Skip to main content Skip to search
22 Jan 2016
3 min 49 sec
Video Overview
Creators: 
Sherig Dhentshog

A local man from Nyingshingborang village in Pemagatshel district sings a song called "Gungtu Toela Yorbi" (The one that resides in the sky). The lyrics describe various places and its key figure, such as the ornament of the sky, the snow lion on the mountain, the tiger in the forest, the fish in the lake, the king in his fortress and a father in his house.

 

༉  པདྨ་དགའ་ཚལ་ ཉེང་ཤིང་བོ་རང་ལས་ བཀྲ་ཤིས་རྣམ་རྒྱལ་གྱིས་ གཡུས་ཁའི་གླུ་གཞས་ དགུང་ཏུ་སྟོད་ལ་ནང་དུ་ལས་ཟེར་མི་གླུ་གཞས་ཅིག་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ས་གནས་གཞན་ཁ་ལུ་དར་ཁྱབ་མ་འགྱོ་བའི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་འདི་ནང་ གནམ་ཁ་ལུ་ སྐརམ་ལེ་ཤ་འཛོམས་ཏེ་ཡོད་པའི་ནང་ལས་ བྱང་སྐར་སྤུན་བདུན་དེ་ཤར་ཏེ་ བྱང་སྐར་སྤུན་བདུན་དེ་ ལའི་རྒྱབ་ལུ་འཛུལ་བའི་སྐབས་ལུ་འཁྲུལཝ་མས་ དེ་འབདཝ་ད་ གནམ་ཁ་སྟོངམ་འཐོནམ་མེན་པར་ རང་སེམས་འཁྲུལ་བས་ཟེར་ རང་གི་དགའ་བའི་མི་དེ་ རྒྱབ་ཐལ་བའི་སྐབས་ལུ་ རང་སེམས་འཁྲུལ་བའི་འཁྲུལ་གླུ་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་། ང་གིས་ ད་ལྟོ་ དགུང་སྟོད་སྟོད་ལ་ནང་དུ་ལས་ཟེར་བའི་ ཞབས་བྲོ་ཅིག་ཞུ་ནི།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ དགུང་སྟོད་སྟོད་ལ་ནང་དུ་ལས། །སྐར་མ་མང་པོ་འཛོམས། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ སྐར་མ་ལ་བརྒྱ་ཡི་ནང་དུ་ལས། །བྱང་སྐར་སྤུན་བདུན་ཤར། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ བྱང་སྐར་སྤུན་བདུན་ལ་མའི་རྒྱབ་ལ་འཁྲིད། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ དགུང་སྟོད་སྟོང་པ་མ་རེད་སེམས་པ་འཁྲིད(འཁྲུལ)། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ ལྡུམ་རེ་ཕྱི་ལ་ནང་དུ་ལས། །མེ་ཏོག་མང་པོ་འཛོམས། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ མེ་ཏོག་མང་པོའི་སྦུག་ལས། །ཉི་མའི་མེ་ཏོག་འཁྲུངས། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ ཉི་མའི་མེ་ཏོག་མཆོད་ཁང་ནང་ལ་ཕུལ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ ལྡུམ་རེ་སྟོང་པ་མ་རེད་སེམས་པ་འཁྲིད(འཁྲུལ)། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ དགོན་ཁང་གཅིག་ལ་ནང་དུ་ལས། །ཆོས་པ་མང་པོ་འཛོམས། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ ཆོས་པ་མང་པོའི་སྦུག་ལས། །བླ་མ་བཟང་པོ་འཁྲུངས། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ བླ་མ་བཟང་པོ་བོད་ཁམས་བསྐོར་བ་འཁྲིད། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ དགོན་ཁང་སྟོང་པ་མ་རེད་སེམས་པ་འཁྲིད(འཁྲུལ)། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་་ གཡུས་སྟོད་སྟོད་ལ་ནང་དུ་ལ། །སྨན་ཆུང་མང་པོ་འཛོམས། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ སྨན་ཆུང་མང་པོའི་སྦུག་ལས། །ལྷ་ཡུལ་སྲས་མོ་འཁྲུངས། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ ལྷའི་སྲས་མོ་སྟེང་ཕྱོགས་ལྷ་ལུ་ཕུལ་སོང་། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལ་སྭོ་ གཡུས་སྟོད་སྟོང་པ་མ་རེད་སེམས་པ་འཁྲིད(འཁྲུལ)། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལགས་སོ།