Video Overview
The two women, Dema Zangmo and Jigme Zangmo from Kholomri village under Dechenling gewog in Pemagatshel, beat the rice in the stone mortar to remove husk. The mortar comes in various shapes and is made of various materials like hardwood and stone. In recent years, the availability of grinding machines has almost eliminated the use of large mortar amd pestle from active use.
༉ རང་འཐག་ལག་ལེན་འཐབ་སྟེ་ གེ་ཟ་འཐག་ནི་འདི་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གནམ་མེད་ས་མེད་ དར་ཁྱབ་ཆེ་ཏོག་ཏོ་ཡོདཔ་མ་ཚད་ མི་སེར་ཚུ་གིས་ཡང་ ཧེ་མ་འབད་བ་ཅིན་ གེ་ཟ་འདི་མངམ་སྦེ་བཙུགསཔ་ཨིནམ་ད་ ལྕང་ལཱ་གནམ་མེད་ས་མེད་ཅིག་རྐྱབ་ནི་མེདཔ་ལས་བརྟེན་ ཁོང་གི་དོན་ལུ་ གེ་ཟ་འདི་བཞེས་སྒོ་ངོ་མ་ཅིག་ཨིནཔས། རྡོའི་རང་འཐག་འདི་ གནམ་མེད་ས་མེད་ ལྗིག་ལྕི་དྲགས་ཅིག་ཨིནམ་ད་ གེ་ཟ་ཕྱེ་འཐག་ནི་གི་དོན་ལུ་ མི་གཉིས་ཀྱིས་སྦེ་འཐག་སྟེ་ ཆུང་ཀུ་སྦེ་ཐོན་མི་ཚུ་ ལྟོའི་དོན་ལུ་ལག་ལེན་འཐབ་དོ་ཡོདཔ་ད་ ཕྱེ་འདི་སེམས་ཅན་གྱི་དོན་ལུ་ ཐུགཔ་བསྐོལ་ཏེ་བྱིན་དོ་ཡོདཔ་མས། གློག་བརྙན་འདི་ནང་བཅའ་མར་གཏོགས་མི་འདི་ པདྨ་དགའ་ཚལ་རྫོང་ཁག་ མཁོ་ལོང་རི་ལས་ འཇིགས་མེད་དབང་མོ་དང་ སངས་རྒྱས་ཆོས་སྒྲོན་གཉིས་ཨིན་པས།
- Kholomri
- Pemagatshel
- འཇིགས་མེད་དབང་མོ་/ Jigme Wangmo:དོང་སུམ་ནུག་ མི་བཏུབ་པས་ཐོན་འགྱོཝ་མས།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:མི་བཏུབ་པས་ ང་བཅས་གཉིས་ཀྱི་རང་འཐག་འདི།
- འཇིགས་མེད་དབང་མོ་/ Jigme Wangmo:དེ་སྦེ་མ་བཏུབ་པར་རང་ ཚར་འོང་།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:བདེན་བདེན་རང་འབད་དགོ་པས།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ག་ར་ཕྱི་ཁར་ལས་ཕར་འགྱོཝ་མས།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ལྟོ་བཟོ་ཟ་ནི་
- འཇིགས་མེད་དབང་མོ་/ Jigme Wangmo:ཨེ་ཧུམ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:དཀའཝ་སྤྱོད་ནི་མས།
- འཇིགས་མེད་དབང་མོ་/ Jigme Wangmo:འུ་སྡུག་ཡི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཧ་ཧི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:འཐུ་ད་ དུས་ཚོད་གོརཝ་མས།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཨོལ་ལྐོག་ཆུང་ཀུ་འདུག་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཡ་ འགྱོ་ཡི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཨ་ཙི་ཅིག་སྦེ་ བཞག་གེ་ད་འབདན་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཨ་ཙི་ཅིག་ཐགས་བཞག་ནི་ད་འབདན་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:རྒྱ་བཀེད་(བཅིང་ལྟོ)དེ་ཐོན་རུང་ཐོན་མ་ཐོན་རུང་མ་ཐོན་ བཏུབ་
- འཇིགས་མེད་དབང་མོ་/ Jigme Wangmo:ཧ་ལམ་གོརཝ་ཡི་
- འཇིགས་མེད་དབང་མོ་/ Jigme Wangmo:གནམ་སོ་ནུག་ལགས།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཆུའི་མ་བཏུབ་མས་
