Skip to main content Skip to search
02 Jan 2019
4 min 36 sec
Video Overview
Creators: 
Norbu Dradul

This type of Golok circle-dance songs is marked by the pitch of the singers' voices, which alternate between high and low. 

འདི་ནི་མཐོ་སྒང་གི་རེ་འགར་མཐོ་ལ་རེ་འགར་དམའ་བའི་གདངས་དབྱངས་ཀྱི་ཁྱད་ཆོས་ཡོངས་སུ་མངོན་པའི་མགོ་ལོག་གི་སྐོར་བྲོའི་ནང་ཚན་ཞིག་ཡིན།

གཞས་ཚིག་ལས་ཁ་དོག་མི་འདྲ་བའི་རྩ་ཐང་གི་མེ་ཏོག་གསུམ་གྱི་མཛེས་སྡུག་ནི་ཨང་ཤེས་རྟ་དང་གཡང་ཕྱུགས་ནོར།གཡང་དཀར་ལུག་གསུམ་ལ་དཔེ་བླངས་ཏེ།འཚོ་བའི་མཛེས་སྡུག་དང་མ་འོངས་པར་རེ་བས་ཁེངས་པའི་རྣམ་པ་དེ་བཀྲ་ཤིས་ཁ་གཡང་གི་རྣམ་པས་མཚོན་ཡོད།གཞས་ཚན་པ་འདིའི་གླུ་ཚིག་ནི་མེ་ཏོག་དམར་པོའི་འདབ་མ་བཞད།ཁ་མདོག་དམར།ཅང་ཤེས་རྟ་དང་བོང་དྲེའུ།མེ་ཏོག་དེ་ལ་བརྟེན་ནས་ཡོང་།བརྟེན་ནས་ཡོང་།ས་མདོག་ལྗང་ཁྲ།རྟ་གཡང་འཁོར་སོང་།མེ་ཏོག་སེར་པོའི་འདབ་མ་བཞད།ཁ་མདོག་སེར།ཐུལ་དྲུག་འབྲི་དང་མཛོ་མོ།མེ་ཏོག་དེ་ལ་བརྟེན་ནས་ཡོང་།བརྟེན་ནས་ཡོང་།ས་མདོག་ལྗང་ཁྲ།ནོར་གཡང་འཁོར་སོང་།མེ་ཏོག་དཀར་པོའི་འདབ་མ་བཞད།ཁ་མདོག་དཀར།གཡང་མོ་ལུག་དང་ཚེ་ཚེ།མེ་ཏོག་དེ་ལ་བརྟེན་ནས་ཡོང་།ས་མདོག་ལྗང་ཁྲ།ལུག་གཡང་འཁོར་སོང་།

是一首音调起伏不断的高原锅庄歌曲。

是一首全面反映高原地区音调起伏连绵的果洛锅庄音乐,歌曲中将草原上的不同的三种颜色的鲜花分别比喻为牦牛、绵羊和骏马,表达了生活的美妙与对未来的无限期望。歌曲为:红色的花儿开了,色泽红,骏马与骡子,因此前来,前来,绿色的大地,聚集了马之福瑞;黄色的花儿开了,色泽黄,牦牛与犏牛,因此前来,前来,绿色的大地,聚集了牛之福瑞;白色的花儿开了,色泽白,绵羊与羔儿,因此前来,前来,绿色的大地,聚集了羊之福瑞。