Skip to main content Skip to search
01 Sep 2018
3 min 8 sec
Video Overview
Creators: 
Sherig Dentshog

Singh Bir Pradhan narrates a story about two men buying a buffalo. Both of them invest the same amount of money in buying the buffalo. The two men are called Baun and Monger. They discuss about which part of the buffalo they want to take care of. Monger wants to take care of the front part of the buffalo, and Baun the back part. Monger fed the buffalo grasses all the time.  Baun milked the buffalo but didn’t share the milk with Monger. This lead to a misunderstanding between Monger and Baun. Monger felt really sad and went to Chettri for guidance. Then Chettri said, hit the buffalo with an axe on the head. This will solve the matter, and Baun won’t eat meat. Then Monger did as he was told by Chettri and ate all meat alone.

སིང་བཱིར་པར་དཱན་གྱི་ ཕོ་སྐྱེས་གཉིས་མ་ཧེ་ཉོ་བའི་སྐོར་ལས་ སྲུང་བཏང་ནི་འདུག ཕོ་སྐྱེས་གཉིས་འདི་ བཱའོན་དང་གུ་རུང་ཨིན་མས། ཁོང་གཉིས་ཆ་ར་གི་ མ་ཧོ་ཝོ་ནིའི་དོན་ལུ་ ཏི་རུ་འདྲན་འདྲ་བཙུགས་ཏེ་ཡོདཔ་ཨིན། ཁོང་གཉིས་ མ་ཧེ་ག་བཟུམ་ཅིག་ཉོ་ནི་ཨིན་ན་བསྟུན་གྲོས་རྐྱབ་ཞིནམ་ལས་ གུ་རུང་གི་ གདོང་ཕྱོགས་འདི་ བདག་འཛིན་འབད་ནི་དང་ བཱའོན་གྱི་རྒྱབ་ཕྱོགས་འདི་བདག་འཛིན་འབད་ནི་སྦེ་ཁ་འཆམ་ནུག གུ་རུང་གི་དུས་ཨ་རྟག་ར་ མ་ཧེ་ལུ་རྩྭ་བྱིན་ནུག དེ་ལས་ བཱའོན་གྱི་ ཨ་རྟག་ར་ཨོམ་ཞོ་སྟེ་ གུ་རུང་ལུ་བགོ་བཤའ་རྐྱབ་སྟེ་མ་བྱིན་པས། འདི་གི་སྦེ་ ཁོང་གཉིས་ཀྱི་བར་ན་ སྟབས་མ་བདེཝ་འཐོན་ནུག གུ་རུང་སེམས་ཤི་སྟེ་ ཆེ་ཏི་རི་འབད་ས་ བསམ་འཆར་ཉན་པར་འགྱོ་ནུག ཆེ་ཏིརི་གི་ བཱའོན་འདི་ ཤ་བཟའ་ནི་མེདཔ་ལས་ མ་ཧེ་གི་མགུ་ཏོ་གུ་ སྟ་རི་བླུགས་ཏེ་བྱིན་པ་ཅིན་ སྟབས་མ་བདེཝ་གེ་ར་བསལ་འོང་ཟེར་སླབ་ནུག དེ་ལས་ ཆེ་ཏི་རི་གི་སླབ་དོ་བཟུམ་སྦེ་རང་ གུ་རུང་གི་ཤ་ག་ར་ཁོ་རང་རྐྱངམ་ཅིག་བཟའ་ནུག 

