Video Overview
Two men greet and engage in a brief conversation in the Amdo dialect.
- Amdo
- ཀའོ་་དགེ་འདུན ཁྱོད་བདེ་མོ་ཡིན་ན།Geden! how are you?
- ཁབདེ་མོ་ཡིན།Fine
- ཀའོ་ཡ། ནམ་ཐོན་ནས།Ok! when did you arrive( here)?
- ཁདེ་ཐོན ད་ཉི་མ་ཀོར་རྩིག༼ཁ་ཤས༽ཡིན། ད་ཡུལ་བ་མར་ར་འགྱོ་འདོད་གི་༼འགྲོ་བརྩི༽ཡོད། ནངས་ཀ་ནངས་ཉིན༼སང་ཉིན་ནངས་ཉིན༽།I came here several days passed. I want to come back to home tomorrow or the day after tomorrow.
- ཀཨོ་་་ཨོ།OOOK!
- ཁདེ་་་་ད་ལྷ་ས་གི་མཆོད་མཇལ་གང་བཟང་ཟིག་ཚར་ཐ། དེ་ཀི༼དེ་ནས་༽ད་ཡུལ་བ་༼ལ༽མར་ར་འགྱོ་འདོད་༼མར་འགྲོ་འདོད༽ཀི་ཡོད།So, religious visit was finished and want to go back to home.
- ཀའོ་་་ཇོ་ཁང་ནང་ང་ལ་མཇལ་དང་ནས།So you did religious visit in the Tsuglagang temple (in Lhasa)?
- ཁའུན་་་ཇོ་མཇལ་ལ་་་་ད་དི་གི་༼དེ་ལས༽སེ་འབྲས་དགེ་གསུམ་་ཡིན་དེ་ཀི་ར་མོ་ཆེ་ཁ་ཚང་བོ་༼ཡོད་ཚད༽འདི་ཀི་མཇལ་དང གཙང་ས་སྐྱ་བསམ་ཡས་ཁ་ཚང་བོར་མཇའ་ཡས་ཚར་ཐ༼མཇལ་ཚར༽། དེ་ཀི་༼དེ་ནས༽ཡུལ་བ་མར་ར་འགྱོ་རྒྱུ༼ཡུལ་ལ་མར་འགྲོ་རྒྱུ༽།Yes, we did visit the Tsuglagang temple, Sera Monastery,Drepung Monastery,Ganden Monastery and the Ramoche temple(in Lhasa). So we want to go home.
- ཀའོ་་་དི་ཀིཨེ་མར་ར་འགྱོ་ན་༼དེ་ནས་མར་འགྲོ་ན༽དེ་ཧུལ་ཤེ་ཁྱོད་ཡིན་ད་མིན་ད་མུ་ཀེ་ཀི༼མར་གྱི༽འུ་ཆོ༼འུ་ཚོའི༽་ཀན་ལྷོ་གི་བཅའ་སྡོད་པན་ཧྲུའུ་ཁྲུལ་༼རྒྱ་སྐད་དེ་དོན་གཅོད་ཁང༽ཡོད་ག།So if you go home, you have to(go) our southern Gansu province bus station, you know right?
- ཁའོ་ལེ། འོ་ལེ།Yes, yes.
- ཀའོ་དེ་སོང་བ་ནས་ཆི་ཁྲེ་༼རྒྱ་སྐད་དེ་རླངས་འཁོར༽བླས་ར་ད་ཧོལ་ཟླ་རྩ་ཀི༼རིན་གོང་ཤིན་ཏུ་དམའ་བ༽ཟེར་ཀེ། འོ་ཡ་་་དེ་སོང་བ་ནས་་་་་དེ་ཀིSo go there (because) the transportation fee costs less. Ok, go there and.......
- ཁད་་་ཡུལ་བ་མར་ར་ཧོལ་གི་༼ངོ་མས༽ཆི་ཅིས་ནས་༼ཅི་འདྲ་བྱས་ན༽འགྱོ་སྒོ་ར་༼འགྲོ་རྒྱུ་ཡང༽མི་ཤེས་ཀི་ར དེ་་་་དེ་ཀི་་དSo (I) don't really know how to go back to home,soo........