- འཇིགས་མེད་དབང་མོ་/ Jigme Wangmo:ལྟོ་བཟོ་ནིའི་གནམ་སོ་དེས་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:གཅིག་ཡང་མེད་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ད་ལྟོ་རང་ ལཱ་འབད་བར་འགྱོ་མི་ཐོན་འོང་ ཨ་ལོ་ཚུ་ཉལ་ཏེ་སྡོད་དེ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ལྟོ་བཟོ་དགོ་ཟེར་སླབ་འོང་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:འ་ནི་ལཱ་རང་མི་ཚར་ནི་ཨིན་མས་
- འཇིགས་མེད་དབང་མོ་/ Jigme Wangmo:འུ་སྡུག་ཡི་
- འཇིགས་མེད་དབང་མོ་/ Jigme Wangmo:ཡ་ བཟེད་ཤིག་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:བཏོན་ད་ནཱ་ལུ་
- འཇིགས་མེད་དབང་མོ་/ Jigme Wangmo:དོག་ཏོག་ལ་འགྱུར་སོང་ནུག་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:རང་ཐག་ཁུངས་མིན་འདུག་ང་བཅས་གཉིས་ཀྱིས།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ག་ཅི་བཟོ་ནི་རང་ཐག་འདི་
- འཇིགས་མེད་དབང་མོ་/ Jigme Wangmo:སྦི་འཁྱབ་ད་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:རྔུལ་ནག་འཐོན་ཡི་ང་སྡོད་ད་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:འཕྱར་ཞིནམ་ལས་སྦི་འཁྱབ་འོང་།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:འ་ནཱ་ཡང་ ཨ་ཙི་ཅིག་ཡོད་ འདི་དང་གཅིག་ཁར་སྦི་འཁྱབ་ད་ནི་ ད་ལྟོ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཕྱེ་རང་ཕྱེ་རང་ཐོན་ནུག་ ང་བཅས་གཉིས་ཀྱི་རང་ཐགས་འདི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:བསྐྱལ་ས་བསྐྱལ་ནུག་ད་འབདན་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཁ་རང་མི་འཐོན་ནི་མས་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:སྤག་ཀོག་ཡང་འཛུལ་ནུག་ད་འབདན་
- འཇིགས་མེད་དབང་མོ་/ Jigme Wangmo:འདི་བང་ཁ་ལེགས་ཤོམ་མིན་འདུག་ འ་ནི་འདི་ལེགས་ཤོམ་འདུག་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:མེད་ ང་ཡང་ཐག་མི་མེད་པར་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:རལ་ཚར་ཡི་ བང་ཁ་ཚུ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཨ་པ་འདི་ ཚོགས་པ་ཨིན་ཟེར་འགྱོ་སྡོདཔ་ད་ ག་ཅི་ཐག་ནི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ང་གིས་འདི་ ཐག་མི་ཤེས་ཟེར་སླབ་འོང་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:བཀག་ད་ཡི་ འཐུ་བཞག་གེ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:མིན་འདུག་ གསང་གཅིག་ཡང་མི་ཐོན་ནི་མས་ཁ་རང་ ག་ཅིག་ཟ་ཅུག་ནི་ཁོང་ ང་བཅས་གཉིས་ཀྱིས།
- འཇིགས་མེད་དབང་མོ་/ Jigme Wangmo:ཨ་ཙི་རེ་ འགོ་ཤད་རྐྱབ་སྟེ་ཟ་ད་ནི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ལཱ་འབད་མི་ཅིག་ལྷོད་འོང་ ཨ་ལོ་ཚུ་ལྷོད་འོང་ད་ལྟོ་རང་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཆུམ་ཡང་ཨ་ཙི་ཅིག་སྦི་འཁྱབ་རྐྱབས་དགོ་ནི་ཨིན་མས་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:མེད་ གཡང་རེས་འདི་ རྡུང་ནིའི་ དུས་ཚོད་མ་ཐོབ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:སྦྱར་འོང་སྦྱར་ནི་འདི་ སྦྱར་རུང་བཟོ་ནི་ང་གིས་
- འཇིགས་མེད་དབང་མོ་/ Jigme Wangmo:ཡ་ བསྡུ་བཞག་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཐུགཔ་བཟོ་ཟ་ནི་གི་ ཕྱེ་ཡང་མི་ཐོན་ནི་ཨིནམ་དྲས།
