Video Overview
A household from Gashari village in Pemagatshel district is preparing Kharang food and a pumpkin curry. Kharang is the ground maize, which is washed and then boiled in a pot for some time. Then the excess water is strained after which the remaining water is left to dry. Eventually a well-steamed Kharang meal is served.
༉ གློག་བརྙན་ཐུང་ཀུ་འདི་ནང་ མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ གེ་ཟ་ཕྱེ་འཐག་ནི་དང་ཁ་རང་འཐག་ནི་ཚུ་ ད་ལྟོའི་བར་ན་ཡང་ལག་ལེན་འཐབ་དང་འཐབ་བཞིན་དུ་ཡོདཔ་ཨིན་རུང་ ཡར་རྒྱས་གོམ་པ་མདུན་དུ་སྤོ་བའི་ནམ་དུས་འབདཝ་ལས་ ཧེ་མ་བཟུམ་སྦེ་ར་འདི་ ལག་ལེན་གནམ་མེད་ས་མེད་ཅིག་འཐབ་ནི་མེདཔ་བཞིན་དུ་ ལམ་སྲོལ་ག་ཅི་གི་ཐད་ལས་འབད་རུང་ ཉམས་སུ་ཅིག་འགྱོ་སྟེ་ཡོདཔ་ཨིན། སྤྱིར་བཏང་གི་ གེ་ཟ་འདི་གིས་ ལེ་ཤ་ཅིག་ར་བཟོ་བཏུབ་དོ་ཡོདཔ་ད་ ཁ་རང་སྦོམ་སུ་ཅིག་ཡོད་མི་འདི་ ཆང་བཙོ་ནི་དང་ ཆུང་ཀུ་རན་ཏོག་ཏོ་སྦེ་ཡོད་མི་འདི་ ལྟོ་སྦེ་ཟཝ་ཨིན། དེ་ལས་ ཁ་རང་སྦོམ་སུ་སྦེ་འཐོན་མི་དེ་ ལོག་འཐག་ཞིན་ན་ ཁ་རང་རན་ཏོག་ཏོ་སྦེ་འཐོན་མི་ཚུ་ལྟོ་སྦེ་དང་ ཕྱེ་འབད་བ་ཅིན་ དྲོན་གོང་བསྣད་སྦེ་ཟཝ་ཨིན།
- Pemagatshel
- རིན་འཛིན་པད་མོ་/ Rinzin Pemo:ད་འདི་ བྱམས་ས་ བྱམས་ས།
- བཀྲ་ཤིས་དབང་མོ་/ Tashi Wangmo:སླབ་ག་ང་གིས།
- རིན་འཛིན་པད་མོ་/ Rinzin Pemo:མི་ཤེས་ང་གི་ ཨ་ཙི་ཅིག་ཐགས་བཞག་གེ་ད་འབདན་
- རིན་འཛིན་པད་མོ་/ Rinzin Pemo:ད་ལྟོ་རང་ ཉིནམ་དགུང་གི་ཉི་མ་ལྷོད་མས། ཉི་མ་ཟ་ནི་ཅིག
- བཀྲ་ཤིས་དབང་མོ་/ Tashi Wangmo:ལངམ་ཅིག་ཐགས་བཞག
- རིན་འཛིན་པད་མོ་/ Rinzin Pemo:ལངམ་རྐྱངམ་ཅིག
- བཀྲ་ཤིས་དབང་མོ་/ Tashi Wangmo:ཨིན་ཡར་སོང་ཡི།
- བཀྲ་ཤིས་དབང་མོ་/ Tashi Wangmo:འ་ནི་སྦེ་ ཕྱི་རུ་ཡང་དེ་སྦེ་ཐགས་ནི།
- བཀྲ་ཤིས་དབང་མོ་/ Tashi Wangmo:ཕྱི་རུ་ཟ་ནི་ ཕྱི་རུ་ཐགས་ནི་ ཉི་མ་ཟ་ནི་འ་ནི་ ཉི་མ།
- རིན་འཛིན་པད་མོ་/ Rinzin Pemo:མགྱོགས་པ་ཐགས་ཤིག
- རིན་འཛིན་པད་མོ་/ Rinzin Pemo:མིན་འདུག་རང་ཐགས་མ་བཏུབ་སོང་ནུག
