Skip to main content Skip to search
16 Feb 2017
2 min 57 sec
Video Overview
Creators: 
Dawa Tshering, Thinley Dorji

Ugyen Dorji sings “The High Sky” (Gungtö Tönpo), a boedra song. He learned this song from his teacher, Gashey Pema Thinley, who studied in Tibet. According to the singer, despite this song’s past popularity, nowadays it is only rarely performed. The song expresses a request that the spiritual master come back and give blessings. The lyrics recall that the master was offered locally brewed alcohol in the previous year, and suggest that he or she come again to receive this year’s share.   

 

བཀྲིས་བསྒང་རྫོང་ཁག་ དགའ་གླིང་གཡུས་ཚན་ལས་ ཨུ་རྒྱན་རྡོ་རྗེ་གིས་ བོད་སྒྲའི་གླུ་གཞས་ དགུང་སྟོད་འཐོན་པོ་ཟེར་མི་འདི་འཐེནམ་ཨིནམ་ད་ ཁོ་གིས་ གླུ་གཞས་འདི་ བོད་ལུ་ཕྱག་དཔེ་གཟིགས་མི་ ཁོ་རའི་སློབ་དཔོན་ དགེ་བཤེས་པདྨ་འཕྲིན་ལས་ཟེར་མི་ལས་ སྦྱངས་སྦྱངསམ་མས། བཀྲིས་བསྒང་ལུང་ཕྱོགས་ནང་ མི་རྒས་ཤོས་མང་ཤོས་ཅིག་གིས་ གླུ་གཞས་འདི་འཐེན་དོ་ཡོདཔ་ཨིན་རུང་ ད་ལྟོའི་ གླུ་གཞས་འཐེན་མི་འདི་གིས་འབདབ་ཅིན་ དང་ཕུགས་བཟུམ་སྦེ་ ད་རེས་ནངས་པ་ གླུ་གཞས་འདི་ གནམ་མེད་ས་མེད་ཅིག་ མི་འཐེན་པས་ཟེར་མས། གླུ་གཞས་ཀྱི་གནད་དོན་ངོ་མ་ནང་ བླམ་འདི་ལོག་འབྱོན་ཏེ་ ཁོང་གི་གཡུས་འདི་ བྱིན་གྱིས་བརླབས་དགོཔ་སྦེ་ གསོལཝ་བཏབ་ཨིནམ་ད་ གླུ་གཞས་འདི་ནང་ མི་ཚུ་གིས་ ན་ཧིང་ཡང་ ཁོང་རའི་བླམ་ལུ་ སྦང་ཆང་དྲངས་ཡོདཔ་ད་ ལོ་ཤུ་མམ་ནང་སྦང་བཞེས་པར་ བྱོན་གནང་ཟེར་ གསོལཝ་བཏབ་ཨིན་པས། 

 

Transcript search
No results found for this search
0 of 0
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    དགུང་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ། །
    The high space is beside the mountain
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ་ཡ། །
    And the sun is hither side of the mountain
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ་ཡ། །
    And the sun is hither side of the mountain
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ཕར་ལམ་འགྲོ་བའི་འདྲེན་པའི་གླིང་བཞི་སྭོ་ཡ། །
    And the path that leads to thither side of four continents
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ཚུར་ལམ་ཡོང་བའི་པདྨའི་བཀའ་དྲིན་སྭོ་ཡ། །
    And it is due to the gratitude of Pema or Guru Rinpoche to come hither
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ཚུར་ལམ་ཡོང་བའི་པད་མའི་བཀའ་དྲིན་སྭོ་ཡ། །
    And it is due to the gratitude of Pema or Guru Rinpoche to come hither
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ན་ནིང་བཙོས་པའི་ལོ་ཆང་ཁམ་བུ་སྭོ་ཡ། །
    The alcohol which is brewed last year was good
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ད་ལོར་བཙོས་པའི་བཤགས་ཆང་ཁམ་བུ་སྭོ་ཡ། །
    Again brewed alchol
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ད་ལོར་བཙོས་པའི་ཞག་ཆང་ཁམ་བུ་སྭོ་ཡ། །
    Again brewed alchol
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ན་ནིང་མ་མཇལ་ས་ཐག་རྒྱང་རིང་སྭོ་ཡ། །
    It was long time back couldnot meet
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    འདི་ལ་བྱོན་པའི་རྩ་བའི་བླ་མ་སྭོ་ཡ། །འདི་ལ་བྱོན་པའི་རྩ་བའི་བླ་མ་སྭོ་ཡ།། ཟེར།། །།
    In presence of master