Transcript search
No results found for this search
0 of 0
  • ཤིང་བིར་པར་དཱན་ Shingh Bir Pardhan
  • ཤིང་བིར་པར་དཱན་ Shingh Bir Pardhan
    བ་ཝན་དང་མོང་གཱར་གཉིས་ ལྟོ་ཚང་འཆམ་ཏོག་ཏོ་འགྱོ་ཞིནམ་ལས་ ཁོང་གཉིས་བསྟུན་གྲོས་འབད་ནུག་མ་ཧེ་གཅིག་རུབ་སྟེ་ཉོ་ནི་འབད་ དེ་ལས་ རིན་གོང་ཕྱེད་ཀ་རེ་བཏོན་ཞིནམ་ལས་ མ་ཧེ་འདི་ཉོ་ད་ནུག།
    Baun and Monger where friends and they discussed to buy buffalo, and they bought buffalo investing same amount of money which is half of the price for buffalo.
  • ཤིང་བིར་པར་དཱན་ Shingh Bir Pardhan
    དེ་ལས་ བ་ཝན་གྱིས་ མོང་གཱར་ལུ་དྲིས་ནུག་ ཁྱོད་མ་ཧེ་གི་གདོང་དང་རྒྱབ་འདི་གཉིས་ལས་ ག་བདག་འཛིན་འབད་ནི་ཟེར་དྲིས་བའི་ལན་ལུ་ དེ་ལས་ མོང་གཱར་གྱིས་གདོང་དང་ བ་ཝན་གྱིས་རྒྱབ་བདག་འཛིན་འཐབ་ནུག་ མོང་གཱར་གྱིས་ ཨ་རྟག་ར་མ་ཧེ་འདི་ལུ་ རྩྭ་ཚུ་བྱིན་དོ་ཡོདཔ་ད་ བ་ཝན་གྱིས་མ་ཧེ་འདི་ ཆུ་འཁྱུ་ཡི་རང་ ཨོམ་བཞོ་ཡི་རང་ དེ་ལས་ ཁོ་ལུ་མ་བྱིན་པར་ ཁོ་ར་རྐྱངམ་གཅིག་ཟ་སྡོད་ནུག།
    And baun asked “which part of buffalo do you want to care, front part or back?” then monger took care of front and baun back part. Monger fetched buffalo with grasses, all the time. And baun washed buffalo, took care of waste and milked the buffalo but didn’t share the milk to monger.
  • ཤིང་བིར་པར་དཱན་ Shingh Bir Pardhan
    དེ་ལས་ མོང་གཱར་འདི་ ཆེ་ཏི་རི་འབད་སར་སོང་ཞིནམ་ལས་ སླབ་ནུག་ བ་ཝན་གིས་ ཨོམ་ཁོ་ར་འཐུང་སྡོད་དེ་ ཁོ་ལུ་བགོ་བཤའ་རྐྱབ་རང་མི་བཏུབ་པས་ ཁྱོད་ཀྱིས་ཨ་ཙི་ཅིག་སླབ་གནང་ཟེར་སླབ་ད་ ཆེ་ཏི་རི་གིས་ ཨོམ་འདི་ཁྱོད་ར་གིས་བཞོ་ད་ཟེར་སྟོན་བྱིན་ནུག་ དེ་ལས་ མོང་གཱར་དེ་གིས་ ཁོ་རའི་སྦ་གི་རྡོབ་འདི་འབག་ཞིནམ་ལས་ ཨོམ་བཞོ་ནུག།
    And then monger went to Chettri and said “please tell something to him, this baun always takes milks but would not share” and chettri answered, “Why don’t you milk yourself? Tell him you are going to milk.” Then monger went to milk not taking Baun’s Bucket but his own bamboo bucket.
  • ཤིང་བིར་པར་དཱན་ Shingh Bir Pardhan
    ཁོ་ལུ་ཆུ་དབོག་ནི་གི་རྡོབ་ཕུད་རྡོག་གཅིག་ལས་མེདཔ་ལས་ འདི་འབག་སྟེ་ཨོམ་བཞོ་བའི་བར་ན་གང་སོང་ནུག་ དེ་ལས་ ཨོམ་ཧེང་སྐལ་བཞོ་ནི་འབད་ ལགཔ་གིས་རྡོབ་གི་གཤམ་ལུ་རྐྱབ་བལྟཝ་ད་སྟོངམ་སྦེ་མཐོང་ནུག་ དེ་ལས་ ཁོ་གི་མནོ་བསམ་ལུ་ འ་ནཱི་ས་གོ་ནང་ཡང་ ཨོམ་ཨ་ཙི་ཅིག་ཤོང་ནི་མས་མནོ་སྟེ།
    He had only bucket for milking and to fetch water to drink. Taking that bucket, he started milking and got enough milk. His bucket was small and he thought of milking more. Thinking of milking more, he touched the bottom of the bucket with his hands and felt the space and thought even this space would do well in getting more milk.
  • ཤིང་བིར་པར་དཱན་ Shingh Bir Pardhan
    ཁོ་གིས་ཆེ་ཏི་རི་ལུ་ ད་རུང་སླབ་ནུག་ མ་ཧེ་འདི་ལུ་ རྩྭ་བྱིན་མི་འདི་ ཨ་རྟག་རང་ང་ར་ཨིན་ ཨོམ་འཐུང་མི་འདི་ བ་ཝན་ཨིན་མས་ཟེར་སླབ་ད་ ཆེ་ཏི་རི་གིས་ མ་ཧེ་གི་ མགུ་ཏོ་ཁར་ལུ་ སྟ་རི་རྐྱབ་བྱིན་ཟེར་སྟོན་བྱིན་ནུག་ འདི་གིས་དཀའ་ངལ་འདི་སེལ་འོང་ཟེར་སླབ་ནུག་ ག་ཅི་སྦེ་ཟེར་བ་ཅིན་ བ་ཝན་གྱིས་ཤ་མི་ཟ་ ཁོ་གི་སྐལཝ་ཡང་ ཤ་ཁྱོད་ར་ཐོབ་ཟེར་ སླབ་ལས་ དེ་ལས་ མོང་གཱར་གྱིས་ ཆེ་ཏི་རི་གིས་ སླབ་དོ་བཟུམ་སྦེ་ མ་ཧེ་འདི་བསད་དེ་ ཤ་ཡང་ཁོ་ར་རྐྱངམ་གཅིག་ཟ་ད་ནུག་ ཧེ་མ་འདི་བཟུམ་བྱུང་བྱུངམ་ཨིན་པས།
    He too told Chettri he is the one who has to fetch grass all the time. Then Chettri said “hit buffalo with an axe on the head. This will solve the matter. Baun won’t eat meat, so you get double.” then monger did as said by chettri and ate all meat alone. This is what have happened before.