་སྐྱིད་ལགས
    ཕལ་ཆེར་ཁོང་ཆུ་ཚོད་ལྔ་དང་ཕྱེད་ཀ་མ་གཏོགས་༿བཞིན་༾འདིར་སླེབས་པ་མིན་འདུག་ཟེར་གྱི་འདུག་ག
    phal cher khong chu tshod lnga dang phyed ka ma gtogs {bzhin }'dir slebs pa min 'dug zer gyi 'dug ga
  • བསོད་རྣམས་ལགས
    འོང་འོང་།
    'ong 'ong /
  • དབྱངས་སྐྱིད་ལགས
    བྱས་ཙང་ཞལ་ལག་ཆུ་ཚོད་དྲུག་པར་བྱེད་ཀྱི་ཡིན་ཟེར་གྱིས།
    byas tsang zhal lag chu tshod drug par byed kyi yin zer gyis/
  • བསོད་རྣམས་ལགས
    བྱས་ན་ང་རང་ཚོ་པད་མ་ལགས་ཀྱི་ནང་ལ་་་་།
    byas na nga rang tsho pad ma lags kyi nang la /
  • དབྱངས་སྐྱིད་ལགས
    འོང་། པད་མ་ལགས་ཀྱི་གཟིམ་ཁང་ལ་རེད་ད།༼དང་༽
    'ong / pad ma lags kyi gzim khang la red da/(dang )
  • དབྱངས་སྐྱིད་ལགས
    པད་མ་ལགས་ཀྱི་ནང་ལ་རེད།
    pad ma lags kyi nang la red/
  • དབྱངས་སྐྱིད་ལགས
    ཆུ་ཚོད་དྲུག་པར་འཛོམས་རྒྱུ་བྱས་པ་རེད་ད།
    chu tshod drug par 'dzoms rgyu byas pa red da/
  • བསོད་རྣམས་ལགས
    འོང་ཡ།
    'ong ya/
  • དབྱངས་སྐྱིད་ལགས
    བྱས་ན་ང་གཉིས་དོ་དགོང་༿དོ་ལྟོས་༾ཐུག་ཡོང་།
    byas na nga gnyis do dgong {do ltos }thug yong /
  • བསོད་རྣམས་ལགས
    རེད་རེད།  ཨ་ནི་་་མཚམས་མཚམས་འཁྱམ་གར་ཤོག་ཨ།
    red red/_ a ni mtshams mtshams 'khyam gar shog a/
  • དབྱངས་སྐྱིད་ལགས
    འོང་ད་ཡོང་གི་ཡིན་ད།
    'ong da yong gi yin da/
  • དབྱངས་སྐྱིད་ལགས
    ང་དེང་སང་ཏོག་ཙམ་༿ཏིག་ཙ་༾བྲེལ་བ་འདུག
    nga deng sang tog tsam {tig tsa }brel ba 'dug
  • བསོད་རྣམས་ལགས
    འོང་།
    'ong /
  • དབྱངས་སྐྱིད་ལགས
    ཡིན་ནའི་ང་ཡོང་གི་ཡིན།
    yin na'i nga yong gi yin/
  • དབྱངས་སྐྱིད་ལགས
    ཨ་ནི་་་ད་ག་ཡིན་དཱ།
    a ni da ga yin dA/
  • བསོད་རྣམས་ལགས
    བྱས་ན་དོ་དགོང་༿དོ་ལྟོས་༾ང་གཉིས་ཐུག་ཡོང་། འོང་།
    byas na do dgong {do ltos }nga gnyis thug yong / 'ong /
  • དབྱངས་སྐྱིད་ལགས
    སྡོད་༿བསྡད་༾ཨ།
    sdod {bsdad }a/
  • བསོད་རྣམས་ལགས
    འོང་ད་་་རྒྱུགས་ཨ།
    'ong da rgyugs a/