Video Overview
Sonam Choden sings “The Great Swan of Tibet” (Sabökyi Jachen Ngangpa), a melancholy boedra song. The song describes the sad farewell between a swan mother and her offspring. The bird did not want to go to India but she was forced to go nonetheless. She had made a nest near the riverbed and laid twelve eggs. The eggs hatched but suddenly the mother had to leave her offspring behind. She left them with a nāga, or a serpent spirit, and flew to India. As she was leaving, she tried to avoid looking back, but she ended up doing so only to see the motherless cygnets on the barren riverbed.
འཁྲུལ་སྣང་ཅན་གྱི་བོད་སྒྲའི་གླུ་གཞས་ ས་བོད་ཀྱི་བྱ་ཆེན་ངང་པ་ཟེར་མི་འདི་ བསོད་ནམས་ཆོས་སྒྲོན་གྱི་འཐེན་དོ་ཡོདཔ་ཨིན། བྱ་ངང་པ་འདི་ རྒྱ་གར་ལུ་འགྱོ་དགོ་མ་མནོ་རུང་ དབང་བཙོང་གིས་ཐོག་ལས་ འགྱོ་དགོཔ་འཐོན་ཏེ་ཡོདཔ་ཨིན་མས། བྱ་ངང་པ་གིས་ ཆུའི་མཐའམ་ལུ་ ཚང་བཟོ་ཞིནམ་ལས་ སྒོང་རྡོག་བཅུ་གཉིས་བུད་རུང་ ཐབས་རང་མེད་པར་ ཕྱུ་གུ་འདི་ཚུ་ གླུ་དང་མཉམ་ཅིག་བཀོ་བཞག་སྟེ་ རྒྱ་གར་ལུ་འཕུར་འགྱོ་དགོཔ་འཐོན་འཐོནམ་ཨིན་མས། དེ་སྦེ་ བྱ་ངང་པ་འདི་ རྒྱ་གར་ཕྱོགས་སུ་འགྱོ་བའི་སྐབས་ རྒྱབ་ལུ་མི་བལྟ་ནིའི་བརྩི་རྐྱབ་རུང་ ཨའི་མེད་པའི་ ངང་ཕྲུག་ཚུ་ ཆུའི་མཐའམ་ལུ་ལུསཔ་ད་ སེམས་ཀྱི་བཟོད་མ་ཚུགས་པར་ ཐབས་རང་མེད་པར་ བལྟ་དགོཔ་འབྱུང་འབྱུངམ་ནུག གླུ་གཞས་འདི་གིས་ བྱ་ངང་པ་འདི་ ངང་ཕྲུག་ཚུ་དང་ ཁ་བྲལ་ཏེ་ སྐྱོ་བའི་སྡུག་བསྔལ་མྱོང་བའི་སྐོར་ལས་སྟོནམ་ཨིན་མས།
- Tibet
- བསོད་ནམས་ཆོས་སྒྲོན་ Sonam Chodenས་བོད་ཀྱི་བྱ་ཆེན་སྨོ་ངང་བུ་(ངང་པ་)འདི། །
- བསོད་ནམས་ཆོས་སྒྲོན་ Sonam Chodenརང་མི་འཕུར་ཟེར་བ་མ་(སྨོ་)རྒྱ་ལུ་འཕུར། །རྒྱ་ལུ་འཕུར།
- བསོད་ནམས་ཆོས་སྒྲོན་ Sonam Chodenརང་མི་ཆགས་ཟེར་བ་མ་(སྨོ་)མཚོ་ལུ་ཆགས། །
