Video Overview
A group of men talk about doctors, diseases, hospitals and other medical topics.
- ད་དེ་བཞག་གི་་་་་་
- བསོད་ནམས་ཆོས་འཕེལ།ཁ་ལག་རང་རེད།
- རྡོ་རྗེ་དང་ཁསུག་མཐིལ།
- རྡོ་རྗེ།ད་པཱ་ལགས་དེང་སང་སྐུ་གཟུགས་གང་འདྲ་འདུག
- རྡོ་རྗེ།དེའི་སྔོན་ལ་ཏད་ཙ་༼ཏོག་ཙམ་༽ཞིག་སྙུང་གཞི་བྱུང་པ་འདྲ་རེད་པས།
- བསོད་ནམས་ཆོས་འཕེལ།འོའོ་་་་ང་དེ་རེད་ག་རེ་ཟག༼ག་རེ་ཟེར་༽
- བསོད་ནམས་ཆོས་འཕེལ།ན་ཚ་ཟེར་དགོས་རེད་ང་ཚོའི་བོད་པའི་ན་ཚ་གསར་པ་ཟེར་དགོས་རེད་པཱ།
- བསོད་ནམས་ཆོས་འཕེལ།ཅི་ནིའི་ན་ཚ་ཟེར་ཡག་དེ།
- བསོད་ནམས་ཆོས་འཕེལ།ག་རེ་ཟེར་དགོས་རེད། མངར་མོའི་ན་ཚ་ཟའ་དེ༼ཟེར་ཡག་དེ༽།
- ཁའོང་་་་འོང་་་་མངར་སྐྱུར་གྱི་ན་ཚ།
- བསོད་ནམས་ཆོས་འཕེལ།མངར་སྐྱུར་གྱི་ན་ཚ་ཟའ་༼ཟེར་༽ཅིག་༼ཞིག༽ཟེར་གྱི་འདུག་ག
- རྡོ་རྗེ།འོང་རེད་་་་རེད།
- བསོད་ནམས་ཆོས་འཕེལ།དང་ཉོག་པིང་ཟའ་་་ཞིག་ཟེར་གྱི་འདུག་ག་་་་འོང་འདི།
- ཁའོང་་་འོང་།
- བསོད་ནམས་ཆོས་འཕེལ།ང་དེ་ཟླ་ཉིན་་་་་་་ཟླ་ཉིན་ཟེར་དགོས་རས༼རེད༽།
- བསོད་ནམས་ཆོས་འཕེལ།ཟླ་ཉིན་སྨན་ཁང་ལ་ཅིག་༼ཞིག་༽བསྡད་པ་ཡིན།
- རྡོ་རྗེ་དང་ཁགནོངས་སོ།
- བསོད་ནམས་ཆོས་འཕེལ།སྨན་ཁང་ལ་བསྡད་ཡ་གིར་ཕྱིན་དང་པོ་ན་ཚ་འདི་རེད་ཟེར་གྱིས།
- བསོད་ནམས་ཆོས་འཕེལ།དང་པོ་དེ་བར་ལ་ན་ཚ་ན་ཚ་ན་དུས་སྒང་ལ་ཁ་སྐོམ་མཁན་རེ་ཞིག
- བསོད་ནམས་ཆོས་འཕེལ།ལྟོ་ཆས་ག་ཚོད་བཟས་ནའི་༼ན་ཡང་༽གྲོད་ཁོག་མ་རྒྱགས་མཁན་བཟོ་རོག་༼འདྲ་པོ་༽ཞིག
- རྡོ་རྗེ་དང་ཁཧ་་་ཧ་་་ཧ་་ཧ།
- རྡོ་རྗེ།འོང་དེ་འདྲ་ཞིག་ཡོད་རེད་ཟེར་གྱིས།
- བསོད་ནམས་ཆོས་འཕེལ།ཨ་་་་ཨ་ནི་ཁ་ཡང་སེ་སྐོམས་ཀྱི་འདུག
- བསོད་ནམས་ཆོས་འཕེལ།གཅིན་པ་ཞེ་པོ་ཞིག་བོ་༼བྲོ་༽གི་འདུག་ག།
- རྡོ་རྗེ་དང་ཁའོང་་་འོང་།
- བསོད་ནམས་ཆོས་འཕེལ།ན་ཚ་དེས།
- བསོད་ནམས་ཆོས་འཕེལ།ཨ་ནི་འདི་ཁྱད་མཚར་ག་རེ་རེད་ཅིག་ཡིན་ན་བསམས་བྱས།
- བསོད་ནམས་ཆོས་འཕེལ།ང་རང་སྔོན་མ་ཆུང་ཆུང་ག་དུས་སྒང་ནས་སྨན་ཁང་ཁོ་ར་འགྲོ་མྱོང་ཡོད་མ་རེད་པ་གཅིག་ཡའི་༼ཡང་༽།
- རྡོ་རྗེ་དང་ཁའོང་རེད་ད།
- བསོད་ནམས་ཆོས་འཕེལ།རྒྱུད་ཡོད་རེད་པཱ།
- ཁསྐུ་གཟུགས་ཐང་པོ་ཞེ་པོ་རེད་་་་་སྐུ་གཟུགས།
- རྡོ་རྗེ།ད་འདི་ང་ཚོས་རྒྱུད་ཡོད་རེད།
- རྡོ་རྗེ།ད་མཁན་ཚ་༼ཁྱད་མཚར་༽ག་རེ་རེ་ཞིག་ཡིན་ནའི་་་་།
- རྡོ་རྗེ།ཨ་ནི་དཀའ་ལས་ཁ།
- རྡོ་རྗེ།ལས་ཁུངས་བར་དུ་རྐང་ཁ་རིལ་བཞོན་པ་ལ།
- རྡོ་རྗེ།ལས་ཁུངས་ལ་སླེབས་པའི་བར་ལ་དེ་བར་ལ་རྔུལ་ནག་བརྒྱབ་ཡོང་གིས།
- རྡོ་རྗེ་དང་ཁའོ་་་ཙི་་་།
- བསོད་ནམས་ཆོས་འཕེལ།ང་ལ་ལུགས་སྲོལ་དེ་འདྲ་མེད་ད།
- རྡོ་རྗེ་དང་ཁའོང་་་འོང་་།
- བསོད་ནམས་ཆོས་འཕེལ།ཨ་ནི་གཞུག་གུ་༼རྗེས་ལ་༽སྨན་ཁང་ལ་ཕྱིན་པས་ཨ་ནི་ན་ཚ་དེ་རེད་ཟག་༼ཟེར་གྱིས་༽
- རྡོ་རྗེ་དང་ཁའོང་་་་འོང་།
- བསོད་ནམས་ཆོས་འཕེལ།ཨ་ནི་སྨན་ཁང་ལ་ཞིག་བསྡད་གག་བྱས་པ་རེད།
- བསོད་ནམས་ཆོས་འཕེལ།འོང་ཡ། དེ་སྔོན་ལ་བསྡད་མྱོང་ཡོད་མ་རེད་པཱ།
- རྡོ་རྗེ།འོང་རེད།
- བསོད་ནམས་ཆོས་འཕེལ།སྨན་ཁང་ལ་བསྡད་ཚར་པ་ད་ག་ངོ་ཚ་མཁན་རེ་ཞིག།
- རྡོ་རྗེ་དང་ཁཧ་་་་ཧ་་་་ཧ་་་ཧ།
- བསོད་ནམས་ཆོས་འཕེལ།བསྡན་མཁན་ཡང་མ་འགྲོ་པ་རེ་ཞིག
- རྡོ་རྗེ།རེད་ལ་ཐོབ་ཀྱག་གོ་ཀྱག་ལ་སྨན་ཁང་ལ་བཞུགས།
- བསོད་ནམས་ཆོས་འཕེལ།ད་ཧ་གོ་གི་ཡོད་མ་རེད།
- རྡོ་རྗེ།འོང་རེད།
- རྡོ་རྗེ།ཨ་ནི་ཧྲུའུ་ཡད་བྱེད་དགོས་རེད་ཟག༼ཟེར་གྱི་འདུག༽
- རྡོ་རྗེ།ཡ་གིར་ག་རེ་ཟེར་དགོས་རས་༼རེད་དམ་༽སྨན་ཁབ་རེ་ཞིག་བརྒྱབ།
- རྡོ་རྗེ།ཡ་གིར་ཆུ་རེ་འདི་བཏགས་བྱས་བླུག་ཡོང་དུས་སྒང་ནས།
- རྡོ་རྗེ།ཅིག་སོ་སོ་ཞེད་སྣང་ཡང་སྐྱེས་ཡོང་མཁན་རེ་ཞིག།
- རྡོ་རྗེ།སེམས་སྐྱོ་མཁན་བཟོ་རོག་ཅིག།
- རྡོ་རྗེ་དང་ཁཧ་་་ཧ་་་ཧ།
- བསོད་ནམས་ཆོས་འཕེལ།གཅིག་བྱེད་ཀྱི་འདུག་ག།
- རྡོ་རྗེ།ད་སྨན་ཁང་ལ་སླེབས་བཞག་ཨ་བསམས་བྱས་ཨས།
- བསོད་ནམས་ཆོས་འཕེལ།ད་དངོས་གནས་ལོ་སླེབས་བཞག་ཨ་བསམས་བསམས་རེ་ཞིག
