Skip to main content Skip to search
19 Jun 2014
4 min 51 sec
Video Overview
Creators: 
Dawa Tshering, Tseten Tshering

Most rural villages in Bhutan still regularly use a traditional flourmill. The mill is made of two finely crafted grinding stones with upper and lower parts that are considered male and female elements. The upper (male) part has a hopper to hold grains with an opening at its base to feed the grains down into the rotating millstones. To work the mill, the operator spins the upper part with one hand in an anti-clockwise manner while with the other hand grain is fed into the hopper. The lower (female) part of the mill remains still while the upper part moves to grind the grains down into flour. The rotation of the upper stone also pushes the flour out from the center to the edges where it is collected.

 

༉  རང་འཐག་དེ་ དེང་སང་གི་འཕྲུལ་རིག་གིས་ཡར་རྒྱས་གོང་འཕེལ་མ་འགྱོ་བའི་ཧེ་མ་ གནམ་མེད་ས་མེད་ཁག་ཆེཝ་སྦེ་སྡོད་ཡོད་པ་གིས་མ་ཚད་ ད་ལྟོའི་བར་ན་ཡང་ འབྲུག་རྒྱལ་ཁབ་ཀྱི་ས་གནས་མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ རྒྱུ་དངོས་གལ་ཅན་ཅིག་ཨིནམ་བཞིན་དུ་ ད་ལྟོའི་བར་ན་ཡང་ལག་ལེན་འཐབ་དང་འཐབ་བཞིན་དུ་ཡོདཔ་ཨིན། རང་འཐག་གི་རྡོ་དེ་ ཕོ་དང་མོ་ཟེར་ རྡོ་གཉིས་བརྩེགས་རྐྱབ་སྟེ་ ཐོག་ཁ་གི་རྡོ་དེ་གུ་ ལགཔ་བཤེད་སའི་གཡུ་པ་བཙུགས་ཏེ་དང་ འབྲུ་སྣ་བླུགས་སའི་ཁ་སྒོར་སྒོར་སྦེ་ དེལས་མར་འཛུལ་སའི་ཧོ་ཀ་ཅིག་ཡང་ཡོདཔ་ད་ འོག་གི་རྡོ་དེ་གུ་ སྦུག་ན་ལས་ལྟེཝ་ཟེར་ ཤིང་སྒྲིང་སྒྲིང་ཅིག་བཙུགས་ཏེ་ཡོད་ནི་དེ་གིས་ རང་འཐག་བསྒྱིརཝ་ད་ཤིང་དེ་གིས་བཤེད་བཞགཔ་ཨིན། བྱམས་ཅུམ་གིས་ལགཔ་གཅིག་གིས་ རང་འཐག་གི་གཡུ་པ་ཤིང་གུར་བཤེད་ ལགཔ་གཅིག་གིས་བྱཱོ་བླུགས་ཅི་ར་བྱཱོ་ཕྱེ་འཐགཔ་ཨིན་པས། རང་འཐག་འཐག་པའི་སྐབས་ལུ་ མི་ཡོད་པ་ཅིན་ མི་གཅིག་ལས་ གཉིས་གསུམ་བཞི་སྦེ་ཡང་འཐག་བཏུབ་ཨིན།