Video Overview
Phuntsho from Phungsharang village in Pemagatshel district sings a song locally know as the Neyang, "Kharchugi Nechog" (The Sacred Place of Kharchi). It expresses a desire to visit Kharchu, the monastic seat of lama Namkhai Nyingpo, to receive his teaching. The lyrics say that though the desire to go there may be intense, the way to his teachings is blocked by snow on the passes. The song then expresses the hope that the composer may receive the teachings of the lama in the next life. It ends with the wish to one day be reborn into the copper paradise where Guru Rinpoche shares the dzongchen (great perfection) teachings.
༉ པདྨ་དགའ་ཚལ་རྫོང་ཁག་ ཕུང་ཤ་རང་གཡུས་ཚན་ལས་ སངས་ཤིང་རྡོ་རྗེ་གིས་འཐེན་མི་ དགུང་དབྱིངས་བཀྲིས་གཡང་ཆགས་ཟེར་མི་བོད་སྒྲའི་གླུ་གཞས་འདི་ སྤྱི་ལོ་ ༡༩༦༠ དེ་ཅིག་ཁར་ ལེའུ་བསྒྱུར་ཏེ་རྐྱབ་སྲོལ་ཡོད་པའི་གླུ་གཞས་ཅིག་ཨིནམ་ད་ རྒྱལ་གཞུང་འཆམ་དང་ཟློས་གར་སྡེ་ཚན་གྱིས་འཐེན་འཐེནམ་གི་རིག་གསར་གྱི་བོད་སྒྲ་ཅིག་ཨིན་པས། གླུ་གཞས་འདི་གིས་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་བརྒྱུད་ཀྱི་དབུ་ཁྲིད་དམ་ཚིག་ཅན་ཚུ་ ཡིད་བཞིན་ནོརབུ་དང་ཅོག་ར་འཐདཔ་ལས་ རྒྱལ་ཁབ་ལུ་བཀྲིན་ཅན་ཨིནམ་ད་ ཆོས་སྲིད་ལུགས་གཉིས་སྐྱོང་བའི་རྒྱལཔོ་གིས་ རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བ་ལས་བརྟེན་ བཤད་སྒྲུབ་ཀྱི་བསྟན་པ་ཡང་དར་ཏེ་ཡོདཔ་ལས་ དེ་ཡང་ ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལས་བརྟེན་ཨིནམ་ལས་ མདོར་བསྡུ་བ་ཅིན་ མི་དབང་ཆོས་ཀྱི་རྒྱལཔོ་ལུ་བསྟོད་པའི་གླུ་གཞས་ཅིག་ཨིན་མས།
- Pemagatshel
- སངས་ཤིང་རྡོ་རྗེ་ Sangshing Dorjiདགུང་སྔོན་བཀྲ་ཤིས་གཡང་ཆགས་ལ་ཨ་མ་ལེགས་ཨོ། །
- སངས་ཤིང་རྡོ་རྗེ་ཁྲི་གདུགས་ལ་ཡིད་བཞིན་ནོར་བུ། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་ཁྲི་གདུགས་ལ་ཡིད་བཞིན་ནོར་བུ། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་མི་མཐུན་སྤྲིན་གྱི་བར་ལ་ལ་ཨ་མ་ལེགས་ཨོ། །
- སངས་ཤིང་རྡོ་རྗེ་སྐྱིད་བསིལ་ལ་རླུང་གིས་གཏོང་(སྟོར)སོང་། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་སྐྱིད་བསིལ་ལ་རླུང་གིས་གཏོང་(སྟོར)སོང་། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་ལྷོ་ལྗོངས་བཀྲ་ཤིས་གཡང་ཆགས་ལ་ཨ་མ་ལེགས་ཨོ། །
- སངས་ཤིང་རྡོ་རྗེ་མངའ་བདག་ལ་ཡིད་བཞིན་ནོར་བུ། །དཔལ་ལྡན་འབྲུག་པའི་བཀའ་དྲིན།
- སངས་ཤིང་རྡོ་རྗེ་མངའ་བདག་ལ་ཡིད་བཞིན་ནོར་བུ། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་ལོངས་སྤྱོད་སེམས་པ་གཡང་ཆགས་ལ་ཨ་མ་ལེགས་ཨོ། །
- སངས་ཤིང་རྡོ་རྗེ་རྩ་གསུམ་ལ་ལྷ་ཡི་ཐུགས་རྗེ། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་རྩ་གསུམ་ལ་ལྷ་ཡི་ཐུགས་རྗེ། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་མི་སེར་བདེ་ཞིང་སྐྱིད་པ་ལ ་ཨ་མ་ལེགས་ཨོ། །
- སངས་ཤིང་རྡོ་རྗེ་མངའ་བདག་ལ་བཀའ་དྲིན་ཆེ་སོང་། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་མངའ་བདག་ལ་བཀའ་དྲིན་ཆེ་སོང་། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་ཆོས་སྲིད་རྒྱལ་སྲིད་དར་ཞིང་རྒྱས་པ་ལ་ཨ་མ་ལེགས་ཨོ། །
- སངས་ཤིང་རྡོ་རྗེ་བཤད་སྒྲུབ་ལ་བསྟན་པ་དར་སོང་། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་བཤད་སྒྲུབ་ལ་བསྟན་པ་དར་སོང་། །དཔལ་ལྡན་འབྲུག་པའི་བཀའ་དྲིན། །
- སངས་ཤིང་རྡོ་རྗེ་ལ་སོ་ལགས།ལགས་སོ་ལགས།