Video Overview
Tashi Gyeltshen of Karna Gewog in Dagana District sings an old Zhungdra song entitled Sharchog Gungthnag Lamo (The Gungthang Pass of the East). This song describes and introduces a pass called Gungthang La. The composer felt that people misunderstood the name of that pass. Some called it Dray La (Pass of Dra), and others Lha La (Pass of the deity); the composer asserts the pass is known as Gungthang La (High Plain Pass). This song is performed in a straight line with around 5 to 20 dancers. An old song, its origin and composer are unknown.
དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ལས་ བཀྲིས་རྒྱལ་མཚན་གྱིས་ གཞུང་སྒྲའི་གླུ་གཞས་ ཤར་ཕྱོགས་དགུང་ཐང་ལ་མོ་ཟེར་མི་འདི་འཐེནམ་ཨིནམ་ད་ རྩམ་པ་པོའི་སེམས་ཁར་ མི་ཚུ་གིས་ དགུང་ཐང་ལ་ལས་འགྱོ་མི་ ལམ་འདི་ངོ་མ་ཤེས་པས་ཟེར་མནོ་སྟེ་ ངོ་མ་ར་ དགུང་ཐང་ལ་མོའི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིན་པས། ལ་ལུ་ཅིག་གིས་ དགྲ་ལ་ཟེར་ དགྲ་ལྷའི་ལམ་དང་ ལ་ལུ་ཅིག་གིས་ ལྷ་ལ་ཟེར་ ལྷའི་ལམ་ཟེར་ སླབ་དོ་ཡོདཔ་ལས་ རྩམ་པ་པོ་གིས་ ལམ་འདི་ལུ་ དགུང་ཐང་ལ་མོ་ཟེར་ སླབ་ཨིན་ཟེར་ ཁ་གསལ་རྐྱབ་ཨིན་པས། གླུ་གཞས་འདི་ ཞབས་བྲོ་རྐྱབ་མི་ལྔ་དང་ ཁལ་གཅིག་དེ་རེ་སྦེ་ གྱལ་ཕྲང་ཏང་ཏ་སྦེ་བསྒྲིག་ཐོག་ལས་ རྐྱབ་དོ་ཡོདཔ་ད་ གླུ་གཞས་རྙིངམ་ཚུའི་གྲངས་ལས་ གཅིག་འབདཝ་ལས་ རྩམ་པ་པོ་དང་འབྱུང་ཁུངས་ཚུ་ སླབ་མི་ཤེས་པས།
- Bartsha
- Dagana
- བཀྲིས་རྒྱལ་མཚན་ཤར་ཕྱོགས་དགུང་ཐང་ལ་མོའི་ལ་མགོ་ལས། །
- བཀྲིས་རྒྱལ་མཚན་ལ་མོ་ང་རང་ལ་ངོ་ལ་(ལ་ངོ་མ་ཤེས་ལ་)ལ་གཅིག་འདུག །
- བཀྲིས་རྒྱལ་མཚན་ལ་ལོ་གིས་སླབ་ཚེ་འདྲེ་ལ་ལོ། །
- བཀྲིས་རྒྱལ་མཚན་ལ་ལོ་གིས་སླབ་པ་(ཚེ་)ལ་ལྷ་ལམོ་ལོ། །ལྷ་ལམོ་ལོ།
- བཀྲིས་རྒྱལ་མཚན་ལ་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །
- བཀྲིས་རྒྱལ་མཚན་ལ་མོ་ང་རང་དགུང་ཐང་ལ་ལ་རང་ཨིན། །
- བཀྲིས་རྒྱལ་མཚན་ལྟེ་བོ་བྱང་རྩེ་གཞུང་ལ་ང་མི་འགྲོ། །
- བཀྲིས་རྒྱལ་མཚན་བོད་འཕྲུལ་སྐོར་བཅུ་གསུམ་ལ་མཇལ་ནས་ཡོང་། །མཇལ་ནས་ཡོང།། །།