- བཀྲ་ཤིས་དབང་མོ་/ Tashi Wangmo:ལཱ་ཕར་ལྟ་འགྱོཝ་མས།
- རིན་འཛིན་པད་མོ་/ Rinzin Pemo:འ་ནི་འབད་ ཐོན་སྦེ་ འོང་སྟེ་ཡོད
- བཀྲ་ཤིས་དབང་མོ་/ Tashi Wangmo:ཚར་སྦེ་འབད་
- རིན་འཛིན་པད་མོ་/ Rinzin Pemo:ཐོན་འོང་ མི་ཐོན་ཡ་
- བཀྲ་ཤིས་དབང་མོ་/ Tashi Wangmo:ཐོན་འོང་ ལངམ་ཅིག་འདི་
- རིན་འཛིན་པད་མོ་/ Rinzin Pemo:ད་རུང་ཨ་ཙི་ཅིག་ཐགས་འོང་
- རིན་འཛིན་པད་མོ་/ Rinzin Pemo:མི་ཤེས་
- བལྟཝ་རྒྱལ་མཚན་/ Taw Gyaltshen:ངོ་མི་ཤེས།
- རིན་འཛིན་པད་མོ་/ Rinzin Pemo:ཧང་
- བཀྲ་ཤིས་དབང་མོ་/ Tashi Wangmo:རང་ཐགས་ཐག་དོ་ང་བཅས་གཉིས་
- བཀྲ་ཤིས་དབང་མོ་/ Tashi Wangmo:ཉི་མ་གི་ལྟོ་ཟ་ནི་མིན་འདུག་ ཆུམ་མེད་པ་ལྟོ་ཡང་མིན་འདུག།
- རིན་འཛིན་པད་མོ་/ Rinzin Pemo:བཏུབ་ ཐོན་འོང་དེམ་ཅིག་གི
- བཀྲ་ཤིས་དབང་མོ་/ Tashi Wangmo:ལང་འོང་ག་དེམ་ཅིག་གི
- རིན་འཛིན་པད་མོ་/ Rinzin Pemo:མི་ལང་འོང་ ཧ་ལམ་
- བཀྲ་ཤིས་དབང་མོ་/ Tashi Wangmo:བཏུབ་བཏུབ་ ཐོན་འོང་ཟེར་ བཏུབ་།
- རིན་འཛིན་པད་མོ་/ Rinzin Pemo:ང་འུ་སྡུག་ཅི་ དབའེ་
- བཀྲ་ཤིས་དབང་མོ་/ Tashi Wangmo:འབག་ཤོག་ད་བང་ཁ།
- རིན་འཛིན་པད་མོ་/ Rinzin Pemo:ཡ་ བསྡུ་ད་
- བཀྲ་ཤིས་དབང་མོ་/ Tashi Wangmo:ཡ་ཡ་ སྡོད་སྨེ་ ཧེ་མ་རང་ང་ལོང་གེ་
- རིན་འཛིན་པད་མོ་/ Rinzin Pemo:ཕར་ལྟ་འཐེན་ཤིག་
- བཀྲ་ཤིས་དབང་མོ་དང་རིན་འཛིན་པད་མོ་/ Tashi Wangmo & Rinzin Pemo:གཡུ་པ་འབལ་ནུག་གཡུ་པ་ འབལ་བཅུག་འབལ་བཅུག
- འཆི་མེད་དང་རིན་འཛིན་པད་མོ་/Chime & Rinzin Pemo:འབལ་ད་ འབལ་ད་ གཡུ་པ་ འབལ་ད།
- བཀྲ་ཤིས་དབང་མོ་/ Tashi Wangmo:མིན་འདུག་ རྡོ་
- རིན་འཛིན་པད་མོ་/ Rinzin Pemo:འ་ནཱི་སྦེ་བཞག
- རིན་འཛིན་པད་མོ་/ Rinzin Pemo:ཕར་འབད་སྨེ་ ཕར་ཤིང་གི་རྩ་བར་བཀལ་བཞག
- བཀྲ་ཤིས་དབང་མོ་/ Tashi Wangmo:འབལ་ནུག་ གཡུ་པ་ འབལ་ནུག
- རིན་འཛིན་པད་མོ་/ Rinzin Pemo:འབལ་བཅུག
- བཀྲ་ཤིས་དབང་མོ་/ Tashi Wangmo:ཡ་་་་་
- རིན་འཛིན་པད་མོ་/ Rinzin Pemo:ཡ་ ད་
- བཀྲ་ཤིས་དབང་མོ་/ Tashi Wangmo:[འདི་བཟུམ་ ག་དེ་སྦེ་?]