- ཁད་བཀའ་གནང་གནང་རང་རེད།
- བསོད་ནམས་ཆོས་འཕེལ།འཕྲུལ་འཁོར་དང་མ་སོང་ན་རྩྭ་ཐེབས་བཞགས་བསམས་བསམས་རེ་ཞིག
- བསོད་ནམས་ཆོས་འཕེལ།ཨ་ནི་དེ་དུས་སྒང་ནས་ཨེ་འདྲས་གནས་ཚུལ་ཨེ་འདྲ་ཞིག་བྱུང་སོང་།
- བསོད་ནམས་ཆོས་འཕེལ།ག་རེ་ཟེར་དགོས་རས༼རེད་དམ་༽་ང་སྨན་ཁང་ལ་བསྡད་པའི་སྒང་ལ།
- བསོད་ནམས་ཆོས་འཕེལ།གཞན་ངའི་ན་ཚ་དེ་ལ་མངར་མོ་འགྲོ་ཡག་ཡོད་མ་རེད་པཱ།
- རྡོ་རྗེ་དང་ཁའོང་་་་་རེད་རེད།
- བསོད་ནམས་ཆོས་འཕེལ།ང་རང་ཚོ་སྨན་ཁང་དེ་བར་ལ་ཨེམ་ཆི་༼སྨན་པ་༽ཁ་ཤས་ཀྱིས།
- བསོད་ནམས་ཆོས་འཕེལ།མཁྱོན་ནས་༼རྩ་བ་ནས་༽འདི་འགན་ཡག་པོ་མ་ཁྱེར་པ་བྱས།
- རྡོ་རྗེ་དང་ཁའོང་་་འོང་་་་།
- བསོད་ནམས་ཆོས་འཕེལ།ངར་དེ་བླུགས་པ་རེད་ད་བུའུ་དོའོ་དངས་བླུགས་པ་རེད་ད།
- རྡོ་རྗེ་དང་ཁའོ་ཙི་་་་་ཨ་ནི།
- རྡོ་རྗེ།གཞན་བླུགས་ཆོག་གི་མ་རེད་པ་འདི།
- བསོད་ནམས་ཆོས་འཕེལ།བླུགས་ཆོག་གི་མ་རེད།
- རྡོ་རྗེ།དེ་རྦད་དེ་་་་་
- བསོད་ནམས་ཆོས་འཕེལ།དེ་མངར་མོ་རེད་པཱ།
- རྡོ་རྗེ།འདིས་རྦད་དེ་འདི་བྱས་པ་རེད་པ་ཨ་ནི།
- ཁརེད་ལ།
- རྡོ་རྗེ།དེས་དུག་ལ་བཏང་གི་ཡོད་རེད་པཱ།
- བསོད་ནམས་ཆོས་འཕེལ།དེ་དུས་སྒང་ལ་བདེ་སྐྱིད་ཡོད་རེད།
- བསོད་ནམས་ཆོས་འཕེལ།བདེ་སྐྱིད་ཀྱི་་་་ཁོ་རང་ཚོའི་སྤྱིའི་ཡོའོ་ཀྲུང་ཤིང་ལ་འདི་འདུག་ག
- བསོད་ནམས་ཆོས་འཕེལ།དེ་འདུག་ག་དེ་དུས་སྒང་ལ་ག་རེ་ཟེར་དགོས་རས།
- བསོད་ནམས་ཆོས་འཕེལ།འོང་་་་དབྱི་ཏཱ་ལི་གི་ཨེམ་ཆི་ཨེ་འདྲ་༼དེ་འདྲ་༽འདུག
- རྡོ་རྗེ།འོང་་་་།
- ཁགནོངས་སོ།
- བསོད་ནམས་ཆོས་འཕེལ།དེ་ཚོས་བདེ་སྐྱིད་ངོ་ཤེས་ཀྱི་འདུག་ག།
- རྡོ་རྗེ།འོང་་་འོང་།
- བསོད་ནམས་ཆོས་འཕེལ།འོང་ཕྱི་རྒྱལ་གྱི་་་་་འོང་འདི་ཨེམ་ཆི་ཁྲིད་བྱས་ང་ཙར་བརྟག་དཔྱད་བྱེད་གག་སླེབས་སོང་།
- རྡོ་རྗེ་དང་ཁའོང་་་་འོང་།
- བསོད་ནམས་ཆོས་འཕེལ།སྤོབོ་སླེབས་པ་ད་ག་ལམ་སེང་ཧ་གོ་སོང་ང་།
- བསོད་ནམས་ཆོས་འཕེལ།ཡ་གི་བུའུ་དོའོ་དངས་ཡིན་པ།
- རྡོ་རྗེ།འོང་འོང་།
- ཁཧ་ལས།
- བསོད་ནམས་ཆོས་འཕེལ།དེ་གང་འདྲས་བྱས་པ་རས༼རེད༽།
- བསོད་ནམས་ཆོས་འཕེལ།ཁྱེད་རང་ཚོ་བུའུ་དོའོ་དངས་ཨེ་འདྲས་༼དེ་འདྲ་༽བླུགས་གང་འདྲས་་་་གང་འདྲས།
- བསོད་ནམས་ཆོས་འཕེལ།དེ་དང་ཉོག་པིང་རེད་པ་ཟེར་སྐད་ཆ་བཤད་སོང་ཁོང་ཚོར།
- ཁཨ་ཙི།
- རྡོ་རྗེ།འོང་་་འོང་།
- བསོད་ནམས་ཆོས་འཕེལ།ཨ་ནི་གཞུག་གུ་༼རྗེས་ལ་༽དེ་ད་ཁོང་ཚོ་སྤྱད་པན་བྱེད་དགོས་རེད་པཱ།
- བསོད་ནམས་ཆོས་འཕེལ།གཅིག་གཅིག་གིས་སྤྱད་་་་་་་་སྤྱད་དགོས་རེད་པཱ།
- རྡོ་རྗེ།འོང་་་་རེད་རེད།
- བསོད་ནམས་ཆོས་འཕེལ།དེ་དུས་སྒང་ལ་འོང་་་འོང་དེས་གནས་ཚུལ་འདི་བྱུང་སོང་ང་།
- རྡོ་རྗེ་དང་ཁཧ་་་་་་ལས།
- བསོད་ནམས་ཆོས་འཕེལ།གཅིག་གིས་གཅིག་ལ་མ་མངགས་པ་བྱས།
- རྡོ་རྗེ་དང་ཁའོང་་་འོང་།
- རྡོ་རྗེ་དང་ཁཨ་ནི་ཨེམ་ཆི་གིས་ཧུ་ཧྲིར་ག་རེ་ཟེར་དགོས་རས་༼རེད་དམ་༽ནད་གཡོག་གིས་ཕལ་ཆེར་དེ་རེད་བསམས་བྱས།
- རྡོ་རྗེ།དེ་རེད་་་་་་
- བསོད་ནམས་ཆོས་འཕེལ།དེའི་ནང་ལ་སྨན་དེ་བརྒྱབ་ཡ་གིར་བཏང་བྱས་བཞག་རེད་་་་་
- རྡོ་རྗེ།ད་ལས་རེས་བྱེད་མཁན་གྱིས་སྐོར་་་་་
- ཁངོ་སྤྲོད་ཡག་པོ་བྱས་ཡོད་མ་རེད།
- རྡོ་རྗེ།ངོ་སྤྲོད་ཡག་པོ་བྱས་ཡོད་མ་རེད།
- བསོད་ནམས་ཆོས་འཕེལ།འོང་འདི་རེད་བཞག
- ཁའོང་འདི་རེད། གཙོ་བོ་ངོ་སྤྲོད་ཡག་པོ་བྱས་ཙང་རེད།
- བསོད་ནམས་ཆོས་འཕེལ།ད་གཙོ་བོ་ཁོ་སོ་སོའི་ལས་ཀར་འགན་མ་ཁྱེར་པ་རེད་པཱ།
- རྡོ་རྗེ་དང་ཁའོང་་་་་རེད་རེད་རེད།
- ཁརྐང་རེ་འདེ་དེ་རེད།
- རྡོ་རྗེ།ད་ཧོལ་རྒྱུགས་ཡོད་རེད་དཱ།
- རྡོ་རྗེ།ང་རང་ཚོའོ་དེ་བག་ལ་ཡར་་་་་་
- བསོད་ནམས་ཆོས་འཕེལ།མ་རེད་ད།
- བསོད་ནམས་ཆོས་འཕེལ།དེ་དུས་སྒང་ལ་མིན་ད་དེ་འདྲས་ཉི་མ་གཉིས་ཙམ་བླུགས་པ་འདྲ།
- བསོད་ནམས་ཆོས་འཕེལ།ཕལ་ཆེར་སྨན་འདི།
- རྡོ་རྗེ།ཨ་པོ་ལོ།
- ཁགནོངས་སོ།
- བསོད་ནམས་ཆོས་འཕེལ།ད་མི་ཁ་ཞེ་པོ་ཅིག་སྐམ་ཡོང་གིས་ཁྱད་ཚར་གང་འདྲས་ཡིན་ན།