- འཇིགས་མེད་དབང་མོ་/ Jigme Wangmo:ཐོན་ནི་ཨིན་མས་ཐོན་ནི་འདི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཨ་ཙི་ཅིག་ཐོན་འོང་ད་ལྟོ་ཟ་ནི་གི་འདི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ནངས་པ་དྲོ་བ་གི་དྲོབ་ཟ་བཟོ་ནི་གི་ཨིན་ཕྱེ་འདི་ ཕྱེ་ཐུབ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཧ་ལམ་ཅིག་སྦི་འཁྱབ་འབད་ཞིནམ་ལས་བཟོ་ནི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:རང་རང་སའི་ ལཱ་ཁར་ཐོན་དྲོབ་ཟ་ལས་ མིན་འདུག་ ཁ་རང་ཡང་མི་ལང་ནི་ཨིན་མས
- འཇིགས་མེད་དབང་མོ་/ Jigme Wangmo:ཨ་ཕར་ བང་ཁ་ འབག་ཤོག་ནཱ་ལུ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཨ་ལོ་གསོ་ནི་ཡང་བཞག་ཡི་ ང་བཅས་གཉིས་འདི་ད་འབདན་ རྒས་སོང་ནུག་ད་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:རླུང་མ་ག་ཅི་སྦེ་ནཱ་ལུ་འོངམ་ཨིན་ན་ མིག་ཁར་འཛུལཝ་མས།
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ང་བཅས་གཉིས་ཀྱི་ ཁ་རང་ཡང་རླུང་མ་གི་འབག་འགྱོ་དོ་མས་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:གེ་ཟ་ ཡ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཕད་ཅུང་ནང་བཙུག་ནི་ད་འབདན་
- འཇིགས་མེད་དབང་མོ་/ Jigme Wangmo:བཙུག་བཙུག་་ད་འབདན་ ཚར་ཡི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ག་ཏེ་བཙུག་ནི་ ཕད་ཅུང་ཚུ་ནང་ན་ཡོདཔ་དྲས་ད་
- འཇིགས་མེད་དབང་མོ་/ Jigme Wangmo:ཀྲིག་ཀྲི་སྦེ་ སྦི་འཁྱབ་མ་རྐྱབ་པས་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཕད་ཅུང་གཅིག་ཡང་མིན་འདུག་ད་ ག་ཏེ་བཙུགས་ན་སྨོ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:འ་ནཱ་ བོ་ར་ཕད་ཅུང་ནང་བཙུགས་བཞག་ནི་ གཏེམ་ཏེམ་རང་གངས་ནི་ ག་ཅི་འབད་ནི་ འ་ནི་གི་
- འཇིགས་མེད་དབང་མོ་/ Jigme Wangmo:གངས་ནི་ཨིན་མས་སྨོ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:མིན་འདུག་ ཕུད་ཏ་གཅིག་དེམ་ཅིག་རང་ཐོན་མས་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:མི་གང་ནི་མས་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཕྱེ་འདི་ནཱ་བཙུགས་ནི་
- འཇིགས་མེད་དབང་མོ་/ Jigme Wangmo:ཡ་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཕུད་ཏ་གསུམ་མི་ཐོན་མས་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཕྱེ་ཡང་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཁ་རང་འདི་ ཕུད་ཏ་གཉིས་ཐོན་ནུག་ མ་ཐང་
- འཇིགས་མེད་དབང་མོ་/ Jigme Wangmo:ཁ་རང་འཁྱབ་ཕྱེ་ཐོན་ཏེ་ཡོད་ བཙུགས་ན་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:བཞག་ཕར་ ལཱ་འབད་མི་ཚུ་ལུ་ ཆང་ བཙོ་བྱིན་ནི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:བཙུག་བཞག་ནི་
- འཇིགས་མེད་དབང་མོ་/ Jigme Wangmo:འབག་ཤོང་ནཱ་ བང་ཁ་ཚུ་ ཁ་རང་བླུག་ཚར་བ་ཅིན་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:འོ་ འ་ནི་འབག་ནི་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:ཡ་ ཚར་ཡི་སྨོ་
- འཇིགས་མེད་དབང་མོ་/ Jigme Wangmo:ཚར་ཡི་མས་
- འཇིགས་མེད་དབང་མོ་/ Jigme Wangmo:ཚར་ཡི་མས་ད་འབདན་
- སངས་རྒྱས་ཆོས་སྒྲོན་/ Sangay Chedon:འདི་བཟེད་ན་