- ཀའོ་ལེ་ཆི་ཁྲེ་༼རླངས་འཁོར་༽དེ་ན་ཡོད་གི་ཟེར་ཀི།So the automobile is there.(that i mentioned before)
- ཁཕོད་༼པྭ་སེ༽དེ་ཀི༼དེ་ནས༽ཉོ་སྒོ་ནི་ར།So there to buy the ticket?
- ཀརེད། དེ་ཀི་ཉོས་བཏང་བ་ནས་༼ཉོས་རྗེས༽་་་དེ་ཀི་ཁྱོད་མར་ར་ཧུལ་གེ་དེ་སྔན་ན་༼ཐོག་མར༽འདི་ཀི་སོང་ན་༼འདི་ནས་སོང་ན༽འདམ་གཞུང་ང་ཐུགས་ནི་རེད་མོ།Yes. After buying the ticket there and then you fist reach to Damshung( name of a normad area northwest of Lhasa), right?
- ཁཨུམ།Yes.
- ཀའོ་ལེ། འདམ་གཞུང་ཀི་ད་དེ་གི་ཇ་ཟིག་འཐུང་འགྱོ་རེད་བསམ་གི།Right! As you arrived Damsung, you can have a meal.
- ཁའོ་ཡ།OK.
- ཀའོ་ཡ་་་་འདམ་གཞུང་རིག་ཡེ་ནས་༼ཐོན་རྗེས༽མར་ར་ནག་ཆུ་རེད་མོ།So, After you arrived Damsung, then the next one is Nagchu( One of prefecture of TAR).
- ཁའོ་ཡ། འོ་ཡ།OK, ok.
- ཀནག་ཆུ་རིག་ནས་མི་ཤས༼གནས་ཤིག་སྟོན་པའི་སྒྲ༽་ད་ན་གོལ་མོ་༼གོར་མོ༽ཐོན་དང་ནི་རེད་མོ། ན་གོལ་མོ་སོང་ན་ཁྱོད་ཡིན་ད་མིན་ད་རླངས་འཁོར་གི་་་་་་་་་འོ་མེ་འཁོར་གི་་་དེ་ཕོད༼པྭ་སེ༽་ཉོས་ད་མིན་འདའAfter you arrived Nagchu, then it is Geromo, right? As you reach to Geromo, you must go to buy the bus ticket, oh no the train ticket, otherwise......
- ཁམེ་འཁོར་གི་ཕོད།Train ticket?
- ཀའོ་ཡ། དེ་རླངས་འཁོར་གི་འདི་ཙ་དཀར་དཀའ་གི་༼རིན་གོང་ཅུང་ཙམ་མཐོ་བ༽ཟེར་ཀི། ཨོ་གོ་ཐ། དེ་ནས་མཚོ་སྔོན་པོ་མཚོ་ངོགས་འགྲིམ་ནས མཚོ་སྔོན་པོ་་ཤེས་ཀ་་་་་ཁྱོད།Yes, the automobile ticket is bit expensive. got it? then you arrive the edge of Qinghai lake, You know Qinghai lake, yes?
- ཁཤེས་ཀི།(i) know.
- ཁམཚོ་སྔོན་པོ་མཚོ་ངོགས་འགྲིམ་ནས་༼བརྒྱུད༽ནས་མར་ར་སོང་དེ་ད་སྟོང་བསྐོར་བརྒྱུད་ནས་མར་ར་ཟི་ལིང་ལ་ཐོན་འདོད་མོ།(You) go through The edge of Qinghai Lake this is worth a thousand circumambulation.
- ཀཟི་ལིང་ང་ཐོན་ནི་ར་ཁྱོད་ཡིན་ད་མིན་ད་དེ་ཟི་ལིང་གི་ཧི་གེ་༼དེ༽ཆི་ཁྲེ་ཀྲན༼རླངས་འཁོར་ས་ཚུགས༽རླངས་འཁོར་ས་ཚུགས་ང་སོང་བ།As you arrive Xining, you must go to Xining Bus station.
- ཁའོ་ལེ།Right.