- ཁཙོ་་་་ཙོ་་་ཙོ།
- བསོད་ནམས་ཆོས་འཕེལ།ད་དངོས་གནས་བྱས་ན་མི་དེ་ཆུ་དེ་བླུགས་པའི་གཞུག་གུ་ལ་ན་ཚ་ཁོ་ཡངས་རུ་འགྲོ་དགོས་རེད་པཱ།
- རྡོ་རྗེ།རེད་་་་་རེད་་་རེད།
- བསོད་ནམས་ཆོས་འཕེལ།དྲག་རུ་འགྲོ་དགོས་རེད་པཱ།
- བསོད་ནམས་ཆོས་འཕེལ།ད་མིན་འདི་བླུགས་པ་ད་ག་སྡུག་རུ་འགྲོ་མཁན་རེ་ཅིག
- རྡོ་རྗེ།སྡུག་རུ་འགྲོ་གི་རེད་འོང་།
- རྡོ་རྗེ།འོང་ད་ཡིན་དགོས་བྱུང་།
- རྡོ་རྗེ།མངར་མོའི་རིགས་་་་་
- བསོད་ནམས་ཆོས་འཕེལ།ཁྱད་མཚར་གང་རེ་ཡིན་ན་བསམ་བྱུང་།
- རྡོ་རྗེ།ཤན་༼ཤན་མ་གཏོགས་༽དེ་དགོས་ཡག་ཙར་ནས་ཡོད་མ་རེད།
- བསོད་ནམས་ཆོས་འཕེལ།འོང་།
- རྡོ་རྗེ།འདི་བླུགས་པ་ཡིན་ན་མི་སྡུར་རུ་འགྲོ་གི་རེད་མ་གཏོགས་དྲག་རུ་འགྲོ་ཡག་ཁྱོན་ནས་་ཡོད་མ་རེད།
- བསོད་ནམས་ཆོས་འཕེལ།འོ་༼འོང་༽ད་གཞུག་གུར་གནས་ཚུལ་འདི་ཧ་གོ་པ་རེད་པཱ།
- བསོད་ནམས་ཆོས་འཕེལ།དེ་ནས་སྨན་འདི་བརྗེ་པོ་བརྒྱབ་པ་རེད།
- བསོད་ནམས་ཆོས་འཕེལ།བརྗེ་པོ་བརྒྱབ་དུས་སང་ཉིན་བྱས་གནང་ཉིན་ཁར་གཟུགས་པོ་ཡང་བསིལ་བསིལ་ཆགས་སོང་།
- རྡོ་རྗེ།འ་ཙི་་་འ་ཙི།
- རྡོ་རྗེ།བྱས་ཙང་གཙོ་བོ་འདི་རེད།
- བསོད་ནམས་ཆོས་འཕེལ།དེ་བླུགས་པ་ད་ག་ལམ་སེང་གཅིན་པ་བཏང་གག་འགྲོ་དགོས་འདུག་ག
- བསོད་ནམས་ཆོས་འཕེལ།གཞན་དེ་སྔན་ལ་༼སྔོན་ལ་༽ང་གཅིན་པ་བཏང་དུས་སྒང་ནས་སྡོན་ཐག་ཨེ་འདྲས་གསུམ་གཉིས་གསུམ་རེད།
- ཁགནོངས་སོ།
- བསོད་ནམས་ཆོས་འཕེལ།གཞུག་གུར་སྨན་ཁང་ལ་བསྡད་ནས་མིའི་དྲག་རུ་འགྲོ་ཡག་ཕར་བཞག
- བསོད་ནམས་ཆོས་འཕེལ།སྡུག་རུ་ཕྱིན་བྱས་མིའི་སྡོམ་རྟགས་བཞི་དེ་བར་ལ་་་་་།
- རྡོ་རྗེ་དང་ཁའོང་་་་ཡག་ཅོ་ཨ།
- བསོད་ནམས་ཆོས་འཕེལ།སྡོམ་རྟགས་ལ་སི་ཧཱ་ཅ་ཧཱ་ལབ་ཀྱི་འདུག་ག།
- བསོད་ནམས་ཆོས་འཕེལ།སྡོན་རྟགས་བཞི།
- རྡོ་རྗེ།འོང་་་་འོང་།
- ཁགནོངས་སོ།
- བསོད་ནམས་ཆོས་འཕེལ།འོང་འདི་ལབ་ཀྱིས་འདི་ལབ་དུས་སྒང་ནས་ལྗིད་པོ་ཞེ་དྲག་རེད།
- ཁའོང་་་་་ལས།
- བསོད་ནམས་ཆོས་འཕེལ།ཨེམ་ཆི་ཁོ་རང་ཚོས་ཁྱད་ཚར་གང་འདྲས་ཡིན་ན།
- བསོད་ནམས་ཆོས་འཕེལ།ད་གཙོ་བོ་ཁོ་ནད་གཡོག་དང་ཨེམ་ཆི་༼སྨན་པ་༽ལོག་དགར་རེད་པཱ།
- རྡོ་རྗེ་དང་ཁའོང་རེད་་་་འོང་རེད།
- བསོད་ནམས་ཆོས་འཕེལ།ཨེམ་ཆི་ཨེམ་ཆི་ལྟ་མཁན་བྱས།
- བསོད་ནམས་ཆོས་འཕེལ།ནད་གཡོག་ནད་གཡོག་སྨན་བླུག་མཁན་བྱས།
- ཁའོར་རེད་་་་རེད།
- བསོད་ནམས་ཆོས་འཕེལ།ཨེམ་ཆིས་སྨན་འདི་བླུག་དགོས་རེད་ཟེར་ནད་གཡོག་འདུག་ཟེར་སྤྲད།
- བསོད་ནམས་ཆོས་འཕེལ།ཧུ་ཧྲེ་ལ་སྤྲད།
- བསོད་ནམས་ཆོས་འཕེལ།ཧུ་ཧྲེ་གིས་སྨན་ཁོ་དེ་བྱས།
- བསོད་ནམས་ཆོས་འཕེལ།འོང་འདུག་ཟེར་གནས་ཚུལ་ཨེ་འདྲས་༼དེ་འདྲ་༽ཤིག་བྱུང་པ་རེད།
- རྡོ་རྗེ།འོང་་་་ལས། ད་དེ་ནས།
- བསོད་ནམས་ཆོས་འཕེལ།དེ་ནས་སྨན་ཁོ་ཅིག་༼ཞིག་༽བརྗེས་བླུགས་ཡག་ཁོ་ཅིག་༼ཞིག་༽བརྗེས་པ་རེད་པཱ།
- བསོད་ནམས་ཆོས་འཕེལ།ལམ་སེང་དྲག་རུ་ཕྱིན་སོང་།
- རྡོ་རྗེ།འོ་ཙི།
- ཁའོང་་་་སྟབས་ཡག
- རྡོ་རྗེ།ཨ་༼ཨ་ནི་༽ག་ཚད་ཙ་༼ག་ཚོད་ཙམ་༽བཞུགས་པཱ།
- བསོད་ནམས་ཆོས་འཕེལ།ཉི་མ་ཉི་ཤུ་ལྷག་ཙ་༼ཙམ་༽
- བསོད་ནམས་ཆོས་འཕེལ།ཟླ་བ་གཅིག་མན་༼མིན་༽ཙ་༼ཙམ་༽བསྡད་པ་ཡིན། ཟླ་བ་གཅིག་མན་༼མིན་༽ཙ་༼ཙམ་༽གཅིག།
- རྡོ་རྗེ།ཨ་་་་འོང་།
- བསོད་ནམས་ཆོས་འཕེལ།ཨ་ནི་གཞུག་གུ་༼རྗེས་ལ་༽དེ་བར་ལ་དོན་ཡོང་དུས་དཀར་པོ་དང་རྒྱགས་པ་རེ་ཞིག་ཆགས་བཞག།
- བསོད་ནམས་ཆོས་འཕེལ།ཧ་་་་ཧ་་་ཧ་་་ཧ།
- རྡོ་རྗེ།ཨོ་ཙམ་རེད་ཞེ་དྲག་༼མང་པོ་༽རང་བཞུགས་དགོས་བྱས་ཡོད་མ་རེད།
- ཁཞེ་དྲག་༼མང་པོ་༽རང་བཞུགས་དགོས་བྱས་ཡོད་མ་རེད།
- རྡོ་རྗེ།དེ་ནས་འདི་སྨན་དེ་གཅིག་གོ་དེ་ག་རེ་ཟག་༼ཟེར་༽དེ་མངར་མོ་་་་
- ཁབུའུ་དོའོ་ཐང་ཟེར་ག་རེ་ཟེར།
- རྡོ་རྗེ།འོང་དེ་མངར་མོ་དེ་བླུག་ཡག་དེ་རྒྱུན་རིང་པོ་བླུག་ན་ཕལ་ཆེར་
- རྡོ་རྗེ།ད་གས་ཚད་ཀྱི་ཡོད་རྒྱུ་མ་རེད།
- བསོད་ནམས་ཆོས་འཕེལ།རེད་ད་རེད་ད།
- རྡོ་རྗེ།རེད་པ་ཡང་།
- བསོད་ནམས་ཆོས་འཕེལ།དེ་ཡོད་པ་སྔན་མ་༼སྔོན་མ་༽ང་ཚོ་ག་རེ་ཟེར་དགོས་རེད་འདི།
