Video Overview
Jangchub Wangmo sings an aspiration to have many spiritual masters, teachers and monuments. The song says, if there were many great spiritual masters, the lamas, would go to make great offerings, and if there are many temples, would go to make offering of Nyendar the offering placed on alter of the temples. In the same way it also talks of aspiration to have many spiritual teachers to which could be offered tshog chang, which is the offering of drinks and so on.
རང་ལུགས་ཀྱི་གླུ་གཞས་ ང་ཚོ་འགྲོ་བའི་བླ་མ་ཟེར་མི་འདི་ པདྨ་དགའ་ཚལ་རྫོང་ཁག་ ཟོ་སྦལ་རྒེད་འོག་ ངང་ལམ་གཡུས་ཚན་ལས་ བྱང་ཆུབ་དབང་མོ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་གིས་ དགེ་བའི་བཤེས་གཉེན་ བླ་ཆེན་དང་ སློབ་དཔོན་ འདི་ལས་ ལྷ་ཁང་ ལེ་ཤ་ཡོད་པའི་རེ་བ་བསྐྱེདཔ་ཨིན་པས། གླུ་གཞས་འདི་ནང་ བླ་ཆེན་མང་པོ་ཡོད་ན་ བླ་དར་ཕུལ་ནས་འགྱོ་ནི་དང་ འདི་ལས་ ལྷ་ཁང་ལེ་ཤ་ཡོད་པ་ཅིན་ མཆོད་གཤམ་ནང་ལུ་ སྙན་དར་ལེ་ཤ་ཕུལ་ཏེ་འགྱོ་ནི་ཟེར་དང་ འདི་དང་ཅོག་ར་འཐདཔ་སྦེ་ ཚོགས་ཆང་དྲང་ནིའི་དོན་ལུ་ དགེ་བའི་བཤེས་གཉེན ་ལེ་ཤ་ཡོད་པ་ཅིན་ཟེར་ཨིན་པས།
- Pemagatshel
- བྱང་ཆུབ་དབང་མོ་ Jangchub Wangmoང་ཚོ་འགྲོ་བའི་བླ་མ(ལམ་ལ)། །ལ་ཆེན་ལ་མང་པོ་ཡོད་ན། །ལ་ཆེན་མང་པོ་ཡོད་ན། །ལ་དར་ཕུལ་ནས་འགྲོ་རྒྱུ་ཞིམ་པ་དེས(ཡིན་པ་རེད)། །Our altruistic Lama, If there is more of great lama. If there is more great Lama, Offer the scarf to them...
- བྱང་ཆུབ་དབང་མོ་ Jangchub Wangmoང་ཚོ་འགྲོ་བའི་བླ་མ(ལམ་ལ)། །ལྷ་ཁང་ལ་མང་པོ་ཡོད་ན། །ལྷ་ཁང་མང་པོ་ཡོད་ན། །སྙན་དར་ཕུལ་ནས་འགྲོ་རྒྱུ་ཞིམ་པ་དེས(ཡིན་པ་རེད)། །Our altruistic lama, If there is more Temple. If there is more temple. Offer money in it.
- བྱང་ཆུབ་དབང་མོ་ Jangchub Wangmoང་ཚོ་འགྲོ་བའི་བླ་མ(ལམ་ལ)། །མཆོད་རྟེན་མང་པོ་ཡོད་ན། །མཆོད་རྟེན་མང་པོ་ཡོད་ན། །བསྐོར་བ་བསྐོར་ནས་འགྲོ་རྒྱུ་ཞིམ་པ་དེས(ཡིན་པ་རེད)། །Our altruistic Lama, if there is more stupa. If there is more stupa, circumambulate it.
- བྱང་ཆུབ་དབང་མོ་ Jangchub Wangmoང་ཚོ་འགྲོ་བའི་བླ་མ(ལམ་ལ)། །སློབ་དཔོན་ལ་མང་པོ་ཡོད་ན། །སློབ་དཔོན་མང་པོ་ཡོད་ན། །ཚོགས་ཆང་དྲངས་ནས་འགྲོ་རྒྱུ་ཞིམ་པ་དེས(ཡིན་པ་རེད)། །Our altruistic lama. If there is more teacher. If there is more teacher, offer them liquor.
- བྱང་ཆུབ་དབང་མོ་ Jangchub Wangmoང་ཚོ་འགྲོ་བའི་བླ་མ(ལམ་ལ)། །ལབ་རྩ་མང་པོ་ཡོད་ན། །ལབ་རྩ་མང་པོ་ཡོད་ན། །ལྷ་དར་འཕྱར་ནས་འགྲོ་རྒྱུ་ཞིམ་པ་དེས(ཡིན་པ་རེད)། །Our altruistic Lama, If there is more passes. If there is more passes. Hoist prayer flags there.
- བྱང་ཆུབ་དབང་མོ་ Jangchub Wangmoལགས་སོ།། །།laso!