- རིན་འཛིན་པད་མོ་/ Rinzin Pemo:མེད་ བཙུགས་ཏེ་ཡོད་ འ་ནཱི་འདི་
- བཀྲ་ཤིས་དབང་མོ་/ Tashi Wangmo:མི་གཉིས་ཀྱིས་ཡང་ འབད་མི་ཚུགས་ནི་སྨེ་ འ་ནཱི་འདི་
- རིན་འཛིན་པད་མོ་/ Rinzin Pemo:[དེ་སྦེ་རང་ཕྱག་མི་བཟོ་མས་?]
- རིན་འཛིན་པད་མོ་/ Rinzin Pemo:ཧྲལ་ནུག་ཧྲལ་ནུག་ཧྲལ་ནུག
- རིན་འཛིན་པད་མོ་/ Rinzin Pemo:ཡ་
- བཀྲ་ཤིས་དབང་མོ་/ Tashi Wangmo:སྡོད་སྨེ། སྡོད་སྨེ།
- རིན་འཛིན་པད་མོ་/ Rinzin Pemo:འབག་ཤོག་ ཕྱི་ཁར་འབག་གེ་ ག་ཅི་འབད་ནི་ འ་ནཱི་འབད་དེ་
- རིན་འཛིན་པད་མོ་/ Rinzin Pemo:ཡ་ ཕྱེ་ ཨ་ནཱི་འདི་
- རིན་འཛིན་པད་མོ་/ Rinzin Pemo:ནང་ན་འབག་
- རིན་འཛིན་པད་མོ་/ Rinzin Pemo:འཁྱབ་ནི་སྨེ་ང་གིས་ ཁ་རང་
- རིན་འཛིན་པད་མོ་/ Rinzin Pemo:མངམ་སྦེ་བླུགས་རུང་ འབད་མ་ཚུགསཔ་ཨིན་ ང་གིས་འདི་ ཨེ་ཧི་ཧི་ཧི་་་་་་
- རིན་འཛིན་པད་མོ་/ Rinzin Pemo:ཨ་ཧ་་་་་་
- རིན་འཛིན་པད་མོ་/ Rinzin Pemo:ཡ་ ཁ་རང་ རྩམ་ཁུག་ནང་འདེགས་སྨེ་ ཡ་ ལྟོ་
- བཀྲ་ཤིས་དབང་མོ་/ Tashi Wangmo:ལྟོ་བཟོ་ནི་ལྟོ་ ལྟོ།
- བལྟཝ་རྒྱལ་མཚན་/ Taw Gyaltshen:འ་ནཱི་སྦང་ཆང་བཙོ་ནི་ཨིན་ན?
- རིན་འཛིན་པད་མོ་/ Rinzin Pemo:ཨིན་
- རིན་འཛིན་པད་མོ་/ Rinzin Pemo:འ་ནཱི་འདི་ སྦང་ཆང་བཙོ་ནི་ ཨ་ཙི་ཅིག་
- རིན་འཛིན་པད་མོ་/ Rinzin Pemo:བཏུབ་ཅི་ད་ རྫོགས་སོ་ཡི།
- རིན་འཛིན་པད་མོ་/ Rinzin Pemo:བཏུབ་ཅི་ད་ རྫོགས་སོ་ཡི།
- རིན་འཛིན་པད་མོ་/ Rinzin Pemo:ཡ་་་་་་་།། །།