- བསོད་ནམས་ཆོས་འཕེལ།རྒྱང་བསྒྲགས་ལས་ཁུངས་ཀྱི་འདི་ཐུབ་བསྟན་ཚུལ་ཁྲིམས།
- བསོད་ནམས་ཆོས་འཕེལ།ཐུབ་བསྟན་ཚུལ་ཁྲིམས།
- རྡོ་རྗེ།འོང་། ཡོད་པ་་་་་ཡོད་པ།
- བསོད་ནམས་ཆོས་འཕེལ།འོང་་་་་ཐུབ་བསྟན་ལགས་ཟེར་ཡག་ཅིག་ཡོད་པཱ།
- ཁའོང་ཡོད་ཡོད།
- བསོད་ནམས་ཆོས་འཕེལ།འོང་་་མི་གཟུགས་པོ་རིང་པོ་སྟེར་བཟོ་ཚ་པོ་རེ་ཞིག
- ཁརེད་་་་རེད།
- བསོད་ནམས་ཆོས་འཕེལ།སྤོ་བོ་ཨེ་འདྲས་༼དེ་འདྲ་༽བྱས་པ་རེད།
- བསོད་ནམས་ཆོས་འཕེལ།སྔན་ལ་༼སྔོན་ལ་༽སྨན་རྩིས་ཁང་ལ་བསྡད་འདུག་ག།
- བསོད་ནམས་ཆོས་འཕེལ།སྨན་རྩིས་ཁང་ལ་བསྡད་དུས་སྒང་ནས་ན་ཚ་ཁོ་རྩད་གཅིག་ཡའི་མ་ཆོད་པ་བྱས།
- བསོད་ནམས་ཆོས་འཕེལ།སྤོ་བོ་སྔན་ལ་༼སྔོན་ལ་༽འདུག་ཟེར་ཕྱིན་པ་རེད་ཟག༼ཟེར་གྱི་འདུག༽
- བསོད་ནམས་ཆོས་འཕེལ།མི་སོ་སོ་ཡ་གིར་ཅིག་༼ཞིག༽ཟ་ཆས་དེ་གྱས་༼དེ་ཚོ་༽འགྱོན་ཅིག་ཁྱེར་ཕྱིན་པ་འདྲ་འདུག་ག།
- རྡོ་རྗེ་དང་ཁཨ་་་ལས།
- བསོད་ནམས་ཆོས་འཕེལ།གཞུག་གུར་སྨན་ཁང་ལ་ཡ་གིར་སླེབས།
- བསོད་ནམས་ཆོས་འཕེལ།སྨན་རྩིས་ཁང་ནས་མི་ན་ཚ་ཁོ་ཡིན་པ་རྩད་མ་ཆོད་པ་བྱས།
- ཁའོ་་་ཡ།
- བསོད་ནམས་ཆོས་འཕེལ།སྨན་གཞན་དག་སྤྲད་གིན་བསྡད།
- རྡོ་རྗེ་དང་ཁའོ་ཙི་ལ།
- བསོད་ནམས་ཆོས་འཕེལ།ཨ་ནི་བྱས་བུའུ་དོའོ་ཐང་བུའུ་དོའོ་ཐང་རང་བླུག་གིན་བསྡད།
- རྡོ་རྗེ།འོང་་་་ཡག་ཅོ་ཨ།
- རྡོ་རྗེ།སྨན་རྩིས་ཁང་ནས་ཨ་ནི་དེ་ང་རང་ཚོའི་འདི།
- རྡོ་རྗེ།ཨེ་་་་་ད་ལྟའི་དེ་ན་ཚ་དེ་ལ་ག་རེ་ག་རེ་ཟེར་གྱི་ཡོད་ན་བོད་་་་་བོད་ཡིག།
- བསོད་ནམས་ཆོས་འཕེལ།ཅི་ནི་་་་་ཅི་ནིའི་ན་ཚ་ཟེར་གྱིས།
- རྡོ་རྗེ།ཅི་ནི་ན་ཚ་ལ།
- བསོད་ནམས་ཆོས་འཕེལ།འོང་།
- ཁའོང་་་་་མངར་སྐྱུར་གྱི་ན་ཚ་ཟེར་གྱི་འདུག་ག།
- བསོད་ནམས་ཆོས་འཕེལ།མངར་སྐྱུར་གྱི་ན་ཚ་ཡང་ཟེར་གྱིས།
- རྡོ་རྗེ།མངར་སྐྱུར་གྱི་ན་ཚ།
- ཁདགོང་དག་གི་དེའི།
- བསོད་ནམས་ཆོས་འཕེལ།དབྱངས་སྐྱིད་ཀྱི།
- ཁཏན་ཧྲེ་ནང་ལོགས་ཀྱི་བརྡ་ཁྱབ་ཀྱི་དེའི་ནང་ལོགས་ལ་དེ་བཤད་ཀྱི་འདུག་ག།
- ཁསྨན་གྱི་མིང་རེ་པོ་དེ་གྱད་ཉན་དུས་ཙམ་པར།
- རྡོ་རྗེ།ད་དེང་སང་་་་
- ཁ་་་་མངར་སྐྱུར་གྱི་ན་ཚ་ཟེར་བྱས།
- རྡོ་རྗེ།དེ་དངོས་གསལ་དོད་པོ་རེད།
- རྡོ་རྗེ།ང་ཚོ་སྔན་མར་༼སྔོན་མར་༽གྱི་དེ་་་དེ་སྨན་རྩིས་ཁང་གི་དེ་ནང་ལ་སྨན་གཞུང་ནང་ལོགས་ལ་དེ་འདྲས་ཀྱི་དེའི་མིང་་རེ་ཅིག་ཁོ་ཐ་སྙད་རྟགས་ཚུལ་རེ་ཅིག་ག་རེ་ཡོད་ན།
- རྡོ་རྗེ།ད་ང་ཚོས་ཞེ་དྲག་ན་མྱོང་མེད་ཙང་ཞེ་དྲག་ཧ་ཟེར་གོ་གི་མི་འདུག་ག།
- ཁའོང་་་་རེད་རེད།
- རྡོ་རྗེ།སྐད་ཆ་འདྲི་ས་ཟེར་ཞེ་དྲག་ཡོད་མ་རེད་པཱ།
- ཁའོང་རེད།
- བསོད་ནམས་ཆོས་འཕེལ།སྔན་༼སྔོན་༽མ་གོ་མྱོང་ཡོད་མ་རེད་ད།
- རྡོ་རྗེ།ཡོའོ་༼ཡོད་༽མ་རེད། ང་ནི་གོ་མྱོང་མེད།
- ཁགོ་མྱོང་རེད།
- བསོད་ནམས་ཆོས་འཕེལ།མ་རེད། ན་ཚ་ཉུང་ཉུང་ཡིན་པ་འདྲ། དེ་དུས་སྒང་ནས།
- རྡོ་རྗེ།རེད། ཡིན་པ་འདྲ།
- བསོད་ནམས་ཆོས་འཕེལ།ཁོ་སྤགས་དང་འདི་ཟ་གི་བསྡད་པ་རེད་པ་ཤ་སྐམ་པོ།
- རྡོ་རྗེ།ལྷག་པར་དུ་བོད་རིགས་ལ་དེ་མྱུང་མྱུང་རེད་ཟེར་གྱི་འདུག་ག
- ཁཉུང་ཉུང་།
- བསོད་ནམས་ཆོས་འཕེལ།འབྲོག་པའི་ས་ཁུལ་ལ་གཅིག་ཡའི་༼ཀྱང་༽ཡོད་མ་རེད།
- བསོད་ནམས་ཆོས་འཕེལ།འབྲོག་ཁུལ་ལ་གཅིག་ཡའི་ཡོད་མ་རེད་ཟག༼ཟེར་གྱི་འདུག༽
- ཁཡོད་གྱི་་མ་རེད་འདི།
- རྡོ་རྗེ།ཨོའོ་་་་ཡིན་གྱི་རེད།
- བསོད་ནམས་ཆོས་འཕེལ།ཞིང་ཁུལ་ལ་ཡང་ཡོད་མ་རེད་ཟག༼ཟེར་གྱི་འདུག༽ཞེ་དྲག།
- ཁརེད་ལ།
- བསོད་ནམས་ཆོས་འཕེལ།ཁོ་རྩམ་པ་ཁོ་ར་ཟ་གི་བསྡད་པ་རེད་པཱ།
- རྡོ་རྗེ།རེད་རེད།
- བསོད་ནམས་ཆོས་འཕེལ།འོང་འདིས།
- ཁཨ་ནི་ཚག་ཤ་ལུག་ཤ།
- བསོད་ནམས་ཆོས་འཕེལ།འོང་། ལུག་ཤ་བཟས་པ་རེད་པཱ།
- རྡོ་རྗེ།བྱས་ཙང་རྩམ་པ་གཅིག་པོ་ཡིན་ནའི་ཁྱད་ཆོས།
- བསོད་ནམས་ཆོས་འཕེལ།ལྷག་པར་དུ་དེ་བཟས་པ་རེད་པཱ།
- ཁརེད།
- བསོད་ནམས་ཆོས་འཕེལ།དེས་ཕན་གྱི་ཡོད་རེད་ཟག༼ཟེར་གྱི་འདུག༽ང་རང་ཚོའི་ཤ་ག་རེ་ཟག་༼ཟེར་གྱི་འདུག༽དེ་ཤ་བཙབ་བྱས་ཟ་ཡག་དེ་ག་རེ་ཟག༼ཟེར་གྱི་འདུག༽
