Video Overview
༉ བཀྲ་ཤིས་སྒང་དགའ་གླིང་ལས་ ན་ཀུ་གིས་འཐེན་མི་གླུ་གཞས་ དགུང་ཁྲི་གདུགས་ཉི་མ་འདི་ དར་ཁྱབ་མ་འགྱོ་བའི་གླུ་གཞས་རྙིངམ་ཅིག་ཨིན་མས། གླུ་གཞས་འདི་ ཚེས་བཅུ་བསྐང་གསོལ་ཚུ་ནང་འཐེན་དོ་ཡོདཔ་ད་ འཁོར་བའི་ཆོས་ག་ར་ གཅིག་ལུ་བརྟེན་ཏེ་གཅིག་འབྱུང་དོ་ཡོདཔ་ལས་ གླུ་གཞས་འདི་གིས་ཡང་ དགུང་ཁྲི་གདུགས་ཉིམ་འདི་མ་ཤར་བ་ཅིན་ གངས་ཀྱི་ཁ་བ་དཀརཔོ་འདི་བཞུ་ཐབས་མེད། གངས་ཀྱི་ཁ་བ་དཀརཔོ་འདི་མ་བཞུ་བ་ཅིན་ གཙང་ཆུ་སྔོན་མོ་འཁྱིལ་ས་མེད་ཟེར་ གཅིག་ལུ་བརྟེན་གཅིག་འབྱུང་བའི་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་འདི་སྟོནམ་ཨིན་མས།
- Galing
- ནག་ཀུ Nakuདགུང་ཁྲི་གདུགས་ཉི་མ་མ་ཤར་ན། །Rising the sun.
- ནག་ཀུ Nakuགངས་ཀྱི་ཁ་བ་དཀར་ཅུང་ཞུ་རྒྱུ་མེད། །Melting the snow on the moutain.
- ནག་ཀུ Nakuགངས་ཀྱི་ཁ་བ་དཀར་ཅུང་ལས་མ་ཞུ་ན་ལགས། །If the snow was not melting.
- ནག་ཀུ Nakuམར་མར་གཙང་ཅུ་སྔོན་མོ་ལས་འཁྱིལ་རྒྱུ་མེད། །Downwards the river will not make pond.
- ནག་ཀུ Nakuམར་མར་གཙང་ཅུ་སྔོན་མོ་ལས་མ་འཁྱིལ་ན་ལ། །If there was no pond.
- ནག་ཀུ Nakuམར་མར་ཤིང་གི་ཤོ་མོ་ལས་འཐུ་རྒྱུ་ལས་མེད། །Downwards there is no leafs to collect.
- ནག་ཀུ Nakuམར་མར་ཤིང་གི་ཤོ་མོ་ལས་མ་འཐུ་ན་ལ། །If they don't collect leafs.
- ནག་ཀུ Nakuཀར་མ་ནས་ཀྱི་ས་བོན་ལས་བཏབ་རྒྱུ་མེད། །No way to sow the wheat seeds.
- ནག་ཀུ Nakuཀར་མ་ནས་ཀྱི་ས་བོན་ལས་མ་བཏབ་ན་ལ། །If they don't sow the seeds.
- ནག་ཀུ Nakuཡུམ་ཆེན་ཨ་མའི་ཆང་ཡང་ལ་བཙོ་རྒྱུ་མེད། །No way to boil mother's wine.
- ནག་ཀུ Nakuཡུམ་ཆེན་ཨ་མའི་ཆང་ཡང་མ་བཙོ་ན་ལ། །If they don't boil mother's wine.
- ནག་ཀུ Nakuམེ་བུ་དཀའ་བའི་སྐྱེས་བུ་ལས་འཛོམས་རྒྱུ་མེད། །No way to gather all the sibblings.
- ནག་ཀུ Nakuམེ་བུ་དཀའ་བའི་སྐྱེས་བུ་ལས་མ་འཛོམས་ན་ལ། །If they don't gathered.
- ནག་ཀུ Nakuཡར་ཡར་མཚན་ལྡན་བླ་མའི་ཞལ་ཡང་ལས་མཇལ་རྒྱུ་མེད། །Upper, no way to meet with lama.
- ནག་ཀུ Nakuཡར་ཡར་མཚན་ལྡན་བླ་མའི་ཞལ་ཡང་མ་མཇལ་ན། ༑If they don't meet with Lama.
- ནག་ཀུ Nakuགླུ་གར་སྒོར་མོ་ཞལ་གྱི་ལས་བཤེགས་སུ་མེད། །No way to offer dances.
- ནག་ཀུ Nakuལགས་སོ་ལགས། ད་རྒས་ཞིནམ་ལས་ཏེ་མིན་འདུག་མས་ ད་འབདན། ཧེ་མ་འབདན་ ཨ་ཙི་རེ་འཐེན་སྡོད་ཅི། ད་འབདན་འཐེན་ནི་ཡང་ གནམ་མེད་ས་མེད་ ད་མིན་འདུག། ད་འབདན་སྐད་ཀྱིས་ཡང་ མི་བཏུབ་པས། ད་འབདན་ ང་བཅས་ཚུ་ ང་ཡང་ ཧ་ལམ་ ལོ་ ༧༥ ལང་ལངམ་ཨིན་ལགས། ད་འབདན་ ཨ་ནཱེ་ཅིག་ར་ཨིན་པས་ལགས། ཏེ་ལོ་གཅིག་གཉིས་དེ་ཅིག་སྡོད་འོང་ག་ མི་སྡོད་ག་ཟེར་མནོ་དོ་ལགས། ད་ཡོམ་ཡོམ་ནི་དེ། ཨ་ལོ་གཅིག་གཉིས་དེ་ཅིག་ཡོད་ལགས། ཨིན་རུང་ རང་སོའི་ ཕོཝ་རང་རང་ས་འབད་སྡོད་དགོ་པས། ཨ་ནཱེ་ཅིག་ཞུ་ནི་ཨིན་ལགས།Laso la.... Now i am old and i can't do. Before i sang little. Now i can't sing more as my voice also not working. Now i am 75 years old. only this much la. I can't say wether i can live for a year or not. I have one to two child la. However, we have to stay individual. Only this much to say la.