Skip to main content Skip to search
26 Apr 2019
6 min 11 sec
Video Overview
Creators: 
Dradul Dorjay

Tönshé, or ceremonial speeches, are given on occasions such as housewarming parties,  weddings or birthdays in a sing-song style.

སྟོན་བཤད་ནི་གཉེན་སྟོན་དང་བུ་སྟོན། ཁང་སྟོན་སོགས་དུས་ཆེན་ཁྱད་པར་ཅན་གྱི་སྟོན་མོའི་སྐབས་སུ་བཤད་པའི་སྒྱུ་རྩལ་གྱི་འཁྲབ་སྟོན་ཞིག་ཡིན།

礼仪言语是婚庆、诞辰、立房等特殊节日宴会上用说唱的表演方式来表示祝福。

མི་རིགས་གང་དང་གང་ཞིག་ཡིན་ཡང་ཚང་མར་མི་རིགས་རང་གི་ཁྱད་ཆོས་ལྟར་གྱི་གཉེན་སྟོན་མཛད་སྒོ་རྒྱ་ཆེ་བར་གནང་བའི་སྲོལ་ཆགས་ཡོད། ཁྱད་པར་དུ་མདོ་སྨད་བོད་ཀྱི་གཉེན་སྟོན་བྱེད་པའི་མཛད་སྒོའི་ཐོག་གླུ་ལེན་གར་རྩེ་བྱེད་པ་སྤྱི་དང་། བདག་ཞང་ཚང་དང་སྐུ་མགྲོན་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ངང་ཕན་ཚུལ་ལ་འགྲུལ་བཀུར་དང་གཉེན་བཤད། སྟོན་བཤད། ཆང་བཤད། སྐེད་རགས་ཀྱི་བཤད་པ་བཅས་ཀྱི་ཆོ་ག་གཟབ་རྒྱས་སུ་མཛད་སྲོལ་ཡོད་པ་ནི་གཞན་དང་ཐུན་མོང་མ་ཡིན་པའི་སྲོལ་བཟང་ཞིག་ཡིན། དེ་ཡང་སྟོན་བཤད་ལ་མཚོན་ན་སྟོན་མོའི་གཞི་རྒྱ་ཆེ་ཆུང་དང་གྲལ་གྱི་རྒན་དར་གཞོན་གསུམ། མ་སྲུ་ཆེ་རྒན་ཆུང་གསུམ། སྟོན་མོའི་སྡེར་གའི་ཆེ་ཆུང་། སྐུ་མགྲོན་ཚོའི་ཤོམ་གྱི་བཟང་ངན་སོགས་ལ་བསྟོད་པ་བགྱི་བ་འདི་གཙོ་བོར་བརྗོད་པའི་སྲོལ་ཡོད། གཞན་ཡང་རྟགས་སྟོན་མོའི་ནང་དོན་ལ་གཞིགས་ཏེ་སྟོན་བཤད་བཤད་པ་ནི་དཔེར་ན། རྟ་དང་སྒ་སྲབ་ལ་བསྟོད་པ་དང་། མདའ་དང་གཞུ་ལ་བསྟོད་པ་ལྟ་བུ།

任何民族,都会以自己的历史文化传统,举行婚礼。在如今的安多地区,举行婚礼时,除了一般的欢歌舞蹈外,母舅与嘉宾们还要以一系列的说辞唱辞,彼此“以礼相待”,如此,长期以来就形成了一种特别的文化传统。譬如在婚庆时,会以婚礼的大小、在座的老幼、婆媳、家宴大小、宾客装扮等作为说辞之主题。另外,也有专门的主题,如鞍与缰的解说,弓与箭的解说等。