- རྡོ་རྗེ།ཤ་ཆེན།
- བསོད་ནམས་ཆོས་འཕེལ།ཤ་ཆེན་་་འོང་དེས་ཞེ་པོ་ཅིག་ཕན་གྱི་ཡོད་རེད་ཟག
- རྡོ་རྗེ།ཤ་ཆེན། འོང་འོང་།
- བསོད་ནམས་ཆོས་འཕེལ།ང་ནི་ཤ་ཆེན་ལ་སྐྱུག་མེར་ལངས་ཀྱིས།
- བསོད་ནམས་ཆོས་འཕེལ།འདི་གཅིག་ཡའི་༼གཅིག་ཀྱང་༽ཟ་ཐུབ་ཀྱི་མི་འདུག།
- རྡོ་རྗེ།རེད་རེད།
- ཁསྟོན་ཁ་ཤ་ཆེན་མཆོད་ན་ཡག་པོ་རེ་ཞིག་ཡོའོ་༼ཡོད༽་རེད།
- བསོད་ནམས་ཆོས་འཕེལ།གནོངས།
- རྡོ་རྗེ།འོང་རེད།
- རྡོ་རྗེ།ད་པཱ་ལགས་སྐུ་གཟུགས་གང་འདྲས་༼གང་འདྲ་༽འདུག།
- ཁད་ང་ད་སྣང་དག་རང་མེད་ད།
- རྡོ་རྗེ།གནོངས་ལ།
- བསོད་ནམས་ཆོས་འཕེལ།སྐུ་གཟུགས་སྣང་དག་ཡོད་མ་རེད།
- ཁད་ད་ལྟ་ཡང་སྨན་ཁང་ལ་འགྲོ་མྱོང་མེད།
- རྡོ་རྗེ།ཨ་་་་་།
- བསོད་ནམས་ཆོས་འཕེལ།ཧ་་ཧ་་་ཧ།
- ཁད་གཙོ་བོ་རེ་དེ་་་་
- རྡོ་རྗེ།ད་པཱ་ལགས་ད་གཅིག་ཡའི་༼གཅིག་ཀྱང་༽གཞུག་མྱོང་མེད།
- རྡོ་རྗེ།ངས་ཡང་༼ཀྱང་༽ཧ་གོ་གི་ཡོད།
- ཁད་ཡིན་ནའི་ཁོ་ལོ་རེ་འདི་ཡར་སླེབས་དུས་ད་ལྟ་ཁྱེད་རང་གིས་གསུངས་སོང་།
- ཁཔས་མོ་༼པུས་མོ་༽དེ་གཉིས་ཏིག་ཙ་༼ཏོག་ཙམ་༽ན་གི་འདུག་ག།
- རྡོ་རྗེ།འོང་་་་རེད་རེད། ད་དེ་འོང་་་
- ཁད་དེ་རྒད་ནད་རང་རེད་བསམ་གྱིས།
- རྡོ་རྗེ།རེད་རེད།
- བསོད་ནམས་ཆོས་འཕེལ།རྒད་ནད་རེད། རྒད་ནད་རེད།
- བསོད་ནམས་ཆོས་འཕེལ།ལྕིག་ཤིང་ཁོ་རྫོགས་འགྲོ་གི་ཡོའོ་༼ཡོད་རེད།
- རྡོ་རྗེ།ཞེ་དྲག་༼མང་པོ་༽སྙུང་གི་ཨ་ཡོད།
- ཁཞེ་དྲག་༼མང་པོ་༽རང་ན་གི་མི་འདུག།
- ཁཨོའོ་ཙད༼ཨོའོ་ཙམ༽།
- རྡོ་རྗེ།གནོངས་སོ།
- ཁད་ཏིག་ཙ་༼ཏོག་ཙམ་༽མང་དྲག་ཞིང་ན་་་ན་གི་འདུག་ག་ཡང་།
- ཁད་འཚམ་པོ་རེ་ཞིག་ཡིན་ན་སོ་སོའི།
- རྡོ་རྗེ།ལ་རེད་རེད།
- ཁ།འཐུང་ཚོད་པགས་ཚོད་རེ་ཅིག་བྱས་ཞིང་ཨ་ནི་ཏག་ཏག་རེད་བཞག།
- རྡོ་རྗེ།ཞབས་སྐོར་ལ་ཡང་སེ་ཕེབས་ཀྱི་ཡོད་རེད་པཱ།
- རྡོ་རྗེ།སྣང་དག་ཡོད་མ་རེད།
- རྡོ་རྗེ།དེར་ཡར་འགུལ་སྐྱོད་ཡང་སེ་བྱེད་དགོས་རེད་ཟེར་གྱཻས།
- བསོད་ནམས་ཆོས་འཕེལ།འོང་། ད་ལྟ་དེ་ཡོད་པཱ་ཐུབ་བསྟན་ལགས།
- བསོད་ནམས་ཆོས་འཕེལ།བྱས་ཙང་སྨན་རྩིས་ཁང་ལ་བཞུགས།
- བསོད་ནམས་ཆོས་འཕེལ།སྨན་རྩིས་ཁང་ནས་ན་ཚ་དེ་ཡིན་མེད་ཧ་མ་གོ་པ་བྱས།
- བསོད་ནམས་ཆོས་འཕེལ།བུའུ་དོའོ་ཐང་རྟག་པར་བླུགས་ཀྱི་བསྡད།
- བསོད་ནམས་ཆོས་འཕེལ།གཞུག་གུར་༼རྗེས་ལ་༽སྤོའོ་སྨན་ཁང་ནས་མར་འདོན་གྱི་ཡིན་ཟེར་ལབ་པ་རེད་ཟག༼ཟེར་གྱི་འདུག༽
- རྡོ་རྗེ།འོ་་་་ཙི།
- བསོད་ནམས་ཆོས་འཕེལ།དེ་ནས་མར་འདོན་ན་མ་གཏོགས་ཡོང་ང་མི་འདུག་ཟེར།
- རྡོ་རྗེ།འོ་ཙི་་་་འོ་ཙི།
- ཁའོང་།
- བསོད་ནམས་ཆོས་འཕེལ།གཞུག་གུར་སྨན་རྩིས་་་འདོན་ཡོང་དུས།
- བསོད་ནམས་ཆོས་འཕེལ།ཀྲུའུ་ཡོན་པུའུ་ནས་མར་འདོན་ཡོང་དུས་ཙམ་སྒང་ལ་མི་གཉིས་ཀྱིས་སྐྱོར་བྱས་ཡོང་རྒྱུ་རེད་ཟག༼ཟེར་གྱི་འདུག༽
- རྡོ་རྗེ་དང་ཁའོ་་་་ཙི།
- རྡོ་རྗེ།སྨན་ཁང་ལ་ཡར་འགྲོ་དུས།
- ཁཁ་ཐུག་ལ་ཕྱིན།
- རྡོ་རྗེ།ཁ་ཐུག་ལ་ཕྱིན།
- ཁའོང་།
- རྡོ་རྗེ།མར་ཡོང་དུས་སྐྱོར་བྱས་ཡོང་། ད་ད་ག་རེད་པོ།
- བསོད་ནམས་ཆོས་འཕེལ།ད་དེ་ཤག་བྱས་ཙང་ན་ཚ་གཙད་མ་ཆོད་ན་སྐྱོན་དེ་ཡོད་རེད།
- ཁའོང་ད་དེ་རེད།
- བསོད་ནམས་ཆོས་འཕེལ།གཞུག་གུར་ལམ་སང་༼ལམ་སེང་༽ཚུར་ཡོང་བྱས།
- བསོད་ནམས་ཆོས་འཕེལ།སྤོ་བོ་མི་དམངས་སྨན་ཁང་ལ་ཕྱིན་འདུག་ག།
- རྡོ་རྗེ།འོང་།
- བསོད་ནམས་ཆོས་འཕེལ།མི་དམངས་སྨན་ཁང་ནས་ལམ་སང་༼ལམ་སེང་༽ཞོལ་ཐང་ཧོའོ་་་
- བསོད་ནམས་ཆོས་འཕེལ།ལམ་སེང་ཞོལ་ཐང་དེ་བྱས་བྱས།
- རྡོ་རྗེ།འོ་་་འོ།
- བསོད་ནམས་ཆོས་འཕེལ།ཧ་གོ་འདུག་ག་ན་ཚ་དེ་ཡིན་པ།
- རྡོ་རྗེ།འོང་་་འོང་་་་་ཙ་་་་་་་ཙ།
- བསོད་ནམས་ཆོས་འཕེལ།ཨ་་་ལམ་སང་༼ལམ་སེང་༽ཁབ་བརྒྱབ་དེ་བྱས་བྱས།
- བསོད་ནམས་ཆོས་འཕེལ།ཟླ་བ་གཅིག་ཙམ་བསྡད།
- བསོད་ནམས་ཆོས་འཕེལ།ཨ་ནི་ལམ་སང་༼ལམ་སེང་༽བསིལ་བསང་བསང་ལ་ཕྱིན་སོང་ཟག༼ཟེར་གྱི་འདུག༽
- ཁའོང་་་་་སྟབས་ཡག་པ་རེད།
- བསོད་ནམས་ཆོས་འཕེལ།དེ་ཤག་༼དེང་སང་༽མ་གཞི་ན་ཚ་ད་ག་འདུག།
