Video Overview
Two Tibetans meet and exchange greetings in the Amdo dialect.
- Amdo
- ཀཡ མཚོ་སྐྱིད་ཁྱོད་བུད་ཡོང་བ།
- ཁའོ་ལེད། འོ།Yes.
- ཁཁྱོད་ནམ་ཡོངས།When did you come?
- ཀང་ཁ་རྩང་༼སང༽ཡོང་ནས།I came yesterday.
- ཀཡུལ་བ་ཧ་ནེ་༼ཚང་མ༽བདེ་མོ་ཡིན་ན།How is everyone at home?
- ཁཧ་ནེ་༼ཚང་མ༽བདེ་མོ་་སྐྱིད་པོ་རེད།They are all fine and happy.
- ཀའོ་དེ་ཁྱོད་འདི་ཙི་ཀེ་༼ཚང་མ༽ཟིག་ང་འདུག་རྒྱུ་ནས།So will you stay here a little while?
- ཁདཱ ཟླ་བ་གཅིག་རིང་ཟིག་འ་༼ཞིག་ལ༽འདུག་རྒྱུ།Well, I will stay for one month.
- ཀཡ་་་ད་རྩོག་ར༼བསྡད་༽། དེ་ནས་ཨ་རྒྱ་ར༼ཨ་ཕ༽དང་ཨ་མ་ཧ་ནས་༼ཚང་མ༽བདེ་མོ་ཡིན་ན།Ok, have a seat. So your father and mother are all fine, right?
- ཁཧ་ནས་༼ཚང་མ༽བདེ་མོ་སྐྱིད་པོ་རེད།They are all doing well.
- ཀའོ་་་དེ་་་་ད་དེང་སང་ཡུལ་གི་བྱ་བ་ཆི་མོ་༼ཅི་འདྲ༽རེད། དེ་གྲོང་ཇ་༼ལོ་ཏོག༽ལ་དུ་མོ་དེ་༼དེ་དག༽ཅིག་འེ་ཧྲ་ཀི༼ཨེ་བཟང༽གི།Oh, so how is work going at home these days? Are the crops growing well?
- ཁགྲོང་ཇ་ཧྲ་གི༼ལོ་ཏོག་བཟང་གི༽། དོ་ཙིག༼འདི་གཅིག་ལ༽For now, the crops are growing well.
- ཀའེ་་་Really?
- ཁའུན་འུམ།Yes.
- ཀའོ་་་དེ་ཨ་མ་ལ་དེ་གཉི་ང་ད་་་་་བྱུང་ཡ་ར་ཡོང་ངེ༼ཡར་ཡོང་ནས༽་ཆི་ཁྱོ༼ཁྱོད་ཚོ༽ཨོ་མཉམ་གཅིག་ལ་ཤང་གླིང་ཡི་ཅི༼བྱེད་རྒྱུ༽་ཆི་ཟིག་ཡི་ཆི༼ཅི་ཞིག་བྱེད་རྒྱུ༽།Both you and your mother came here, so will you have a picnic or what will you do?
- ཁད་ཡ་ར་ཡོང་ནས་མཉམ་དུ་ཤང་གླིང་ཡི་ལ་རེ།After coming here, we will have a picnic together.
- ཀཨོ་་་་་ཧ་ནས་༼ཚང་མ༽བདེ་མོ་སྐྱིད་པོ་རེད་ལ།Oh, all of them are doing well, right?
- ཁཧ་ནས་༼ཚང་མ༽བདེ་མོ་སྐྱིད་པོ་རེད།All of them are well.
- ཀསྐྱིད་ལ་ད དེ་་་བྱུང་ཞོ་ཐང༼སློབ་གྲྭ༽ནང་ལ་ཅི་མོ་ཟིག་ང༼གང་འདྲ་ཞིག་ལ༽་་་་མ་ཧྲོ༼གནང་བ༽་ཆི་མོ་ཟིག་ང་༼གང་འདྲ་ཞིག་ལ་༽ཡོད་གི།Good. How long is your school holiday?
- ཁམ་ཧྲོ༼གནང་བ༽རྫ་ཙིག་ར༼ཟླ་གཅིག་ལ༽ཉི་མ་ཅོ་ལྔ།The holiday is one month and fifteen days.
- ཀརྫ་ཙིག་ལ་ཉི་མ་ཅོ་ལྔ་ཨེ་རི༼ཟླ་གཅིག་དང་ཉི་མ་ཅོ་ལྔ་ཨེ་རེད༽།One month and fifteen days, is that right?
- ཁའུན་འུམ།Yes.
- ཀདི་ཀི་ད་༼དེ་ན་ད་༽འདི་ཀི་༼འདི་ནས༽ཤང་གླིང་ཡི་དང༼བྱས་རྗེས༽་ཕྱིར་ར་འགྱོ་གྱི་ར༼ཕྱིར་ལ་འགྲོ་རྒྱུ་རེད་པས༽།So after the picnic, you will go back home, right?
- ཁད་ཤང་གླིང་ཡི་དང་༼བྱས་རྗེས༽ད་ཕྱིར་ར་འགྱོ་༼ཕྱིར་ལ་འགྲོ་རྒྱུ༽རེད།After the picnic, we will go back home.
- ཀཨོ། ད་དེ་་་་བྱུང་ཧ་ནས་༼ཚང་མ༽བདེ་མོ་སྐྱིད་པོ་ཡིན་པ་ངེ་ངན་ཅིག་ཧྲ་གི་༼ངོ་མས་བཟང་གི༽།Oh, all of them are doing well. That's really good.
- ཁའོ་ཡ།Yes.
- ཀད་དུ་མོ་ཟིག་མིན་ནས་༼ད་དེ་འདྲ་ཞིག་མ་གཏོགས༽ཟེར་གྱི་༼བཤད་གྱི༽མེད་གི། ད་དེ་བྱས་རེད།That's all, I have nothing left to say. That's it.
- ཁའོ་ཡ།Ok.
- ཀཡ་ད་བདེ་མོ་བྱས་གོ།So then take care.
- ཁའོ་ཡ། དེ་འོར་གི་ཐུག་ག༼ཡང་བསྐྱར་མཇལ་ངེས༽། ཨུ་གོ ད་སོང་ཨ་རྒྱ་ར་དང་ཨ་མ་ཧ་ནས་བོ༼ཚང་མ་ལ༽་ངས་ཅིག་འདྲི་གི་ཟིག་གི་༼འདྲི་གི་ཡོད་པ༽ཟེ་གོ༼བཤད་རོགས༽།Ok. I’ll see you again, okay? So tell your father and mother and everyone that I am asking about them.
- ཁའོ་ཡ།Ok.
- ཀའོ་ཡ་་་ངའི་ཆོ་ཧ་ནས་འདི་ན་བདེ་མོ་སྐྱིད་པོ་རེད་བཟས༼ཟེར༽་། ཨེ་གོ་ཀིAnd tell everyone that all of us are doing well, okay?
- ཁའོ་ཡ།Ok.
- ཀའོ་ཡ།Ok.