Skip to main content Skip to search
01 Feb 2016
4 min 54 sec
Video Overview
Creators: 
Sonam Tobgye, Sangay Tshomo

Jigme sings an old song which used to be popular. The tune of the song is similar to that of a Mani. It does not require prior initiation by a lama.

མོང་སྒར་ གླིང་མཁར་ལས་ འཇིགས་མེད་ཀྱིས་ སྲུང་  ་ཚུ་ ལེ་ཤ་བཤད་ནི་ཡོད་པའི་ཁ་ལུ་ གླུ་གཞས་ཡང་འཐེན་ཏེ་འདུག ཁོ་ར་ ལོ་ན་རྒས་ཤོས་ཅིག་སྦེ་ དབུགས་བདའ་མ་ཟུན་རུང་རང་ དགུང་སྟོད་གཡས་དང་གཡོན་ཤོག །ཟེར་བའི་གླུ་གཞས་འདི་ འཐེནམ་མས། གླུ་གཞས་འདི་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཅིག་ཨིནམ་ད་ གདངས་དབྱངས་འབད་བ་ཅིན་ མ་ཎི་བསྐུལཝ་ད་གི་གདངས་དབྱངས་དང་འདྲ་སུ་ཅིག་སྦེ་འཐེན་ནི་འདུག།

Transcript search
No results found for this search
0 of 0
  • Jigme> དགུང་སྟོད་གཡས་དང་གཡོན་ཕྱོགས། །ཁྲི་གདུགས་བཞུགས་པའི་ཁྲི། ། ཤོ་མོ་ཨ་ལས་ལོ་མོ། །ཨ་ལེན་ཅིག་ལོ། །
  • Jigme> གངས་སྟོད་གཡས་དང་གཡོན་ཕྱོགས། །སེང་ཆེན་བཞུགས་པའི་ཁྲི། ། ཤོ་མོ་ཨ་ལས་ལོ་མོ། །ཨ་ལེན་ཅིག་ལོ། །
  • Jigme> ནགས་སྟོད་གཡས་དང་གཡོན་ཕྱོགས། །སྟག་མོ་བཞུགས་པའི་ཁྲི། ། ཤོ་མོ་ཨ་ལས་ལོ་མོ། །ཨ་ལེན་ཅིག་ལོ། །
  • Jigme> སྤང་སྟོད་གཡས་དང་གཡོན་ཕྱོགས། །ཤཝ་བརྒྱད་བཞུགས་པའི་ཁྲི། ། ཤོ་མོ་ཨ་ལས་ལོ་མོ། །ཨ་ལེན་ཅིག་ལོ། །
  • Jigme> རྫོང་སྟོད་གཡས་དང་གཡོན་ཕྱོགས། །དབང་ཆེན་བཞུགས་པའི་ཁྲི། ། ཤོ་མོ་ཨ་ལས་ལོ་མོ། །ཨ་ལེན་ཅིག་ལོ། །
  • Jigme> དགོན་སྟོད་གཡས་དང་གཡོན་ཕྱོགས། །མཚན་ལྡན་བཞུགས་པའི་ཁྲི། ། ཤོ་མོ་ཨ་ལས་ལོ་མོ། །ཨ་ལེན་ཅིག་ལོ། །
  • Jigme> གཡུས་སྟོད་གཡས་དང་གཡོན་ཕྱོགས། །དྲིན་ཆེན་བཞུགས་པའི་ཁྲི། ། ཤོ་མོ་ཨ་ལས་ལོ་མོ། །ཨ་ལེན་ཅིག་ལོ། །