- བསོད་ནམས་ཆོས་འཕེལ།འདུག་དའི་༼ཡིན་ནའང་༽ལས་ད་ཞེ་དྲག་༼མང་པོ་༽དྲག་རུ་ཕྱིན་བཞག
- ཁལོག་་་ལོག
- རྡོ་རྗེ།ད་་་་་ན་ཚ་དེ་འདྲས་ད།
- རྡོ་རྗེ།ན་ཚ་འདི་འོ་ན་ད་ལྟ་བོད་ལ་ཏིག་ཙ་༼ཏོག་ཙམ་༽ཡག་ག།
- རྡོ་རྗེ།རྒྱ་ནག་ལ་ཕྱིན་ཞིང་ཏིག་ཙ་༼ཏོག་ཙམ་༽སྡུག་ག་དུ་དུང་།
- རྡོ་རྗེ།ཧ་ལས།
- རྡོ་རྗེ།ས་ཆ་དམའ་རེ་ཅིག་གིས་་་་་
- རྡོ་རྗེ།རྒྱ་ནག་ལ་མ་རེད་ད་དེ་གཅིག་འདུག་ག།
- རྡོ་རྗེ།ཚལ་དང་གང་ག་ཟ་ཁང་ད་ཟ་ཁང་ནང་ལ་ཁ་ལག་ཟ་གག་༼གར་༽འགྲོ་དགོས་རེད་པཱ།
- རྡོ་རྗེ།འོང་རེད།
- བསོད་ནམས་ཆོས་འཕེལ།ཚལ་ནང་ལ་གང་ག་དེ་བླུགས་ཀྱི་འདུག་ག།
- བསོད་ནམས་ཆོས་འཕེལ།ཅི་ནི་བླུགས་བྱས་རྔོས་དགོས་ཀྱི་འདུག་ག།
- བསོད་ནམས་ཆོས་འཕེལ།ཁོང་ཚོ་་་་དེའི་མདོག་སྟོན་ཡག་གི་དོན་དག་ལ།
- རྡོ་རྗེ།འོང་རེད།
- རྡོ་རྗེ།འོང་དེས་ཚལ་ག་རེ་བཟས་ནའི་ད་ག་རེད་བཞག།
- རྡོ་རྗེ།ཨ་ལད། འོང་་་་འོང་།
- བསོད་ནམས་ཆོས་འཕེལ།ད་ཁྱོན་ནི་་་་་་་མངར་མོ།
- ཁད་བྱས་ན་འདི་ཁ་རླུང་འདང་མི་འདང་གི་གནས་ཚུལ་ག་གའི་ཡང་མ་རེད་པཱ།
- བསོད་ནམས་ཆོས་འཕེལ།ཁ་རླུང་གིས་སྐྱོན་ག་གའི་ཡང་མ་རེད།
- རྡོ་རྗེ།ད་ཁ་ལག་རང་གིས་་་་་
- བསོད་ནམས་ཆོས་འཕེལ།ད་ལྟ་ལྷག་པར་དུ་ཕག་ཤ་བཟས་པ་རེད་པ་ན་ཚ་དེ་ལས་མང་བ་ད།
- རྡོ་རྗེ་དང་ཁཨོའོ་་་་་།
- བསོད་ནམས་ཆོས་འཕེལ།ངའི་ད་ག་བྱེད་ཀྱིས།
- བསོད་ནམས་ཆོས་འཕེལ།ཕག་ཤ་དེ་མང་པོ་བཟས་པ་རེད་པཱ།
- བསོད་ནམས་ཆོས་འཕེལ།ལམ་སང་༼ལམ་སེང་༽ཁྲག་འདི།
- བསོད་ནམས་ཆོས་འཕེལ།འོང་ག་རེ་ཟག་མངར་མོ་དེ་མཐོ་རུ་འགྲོ་གིས།
- རྡོ་རྗེ་དང་ཁཨོའོ་་་་འོང་་་འོང་།
- བསོད་ནམས་ཆོས་འཕེལ།འོང་། དེ་སྐྱོན་འདུག
- རྡོ་རྗེ།བྱས་ན་ཚག་ཤ་རང་རེད།
- བསོད་ནམས་ཆོས་འཕེལ།ཚག་ཤ། ལུག་ཤ་ཡག་པོ་མི་འདུག།
- རྡོ་རྗེ།མང་པོ་་་་་
- བསོད་ནམས་ཆོས་འཕེལ།ཚག་ཤ་རང་རེད་བཞག
- རྡོ་རྗེ།འོངད་འདི
- བསོད་ནམས་ཆོས་འཕེལ།ལུག་ཤ་ཡང་དྲོད་ཆེན་པོ་འདུག་ག་དྲོད།
- རྡོ་རྗེ་དང་ཁའོང་་་འོང་།
- རྡོ་རྗེ།ཤན་༼ཤན་མ་གཏོགས༽ཡང་ང་ཚོས་མགོ་ཚོད་ལ་མ་ཚོད་ལ་ཕག་ཤ་དེ་ཟ་གག་བྱེད་ཀྱི་རེད་ད།
- རྡོ་རྗེ།མང་པོ་ཟ་གི་རེད་ད་ཡང་།
- ཁབྱས་ཙང་ང་ཚོའི་པུ་གུ་དེ་ཚོས་རྦད་དེ་ཡང་ཕག་ཤ་དགའ་བ་བྱེད་ཀྱི་འདུག་ག།
- ཁཕྱི་རྟེན་གྱི་པུ་གུ་དེ་ཚོས།
- རྡོ་རྗེ།བྱས་ཙང་མགོ་ཚོད་ལ་མ་ཚོད་ལ་བཟས།
- རྡོ་རྗེ།བཟས་ཚར་དུས་སྒང་ནས།
- རྡོ་རྗེ།ན་ཚ་སླེབས་ཚར་དུས་སྒང་ནས་ཕྱི་དྲག་པ་རེད་པཱ།
- ཁཕྱི་དྲག་པ་རེད།
- བསོད་ནམས་ཆོས་འཕེལ།ང་ན་ཚ་སླེབས་ཡག་ཨེ་འདྲས་བྱས་པ་རེད།
- བསོད་ནམས་ཆོས་འཕེལ།སྔན་མར་༼སྔོན་མ་ལ་༽ཧོའོ་ཅུས་དོན་ལ་བསྡད་དུས་སྒང་ནས།
- བསོད་ནམས་ཆོས་འཕེལ།དགོང་དག་ཏན་ཧྲེ་བལྟས་བསྡད།
- བསོད་ནམས་ཆོས་འཕེལ།ད་ཐ་མག་བཅད་པ་རེད་པཱ།
- རྡོ་རྗེ་དང་ཁའོང་རེད།
- བསོད་ནམས་ཆོས་འཕེལ།ཐ་མག་བཅད་ཙང་ལས་ཀ་བྱེད་ཡག་མི་འདུག་ག
- བསོད་ནམས་ཆོས་འཕེལ།བྱས་ཙང་དགོང་དག་རེ་བཞིན་བེའི་ཇུའུ་ཤེལ་དམ་དོ།
- བསོད་ནམས་ཆོས་འཕེལ།ཧོའོ་དུལ་་་་་དེ་ག་རེ་ཟག་༼ཟེར་གྱི་འདུག༽འོང་་་་་
- རྡོ་རྗེ།ཤ།
- བསོད་ནམས་ཆོས་འཕེལ།ཤ་་་་ཉ་རིལ་འདུག་ག
- རྡོ་རྗེ་དང་ཁའོང་་་འོང་།
- བསོད་ནམས་ཆོས་འཕེལ།ཕག་པའི་ཉ་རིལ་ཨེ་འདྲས་ཅིག་ཁྱེར། ཅེན་གོ་ཨེ་འདྲས་གཅིག།
- བསོད་ནམས་ཆོས་འཕེལ།འོང་དེ་སྒྲོག་ཙེའི་སྒང་ལ་བཞག།
- བསོད་ནམས་ཆོས་འཕེལ།དེ་བཏུབ་ཀྱིས་་བཏུབ་ཀྱིས་༼བཏུབ་གིན་བཏུབ་གིན་༽བེའི་ཇུའུ་འཐུང་གིས་འཐུང་གིས་༼འཐུང་གིན་འཐུང་གིན་༽།
- བསོད་ནམས་ཆོས་འཕེལ།འོང་དེ་རེད།
- རྡོ་རྗེ་དང་ཁའོང་ལ།
- བསོད་ནམས་ཆོས་འཕེལ།ཁོ་རང་ཚོས་ད་ག་ཉོས་ཡོང་གི་རེད། འོང་།
- རྡོ་རྗེ་དང་ཁའོང་།
- བསོད་ནམས་ཆོས་འཕེལ།སུག་མཐིལ།
- རྡོ་རྗེ་དང་ཁའོང་་་འོང་།
- བསོད་ནམས་ཆོས་འཕེལ།སུག་མཐིལ།
- བསོད་ནམས་ཆོས་འཕེལ།འོང་ད་ག་བྱས་ཉོས་ཡོང་གི་རེད།
- བསོད་ནམས་ཆོས་འཕེལ།པུ་གུ་ཚོས་ད་ག་རེད། ད་ག་རང་ཉོས་ཡོང་གི་རེད།
