Skip to main content Skip to search
13 Sep 2015
6 min 19 sec
Video Overview
Creators: 
Monika Subba, Kuenzang Wangmo

༉ གསར་སྤང་ དགེ་ལེགས་ཕུག་ བདེ་སྐྱིད་གླིང་ལུ་ ཨམ་ཚེ་རིང་གིས་འབད་འཐེན་མི་གླུ་གཞས་ རྒྱ་ཡུལ་ལས་འཐོན་པའི། ཟེར་མི་འདི་ དར་ཁྱབ་གནམ་མེད་ས་མེད་མ་འགྱོ་བའི་གཞུང་སྒྲའི་གླུ་གཞས་ཅིག་ཨིན་མས། གླུ་གཞས་འདི་གི་ལེའུ་གསུམ་ཡོད་ས་ལས་ མཇུག་གི་ལེའུ་གསུམ་པམ་འདི་ འབྲུག་ཡུལ་ལས་འཐོན་པའི་གསུམ་ཆང་གི་སེར་མོ། ཡར་གྱི་རི་ལ་འབུལ་ལོ། བླ་མ་དུས་གསུམ་སངས་རྒྱས། བདུད་རྩི་ལ་འབུལ་ལོ། །ཟེར་བའི་ཚིག་ཚུ་འཐོན་ནི་འདུག།

Aum Tshering from Dekiling in Sarpang District sings "Gyayul Lay Thonpai," a popular zhungdra song. The song has three stanzas, the last one being indigenous to Bhutan. This stanza portrays the locally brewed wine (sinchang) being offered to the local deities.

Transcript search
No results found for this search
0 of 0
  • ཚེ་རིང Tshering
    རྒྱ་ཡུལ་ལས་འཐོན་པའི། །དར་སོགས་ཀྱི་གནས་ལྔ། །
    Different colored scarf appeared from an Indian village.
  • ཚེ་རིང Tshering
    འཐོན་པའི་དར་སོགས་གནས་ལྔ། །ཡར་གྱི་རི་ལ་འབུལ་ལོ། །
    Appearing of different colour scarf; offer to a hill.
  • ཚེ་རིང Tshering
    བླ་མ་དུས་གསུམ་སངས་རྒྱས། །ན་བཟའ་ལ་འབུལ་ལོ། །བླ་མ་དུས་གསུམ་སངས་རྒྱས། །ན་བཟའ་ལ་འབུལ་ལོ། །
    Offer to the three Buddha (past, present and future) as a cloth.
  • ཚེ་རིང Tshering
    བོད་ཡུལ་ལས་འཐོན་པའི། །བྱ་རོག་གི་སྤུ་གཞི། །
    Feather appeared from Tibet.
  • ཚེ་རིང Tshering
    འཐོན་པའི་བྱ་རོག་སྤུ་གཞི། །ཡར་གྱི་རི་ལ་འབུལ་ལོ། །
    Appearing of raven’s feather; offer to a hill
  • ཚེ་རིང Tshering
    བླ་མ་དུས་གསུམ་སངས་རྒྱས། །ཐུགས་དམ་ལ་འབུལ་ལོ། །བླ་མ་དུས་གསུམ་སངས་རྒྱས། །ཐུགས་དམ་ལ་འབུལ་ལོ། །
    Offer to the three Buddha (past, present and future) as a prayer.
  • ཚེ་རིང Tshering
    འབྲུག་ཡུལ་ལས་འཐོན་པའི། །གསུམ་ཆང་གི་སེར་མོ། །
    An alcohol appeared from Bhutan.
  • ཚེ་རིང Tshering
    འཐོན་པའི་གསུམ་ཆང་སེར་མོ། །ཡར་གྱི་རི་ལ་འབུལ་ལོ། །
    Appearing of alcohol; offer to a hill
  • ཚེ་རིང Tshering
    བླ་མ་དུས་གསུམ་སངས་རྒྱས། །བདུད་་རྩི་ལ་འབུལ་ལོ། །བླ་མ་དུས་གསུམ་སངས་རྒྱས། །བདུད་རྩི་ལ་འབུལ་ལོ། །
    Offer to the three Buddha (past, present and future) as a holy water.