- ཀཁྱོད་ཅིག་དྲིས་ར་ར། དེ་མར་ར་ལན་ཀྲིག་ང་འགྱོ་ནི་༼འགྲོ་ནི༽ཡིན་ནི་རེད་མོ། འོ་དེ་ལན་ཀྲིག་སོང་ང་༼ལན་ཀྲིག་ལ་སོང་རྗེས༽བསྡོད་ལ་ནས་དེ་ཕྱིར་ར་ངའི་ཆོ༼འུ་ཚོ༽བླ་རང་ཕྱོགས་ས་གི་༼བླ་བྲང་ཕྱོགས་ཀྱི༽ཕོད་༼པྭ་སེ༽ཉོ་ནས་དེ་ཡར་ར་སོང་གདའ་༼ཡར་ཕྱིན་ན༽ཧོན་ད་༼ཞེ་ནས༽སྟབས་བདེ་གི་ཟེར་ཀི།So you ask! going down will arrive Lanzhou where you stay and buy the ticket for Larou and then go up, so this will be easier.
- ཁ་
- ཁའོ་ཡ། འོ་ཡ།Ok, oK.
- ཀཨེ་གོ་ཀི། འོ་ཡ་དེ ད་དེ་བྱེད་སོང་ན་ཁྱོད་འགྱོ་སོ་༼འགྲོ་ས༽ཤེས་ཀ།Got it? so like this( i descriped) you know how to go, right?
- ཁའུན ད་ཤེས་ཀི༼ད་ཧ་གོ་སོང༽ད དི་བཤད་ན་༼དེ་ལྟར་བཤད་ན༽ཁྱོད་འགྱོ་སོ་ཁ་ཚང་བོ་༼འགྲོ་ས་ཚང་མ༽བཤད་དང་ན་ངའི་སེམས་ན་བཟུང་ངེ་བསྡད་ན་དེ་འགྱོ་ས་ཤེས་ཀི༼ད་འགྲོ་ས་ཤེས་སོང༽།Yes, i know. As you know I put all the words (direction) in my heart you told me yesterday.
- ཀའོ་ཡ དེ་དི་ཀེ་༼དེ་ནས༽མར་ར་དེ་ཡུལ་བ་༼མར་ཡུལ་ལ༽སོང་ན་དེ་བླ་རང་སོང་ན་༼དེ་ནས་བླ་བྲང་དུ་སོང་ན༽ད་ཧ་ནས་བོ་༼མི་ཚང་མ༽བདེ་མོ་འཚམས་པོ་ཨེ་རེད་ཅིག་དྲིས་ང་ནས ཨེ་གོ།Ok. So you are going down to home/ to Larou, say hello to every body. Ok?
- ཁའོ་ཡ།Yes.
- ཀད་ད་སང་༼ད་ཐེངས༽ཧ་ནས་བོ་༼ཡོངས་རྫོགས༽ལས་ར་མཇལ་རྒྱོ་མཇལ་དང་ཟིག༼མཆོད་མཇལ་བླངས་སོང༽This time you did religious visit to all.
- ཁའུན་་་་་ད་མཇལ་ཚར་ཐ༼མཇལ་ཚར་སོང༽།Yes, (i)did.
- ཀའོ་ཡ དེ་ད་བདེ་མོ་སྐྱིད་པོ་བྱས་ང་༼བྱས་ནས༽ཕྱིར་ར་༼ཕྱིར་ལ༽ཡུལ་བ་ཐོན་དང་ན་༼ཡུལ་ལ་འབྱོར་ན༽ངེ་ངན་༼ངོ་མས༽ཧྲ་དང་ཟིག༼ལེགས་སོང༽།ཨོ་གོ།Well. Lead a pleased trip to home and this is really fantistic.
- ཁཡ།ཡ།Yeah. Yeah.
- ཀད་འུ་བཟོ་་་དེ༼དེ་ན་འུ་ཚོ་དེ༽བཀྲ་ཤིས་བདེ་ལེགས་རེད། འོ་གི་་་དེ་མིན་ན་ཅིང་མེད་ཀ།So then Tashi Delek! Nothing to add!
- ཁཡ་ འོ་ན་་་་་ཅིང་མེད་གི། ད་བཀྲ་ཤིས་བདེ་ལེགས་ཤོག།Yup. Nothing to say! Wish you Tashi Delek!