- བསོད་ནམས་ཆོས་འཕེལ།ད་པཱ་ལགས་ད་ག་རང་གཉེས་པོ་ཡོད་བཞག་རེད།
- རྡོ་རྗེ།ད་ག་རང་ཡིན་བཞག་་་་
- བསོད་ནམས་ཆོས་འཕེལ།ང་རའི་ད་ག་རང་རེད།
- བསོད་ནམས་ཆོས་འཕེལ།ཤ་ཁོ་བཟས་དང་མ་བཟས་བཟས། འོང་ན་ཚ་འདི་ན་པ་རེད།
- ཁད་ན་ཚ་ཤོག་ཨ་གསུང་གི་ཡོད་རེད།
- རྡོ་རྗེ།ད་འདྲ་པོ་རེ་ཞིག་བྱུང་།
- བསོད་ནམས་ཆོས་འཕེལ།ཨེ་ནི་བེའི་ཇུའུ་འཐུང་། འདུག་ཟེར་བྱས་དེ་སྒང་ལ་དེ་རེད་པཱ།
- རྡོ་རྗེ།རེད།
- བསོད་ནམས་ཆོས་འཕེལ།ན་པ་རེད་པ་ད།
- བསོད་ནམས་ཆོས་འཕེལ།ཕག་ཤ་རྦད་དེ་མངར་མོ་རེད་འདུག་ག
- རྡོ་རྗེ།ཕག་ཤ་མངར་མོ་རེད་ཟག༼ཟེར་གྱི་འདུག༽
- ཁའོང་ཟེར་གྱི་འདུག་ག་ཁོ།
- རྡོ་རྗེ།བྱས་ནའི་ཡའི་༼བྱས་ན་ཡང་༽དེ་ཤག་ཡའི་མི་བསོད་ནམས་ཆོས་འཕེལ་ལགས་ཞལ་མདངས་དེ་ཚོ་ཡག་པོ་ཞེ་པོ་ཅིག་འདུག་ག
- ཁསྣང་དག་མི་འདུག
- རྡོ་རྗེ།ད་ལྟ་ད་དྲག་པོ་འགའ་ཆེན་ཐད་༼ཐེག་༽པ་འདྲ།
- ཁསྐུ་ཤའི་འབྱོར་རོ་ཞེ་པོ་ཅིག་ཐད་༼ཐེག་༽བཞག
- བསོད་ནམས་ཆོས་འཕེལ།ད་དེ་རེད་ད། སྐོར་ར་དེའི་བཀའ་དྲིན་རེད།
- ཁརེད་བཞག་ཞབས་སྐོར་ལ་ཡང་ཡང་སེ་ཕེབས་ཐུབ་ཀྱི་འདུག་ག
- རྡོ་རྗེ།ཞེ་པོ་ཡག་པོ་ཐད་་་་་
- ཁགཙོ་བོ་དེ་རེད་བཞག སྐོར་ར་བརྒྱབ་ཡག་དེ།
- རྡོ་རྗེ།དེ་འགུལ་སྐྱོད་བྱེད་དགོས་རེད་ཟག༼ཟེར་གྱི་འདུག༽
- རྡོ་རྗེ།ད་ང་དང་བྱས་ན་ང་ལོ་ཏད་ཙ་༼ཏོག་ཙམ་༽ཆུང་གི་རེད་དའི།
- རྡོ་རྗེ།གང་ཤེས་འདིའི་པས་མོ་༼པུས་མོ༽ཙར་དེར་ཅིག་སླེབས་ཚར་བཞག།
- རྡོ་རྗེ།ན་ཐིང་ཐིང་བྱེད་མཁན་ཞིག
- ཁདེ་གཉིས་འཁོར་ལོ་དེར་ཨད།
- རྡོ་རྗེ།འོང་། ཅིག་སླེབས་ཚར་བཞག
- རྡོ་རྗེ།ཨ་ནི་གནམ་གཤིས་ཀྱི་དེས་ཆར་པ་བབས་ལ་མ་བབས་ཡོད་པའོ་བཟོ་རོག་ཅིག་སླེབས་དུས་སྒང་ནས།
- རྡོ་རྗེ།འོང་ཡང་ཅིག་འདུག
- ཁའོང་རེད་རེད།
- ཁཚ་འཁྱུག་འཁྱུག་བྱེད་ཀྱིས།
- ཁཡང་མིན་ན་འཛོམ་འཛོམ༼མཚམས་མཚམས་༽གྲང་ཀྱང་བྱེད་ཀྱིས་རྐང་པ་ཁོ་ར།
- རྡོ་རྗེ།རེད་རེད།
- བསོད་ནམས་ཆོས་འཕེལ།འོང་དེ་འདྲས་བྱེད་ཀྱི་རེད། འོང་འདི་གྲུང་པོའི་འདི་རེད་ད།
- བསོད་ནམས་ཆོས་འཕེལ།གྲུང་པོ་དེ་རེད་ད།
- རྡོ་རྗེ།རེད་པས། དེའི་གཡའ་རེད་ཟེར་གྱིས།
- ཁའཁྱག་རྒྱུ་མི་འདུག་ག་ལ།
- བསོད་ནམས་ཆོས་འཕེལ།འཁྱག་ཙང་ལམ་སང་༼ལམ་སེང་༽བྱེད་ཀྱི་རེད།
- ཁདེའི་ང་ད་ལྟ་དམག་མིའི་གོས་ཐུང་དེ་འགོན་༼འགྱོན་༽འགོན་པ།
- ཁཁོར་ཁྱད་ཆོས་ག་རེ་ཡོད་རེད་ཟེར་ན་
- ཁཔས་མོ་༼པུས་མོ་༽སྒང་དེར་ལྷན་པ་ད་ག་ཙ་༼ད་ག་ཙམ་༽ཅིག་འདུག་ག
- བསོད་ནམས་ཆོས་འཕེལ།འོང་འོང་།
- བསོད་ནམས་ཆོས་འཕེལ།པས་མོ་༼པུས་མོ་༽དེ་ཁྱོན་ནས་འཁྱག་གི་མི་འདུག་ག
- རྡོ་རྗེ།ད་ང་དེ་འདྲས་ཤིག་ཉོ་གི་ཡིན།
- ཁའོང་་་་དེ་འདྲས་ཤིག་མཆོད་དང་།
- རྡོ་རྗེ།དེ་ག་རེ་ཟག༼ཟེར་གྱི་འདུག༽
- རྡོ་རྗེ།པས་མོར་༼པུས་མོར་༽འགོན་༼འགྱོན་༽ཡག་ཅིག་འདུག་ག
- རྡོ་རྗེ།ལུས་རྩལ་རྩེད་དུས་སྒང་ནས།
- ཁའོང་ད་དྲོ་སྤྱོད་དེ་གལ་ཆེ་ཤོས་རེད་བཞག
- བསོད་ནམས་ཆོས་འཕེལ།དེས་སྐྱག་ལང་ཤོར་གྱི་འདུག་དེས།
- རྡོ་རྗེ།རེད་པས།
- བསོད་ནམས་ཆོས་འཕེལ།འོང་། དེས་སྐྱག་ལང་ཤོར་གྱིས།
- རྡོ་རྗེ།ཨ་ལས། ད་གཅིག་ཐབས་ཤེས་ཅིག་བཏང་ན་མ་གཏོགས་ད་ལྟ་ཁོ་ནས།
- རྡོ་རྗེ།ང་ཁ་སང་འོང་སྨན་ཁང་ལ་ཕྱིན་པ་རེད་དེའི་ཨེམ་ཆི་ལགས་ཙར།
- རྡོ་རྗེ།ཨེམ་ཆི་ལགས་ངས་བྱས་ཙང་ད་ཕྱིན་སྔན་༼སྔོན་༽ལ་ཞུས་མ་བྱུང་ངས།
- རྡོ་རྗེ།ང་སྨན་ནད་ཐེབས་བྱས་ཤི་གྲབས་་་་
- བསོད་ནམས་ཆོས་འཕེལ་དང་ཁཧ་་་་ཧ་་་ཧ།
- རྡོ་རྗེ།ཞེད་བྱས་ང་་་་
- ཁདེ་ཁྱེད་རང་ཞོགས་གས་ཡར་གུར་ཏི་བཞངས་བྱས༼བཞེངས་བྱས༽།
- ཁགསོལ་བ་དང་ཁྱོན་ནས་མ་བཞེས་པ་བྱས།
- རྡོ་རྗེ།མར་མགོ་ཡུར་ད་དམར་འཐོམ་ལངས་ཡོང་གིས།
- ཁཞོགས་གས་གཅིག་མཆོད་དགོས་རེད་པཱ།
- རྡོ་རྗེ།ཁྱད་མཚར་བཤད་མ་ཤེས་པའི་མགོ་ཡུར་ཞིག་འཁོར་གྱིས།
- རྡོ་རྗེ།སྐྱུར་མེར་མིན་པ་བྱས་ཡང་མགོ་ཡུར་འཁོར་ཡོང་ནི།
- རྡོ་རྗེ།ཨ་ནི་དེ་འདྲས་ཟེར་བྱས་བྱས།
- རྡོ་རྗེ།ཧོབ་སྟེ་དམར་ཧུར་རིལ་ཟེར་བྱས་བྱས་མིག་སྒང་ལ་དེ་བག་གཅིག་ལ།
- རྡོ་རྗེ།ཨ་ནི་དེ་འདྲས་རེ་ཞིག་ལ་ཙུག་གུལ་མ་བསྡད་པ་ཡིན་ན།
