Skip to main content Skip to search
28 Jan 2016
3 min 35 sec
Video Overview
Creators: 
Penchela

Bagi Maya from Tashicholing in Tsirang explains how corn grits locally called “kharang” used to be made before new grinding technologies came to Bhutan. The sieve used here for straining solid corn grits from the powder is different from the sieves found in most places. This is especially true when we compare it with the sieves of the Lhotshampa – ethnic groups of Nepalese decent from Southern Bhutan – and of the Sharchops – ethnic groups of mixed Tibetan, Southeast Asian and South Asian descent from Eastern Bhutan.

དང་ཕུགས་ཀྱི་ཕམ་ཚུ་ འཕྲུལ་ཆས་ཀྱིས་ཡར་རྒྱས་མ་འགྱོ་བའི་བསྒང་ དེ་བཟུམ་ལག་ལེན་འཐབ་སྟེ་སྡོད་ནུག ནེ་པ་ལི་དང་ཤར་ཕྱོགསཔ་ཚུ་གི་བར་ན་དུམ་གྲ་ཅིག་མ་འདྲཝ་སྦེ་འདུག རང་འཐག་འོག་ལས་ཡར་ལྟེ་བ་འདི་ཡང་ ཡ་ལས་མར་ གེ་ཟ་བླུགས་ས་ལས་འཐོན་ཏེ་འདུག དེ་ལས་ ཁ་རང་དང་ཕྱེ་གསིག་ཐངས་ཡང་མི་འདྲ་བས། ཤར་ཕྱོགས་ཁ་ཐུག་འབད་བ་ཅིན་ རང་འཐག་འཐག་ཞིནམ་ལས་ ཧེ་མ་རང་ གསིག་མ་ མིག་ཏོ་ཨ་ཙི་སྦོམ་ཡོད་མི་དེ་ལུ་བླུགས་ཏེ་ཁ་རང་གསིག་ དེ་ལས་ གསིག་མ་མིག་ཏོ་ཆུང་ཀུ་དེ་ནང་བླུགས་ཏེ་ཕྱེ་གསིག་གཏངམ་ད་ ལྷམ་པ་མ་འདྲཝ་གསུམ་དེ་ཅིག་འཐོནམ་ཨིན། འགོ་ཐོག་གི་ཕྱེ་འདི་ ནོར་གྱི་ཆག་དང་ གཞན་དང་སླ་བསྲེ་རྐྱབ་ཏེ་ཆང་ཡང་བཙོ་བཏུབ་མ་གཏོགས་ རང་ཟ་ནི་འབད་བ་ཅིན་མི་བཏུབ། ཁ་རང་བཏོན་ཞིནམ་ལས་ གསིག་མ་གི་ཐོག་ཁ་ལུས་མི་འདི་ ཁ་རང་སྦོམ་སྦེ་སྡོད་འོང་ འ་ནི་ལོག་འཐགཔ་ད་འཐོན་མི་ཕྱེ་འདི་ རང་ཟ་རུང་ཟ་བཏུབ་ཨིན། དེ་འབདཝ་ད་ རྩི་རང་བཀྲ་ཤིས་ཆོས་གླིང་ལས་ བཱ་གི་མ་ཡ་གིས་འབད་བ་ཅིན་ ཕྱེ་དང་ཁ་རང་གཉིས་ཆ་ར་ སྦིས་འཁྱབ་རྐྱངམ་ཅིག་གིས་རང་ གསལ་གཏངམ་ཨིན་པས།

 

Transcript search
No results found for this search
0 of 0
  • བཱ་གི་མ་ཡ Bagi Maya
    ཧེ་མ་གི་ལམ་ལུགས་སྲོལ་འདི་དྲི་ཀི་ནང་བྱཱ་ལྡུང་དེས་ལས་རང་ཐགས་ནང་ལས་ཕྱི་ཐག་འབད་རང་འབད་འདི་བཟའ་དོ།
  • བཱ་གི་མ་ཡ Bagi Maya
    ག་ཅིག་འབད་ཟེརན་ཕྲུལ་ཐག་འདི་ཐག་རིན་ས་འབད་ནི་འདི་གི། ང་བཅས་ཨ་རྒེས་ཀྱི་ཨ་རྒེས་སྐབས་ལས་དེ་སྦེ་འབད་འོང་ཡི།
  • བཱ་གི་མ་ཡ Bagi Maya
    དེ་ལས་འནི་འབད་རང་ཕྱི་བཏོན་འབད་ལྟོ་བཟོ་བཟའཝ་ཨིན། ཏེ་ཧེ་མ་ལས་ལས་འདི་བཟུམ་སྦེ་འབད་འོངམ་ལས་ཨིན།
  • བཱ་གི་མ་ཡ Bagi Maya
    ཏེ་ཕྱི་ལོག་སོ་དེ་ལས་ཆུམོ་ལོགས་སོ་འབད་བཟོ་འདི་ལྟོ་བཟོ་བཟའ་དོ་ང་བཅས།
  • བཱ་གི་མ་ཡ Bagi Maya
    ད་འནི་འབད་ཆུམོ་འདི་ཆུ་ཡར་སོངའི་དེ་ལས་ཕྱི་འདི་ནང་ལུད་འདི་ཡོད། ཏེ་འནི་སྦེ་བཟོ་འདི་བཟའཝ་ཨིན་ང་བཅས།
  • བཱ་གི་མ་ཡ Bagi Maya
    དེ་ལས་ཆུམོ་འདི་བཙོ་དེ་ལས་ཕྱི་རླུག་འདི་བཟའ་དོ། ཧེ་མ་བཟུམ་འབད་རང་རང་ཐག་ནང་ཐགས་འདི་བཟོ་དོ།
  • བཱ་གི་མ་ཡ Bagi Maya
    ཏེ་ཕྲུལ་ཐག་འདི་སྦོ་ལོག་ཁར་མེདཔ་ལས་རང་ཐག་ནང་རང་ཐག་འབད་ དེ་ལས་ཕྱི་དང་ཆུམོ་སྲོག་སོ་འབད་བཏོན་འདི་འབདཝ་ཨིན།