Video Overview
Dawa Gyeltshen sang the popular zhungdra Sharchog Gungthang Lam. It is considered to be the domain of talented elders as the youth struggle with its diffucult lyrics and tune. The lyrics of the song describes about a mountain in Tibet called 'Gungthang la'. The mountain is presented as a person topped with a sacred golden stupa.
༉ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྤང་མེ་ཁ་ལས་ཟླ་བ་རྒྱལ་མཚན་གྱིས་འཐེན་མི་གཞུང་སྒྲའི་གླུ་གཞས་ ཤར་ཕྱོགས་དགུང་ཐང་ལ་མོ་ཟེར་མི་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་འཁོད་ལུ་ གནམ་མེད་ས་མེད་ཡོངས་གྲགས་ཅན་ཅིག་ཨིན་རུང་ གདངས་དབྱངས་དང་ཚིག་ཚུ་ལུ་བརྟེན་ ད་རེས་ནངས་པར་ རྒས་ཤོས་ཚུ་གིས་མ་གཏོགས་ ན་གཞོན་ཚུ་གིས་ ལེགས་ཤོམ་སྦེ་འཐེན་མི་ཤེས་དོ་ཡོདཔ་མས། གླུ་ཞས་འདི་ནང་ བོད་ཀྱི་ལ་ཆེན་དགུང་ཐང་ལའི་སྐོར་ལས་འགྲེལ་བཤད་རྐྱབ་སྟེ་འཐེནམ་ཨིནམ་ད་ དགུང་ཐང་ལ་འདི་ མིའི་གཟུགས་སུ་བཀོད་དེ་ ལ་ཆེན་འདི་གུ་ གསེར་གྱི་མཆོད་རྟེན་ཅིག་ཡོད་མི་འདི་ བྱིན་ཅན་ཨིནམ་སྦེ་སླབ་ཨིན་མས།
- ཟླ་བ་རྒྱལ་མཚན་Dawa Gyeltshen: ཤར་ཕྱོགས་དགུང་ཐང་ལ་མོའི་ལ་མགོ་ལས། །ལ་མོ་ལ་ངོ་མ་ཤེས་ལ་ལ་གཅིག་འདུག །
- ཟླ་བ་རྒྱལ་མཚན་Dawa Gyeltshen: ལ་མོ་ལ་ལོས་སླབ་པ་འདྲེ་ལ་ལོ། །ལ་མོ་ལ་ལོས་སླབ་པ་ལ་ལྷ་ལ་ལོ། །
- ཟླ་བ་རྒྱལ་མཚན་Dawa Gyeltshen: ལ་མོ་ལ་ངོ་ཁྱེད་ཀྱིས་མ་ཤེས་ན། །ལ་མོ་ང་ཡང་དགུང་ཐང་ལ་ལ་རང་ཨིན། །
- ཟླ་བ་རྒྱལ་མཚན་Dawa Gyeltshen: རྩ་བ་བྱང་རྩེ་གཞུང་ལས་(ལ་)ང་མི་འགྲོ། །བོད་ཀྱི་ཆོས་འཁོར་ལྷ་ས་ལ་བག་ཆགས་བཞག །ལགས་སོ།། །།