- རྡོ་རྗེ།ལམ་སེང་ད་གའི་སྒང་ལ་༼ལམ་སེང་༽རིལ་་་རིལ་པ་ལམ་སང་འོང་།
- རྡོ་རྗེ།རིལ་ཆོག་ཆོག་རེད།
- བསོད་ནམས་ཆོས་འཕེལ།ད་ད་དུང་ཁྱོད་རང་ད་ལྟ་སྨན་ཁང་ལ་བསྡད་པ་རེད་པཱ།
- བསོད་ནམས་ཆོས་འཕེལ།སྡུག་ག་དེ་འདུག་ག་ཐེའོ་ཅན་བན་ཧྲད་ཁོ། རྐང་བཙུགས་ཀྱིས།
- བསོད་ནམས་ཆོས་འཕེལ།ཨ་ནི་ནད་པ་སྣ་མིན་སྣ་ཚོགས་ཡོང་གི་འདུག་ག
- ཁའོང་རེད།
- ཁལམ་སེང་མི་ཤི་འགྲོ་གི་འདུག་ག
- ཁའོང་་་རེད་རེད།
- བསོད་ནམས་ཆོས་འཕེལ།ཨ་ནི་ཇི་ཇི་འཇང་ཅུའུ་ཨེ་འདྲས་བྱེད་ཀྱི་འདུག་ག
- བསོད་ནམས་ཆོས་འཕེལ།འོང་དེ་གས་མཐོང་དུས་སྒང་ནས་ཨ་ནི་སོ་སོ་རྦད་དེ་ཀྱིས་སྨྱོ་གྲབས་བྱེད་ཀྱིས་འོང་ད།
- བསོད་ནམས་ཆོས་འཕེལ།ན་ཚའི་སྒང་ལ་ན་ཚ་སླེབས་ཀྱི་འདུག་ག
- བསོད་ནམས་ཆོས་འཕེལ།ཨ་ནི་ཡིན་ན་བསྡད་ཀྱི་མིན་མགྱོགས་པོ་འདོན་འགྲོ་དགོས་བསམས་བྱས།
- ཁསེམས་ནང་ལ་རྡོག་ཁྲེས་གཅིག་སླེབས་པ་རེད་པཱ།
- རྡོ་རྗེ།འོང་རེད།
- བསོད་ནམས་ཆོས་འཕེལ།ང་ཉི་མ་ཉི་ཤུ་རེ་ཅིག་བསྡད་དུས་ཙམ་པ་ལ་མི་གཉིས་ཤི་སོང་ཡ་གིར།
- བསོད་ནམས་ཆོས་འཕེལ།ངའི་བར་ར་ད་ག་ནས།
- རྡོ་རྗེ་དང་ཁའོ་ཙི་དཔེ་ལ།
- བསོད་ནམས་ཆོས་འཕེལ།འོང་།
- ཁགཅིག་བྱེད་དུས་ནི་མི་ཟེར་ཡག་དེ་ཀྲོག་མཁྲག་པོ་༼སྲོག་མཁྲག་པོ་༽རེད།
- ཁགཅིག་བྱེད་དུས་ནི་མི་ཟེར་ཡག་དེ་ཀྲོག་ཟེར་གལ་མི་འདུག་ག
- རྡོ་རྗེ།ཡོད་མ་རེད། འོང་ད། ཁོ་འཁྱུག་ཙམ་རེད།
- ཁརེད།
- བསོད་ནམས་ཆོས་འཕེལ།འོང་ཨེ་འདྲས་གནས་ཚུལ་འདུག་ག
- ཁད་སྤྱིར་བྱུང་ཞལ་ལས་མཆོད་ཡག་དང་དེ་གས་དེ་གཟབ་གཟབ་གནང་དགོས་རེད།
- རྡོ་རྗེ།ད་ལྟ་ངས་ཧ་གོ་སོང་།
- ཁད་ཨ་ནི།
- རྡོ་རྗེ།ད་ཤ་ཕག་ཤ་འདི་ཞེ་དྲག་མཆོད་རྒྱུ་མིན་འདུག་ག
- བསོད་ནམས་ཆོས་འཕེལ།ཕག་ཤ་མ་མཆོད། ཚག་ཤ་མཆོད།
- ཁཚག་ཤ་རེད་བཞག
- རྡོ་རྗེ།ཚག་ཤ་དེ་མང་ཙམ་མཆོད།
- རྡོ་རྗེ།ཚག་ཤ་དེ་སྐྱོན་ཡོད་མ་རེད་ད།
- བསོད་ནམས་ཆོས་འཕེལ།དེ་སྣང་དག་མི་འདུག
- བསོད་ནམས་ཆོས་འཕེལ།རེད་པཱ།
- ཁ།ཨ་ནི་ལུག་ཤ་ཡར་འགྲོ་སྐམ་༼གཡུ་༽མཚོ་དེ་གཟིགས་པ་ཡིན་སོང་ན།
- ཁ།དེ་ཡང་མ་གནོད་པ་ཞེ་དྲག་དྲག་ག
- ཁ།ཁོ་འཁྱག་པག་བཏང་བྱས་ཁོ་དེ་ནང་གི་ཤི་ཅུན་དང་དེ་གས་གང་ག་བསད་ཚར་པ་རེད་ཟེར་གྱི་འདུ་ག་ག
- རྡོ་རྗེ།འོང་རེད།
- ཁའབུ་ཕྲ་དེ།
- རྡོ་རྗེ།གནོངས་སོ།
- ཁའཁྱག་པག་བཏང་བཞག་པ་དེ།
- ཁཁོ་ཞིམ་པོ་ཞེ་པོ་ཅིག་འདུག ཨ་ནི་ལྗགས་སྤོད་ཅིག་སྨོག་བྱས།
- བསོད་ནམས་ཆོས་འཕེལ།ད་དེ་ང་རང་ཚོ་བོད་ལ་མ་གཏོགས་ཡོད་མ་རེད། ཡར་འགྲོ་གཡུ་མཚོ།
- ཁཡོད་མ་རེད་པཱ།
- རྡོ་རྗེ།ཡོད་མ་རེད། གཞན་དག་ལ།
- བསོད་ནམས་ཆོས་འཕེལ།དམིགས་གསལ་གྱི་ས་ཁུལ་དང་དམིགས་གསལ་གྱི་དེ་རེད་ཁོ།
- ཁཁྱད་ཆོད་རེ་འདི།
- ཁབྱས་ཙང་ད་དགུང་ལོ་ཡར་ཡར་ཕེབས་དུས་ཙམ་པར།
- རྡོ་རྗེ།ཐོན་ཁུངས་འདི།
- ཁགསོལ་ཆས་མཆོད་ཡག་དང་ནམ་བཟའ་༼ན་བཟའ་༽མཆོད་སྟངས་དང་དེ་འདྲས་སྐོར་ལ་གཟབ་གཟབ་བྱས་དགོས་ཡག་སྟེ་གལ་ཆེ་ཤོས་རེད་འདུག་ག
- རྡོ་རྗེ།རེད། རེད་འདུག རེད་བཞག
- རྡོ་རྗེ།ང་འོང་དེ་སློབ་གསོ་ཆེན་པོ་ཐེབས་སོང་།
- ཁབྱས་ཙང་ད།
- རྡོ་རྗེ།ཨ་ལས་ཕག་ཤ་དེ་སྔན་༼སྔོན་༽ལ་འཛེམ་དགོས་ཀྱི་འདུག
- ཁའོང་།
- རྡོ་རྗེ།དེ་ནས་འོང་དེ་ད་ལྟ་ཁོ་ནས་པས་མོ་༼པུས་མོ་༽དེ་ཅག་ག་ཏད་་ཙ་༼ཏོག་ཙམ་༽མ་བྱས་ཤིང་།
- ཁམ་བྱས་ཤིང་རེ་བ་ཡོད་མ་རེད།
- རྡོ་རྗེ།ཕར་ཙམ་འགྲོ་དུས་སྒང་ནས་པས་མོའི་ཅུས་ཟེར་འདི་ཞིག་ཤིང་།
- རྡོ་རྗེ།ཨ་ནི་ཁྱོན་ནས་ཡར་ལངས་ཡག་ཡོད་མ་རེད།
- ཁལངས་ཡག་ཡོད་མ་རེད།
- རྡོ་རྗེ།ཡོད་མ་རེད་ཨ་ནི།
- བསོད་ནམས་ཆོས་འཕེལ།ཧ་་་ཧ་་ཧ།
- རྡོ་རྗེ།དེ་འདྲས་རེ་ཞིག་ཞུས་སོང་ད།
- ཁའོང་་་་ད་ཡག་པོ་ཞུས་རྒྱུ་བྱུང་སོང་དེ་རིང་།
- རྡོ་རྗེ།ལ་འོང་།
- ཁའོང་་་ཐུགས་རྗེ།
- རྡོ་རྗེ།ཨ་ནི་ད་་་་མཆོད་ད།
- རྡོ་རྗེ།མཆོད་་་་མཆོད་ཆང་མཆོད་ད་་མཆོད་ཆང་བཀྱག
- རྡོ་རྗེ།ངས་དེ་ཞུས།
- རྡོ་རྗེ།ཁྱེད་རང་བིའི་ཇུའུ་མཆོད་ཡར་གི
- རྡོ་རྗེ།ལོག ད་ཏད་ཙམ་༼ཏོག་ཙམ་༽ཞུ་གི་མིན།