- བསོད་ནམས་ཆོས་སྒྲོན་ Sonam Chodenཚང་འཚོལ་བ་མཚོ་མོའི་དབའི་བྱང་ལུ་འཚོལ། །བྱང་ལུ་འཚོལ།
- བསོད་ནམས་ཆོས་སྒྲོན་ Sonam Chodenངེའི་སྒོང་རྡོག་ལྔ་གསུམ་མ་(སྨོ་)བཅོ་ལྔ་འཁྲུངས། །
- བསོད་ནམས་ཆོས་སྒྲོན་ Sonam Chodenངེའི་བྱིའུ་ཅུང་བཞི་གསུམ་དབའི་བཅུ་གཉིས་བཏོན། །བཅུ་གཉིས་བཏོན།
- བསོད་ནམས་ཆོས་སྒྲོན་ Sonam Chodenངེའི་བྱིའུ་ཅུང་གཤོག་སྒྲོ་མ་(སྨོ་)མ་རྒྱགསཔ་ལས། །
- བསོད་ནམས་ཆོས་སྒྲོན་ Sonam Chodenམར་རྒྱ་ན་ཚད་པ་དབའི་འགོར་ཆི་འདུག།འགོར་ཆི་འདུག
- བསོད་ནམས་ཆོས་སྒྲོན་ Sonam Chodenགསུང་ཉོན་ཅིག་ཉོན་ཅིག་མ་(སྨོ་)མཚོ་སྨན་རྒྱལམོ། །
- བསོད་ནམས་ཆོས་སྒྲོན་ Sonam Chodenསྙན་གསོན་ཅིག་གསོན་ཅིག་དབའི་མཚོ་སྨན་རྒྱལམོ། །
- བསོད་ནམས་ཆོས་སྒྲོན་ Sonam Chodenངེའི་བྱིའུ་ཅུང་བཞི་གསུམ་མ་(སྨོ་)བཅུ་གཉིསཔོ་འདི། །
- བསོད་ནམས་ཆོས་སྒྲོན་ Sonam Chodenཨམ་མཚོ་སྨན་རྒྱལ་མོ་དབའེ་གཏམ་དགོ་པས། །གཏམ་དགོ་པས།
- བསོད་ནམས་ཆོས་སྒྲོན་ Sonam Chodenངེའི་བྱིའུ་ཅུང་བཞི་གསུམ་སྨོ་བཅུ་གཉིསཔོ་འདི། །
- བསོད་ནམས་ཆོས་སྒྲོན་ Sonam Chodenཆུ་ག་ཊི་ནང་ལས་དབའེ་འཐུང་བཅུག་ད། །
- བསོད་ནམས་ཆོས་སྒྲོན་ Sonam Chodenལྟོ་༼ཕྱམ་བྱ་༽དཀར་ཅུང་དབའི་བཟའ་བཅུག་ད། །
- བསོད་ནམས་ཆོས་སྒྲོན་ Sonam Chodenང་བོད་ཀྱི་བྱ་ཆེན་ངང་བུ་(ངང་པ་)འདི། །
- བསོད་ནམས་ཆོས་སྒྲོན་ Sonam Chodenས་ཨོ་རྒྱན་བོད་ལུ་དབའི་འཕུར་དགོ་པས། །
- བསོད་ནམས་ཆོས་སྒྲོན་ Sonam Chodenས་ནི་ལས་ཡར་ཡར་དབའི་འཕུར་བལྟ་ཚེ། །
- བསོད་ནམས་ཆོས་སྒྲོན་ Sonam Chodenརང་དགུང་དང་སྤྲིན་གྱི་མ་(སྨོ་)མཚམས་ལུ་ལུས། །
- བསོད་ནམས་ཆོས་སྒྲོན་ Sonam Chodenལོག་མ་བལྟ་སེམས་ཀྱིས་དབའི་བཟོད་མ་ཐུབ། །
- བསོད་ནམས་ཆོས་སྒྲོན་ Sonam Chodenལོག་རྒྱ་ནག་གཡུས་ལུ་སྨོ་ལོག་བལྟ་ཚེ། །
- བསོད་ནམས་ཆོས་སྒྲོན་ Sonam Chodenབྱམོ་མེད་པའི་བྱིའུ་ཅུང་དབའི་མགོ་རིལ་རི། །
- བསོད་ནམས་ཆོས་སྒྲོན་ Sonam Chodenཆུ་མེད་པའི་བརྡར་རྡོ་མ་(སྨོ་)དབའི་སྐྱ་རུག་རུ། །
- བསོད་ནམས་ཆོས་སྒྲོན་ Sonam Chodenཆུ་མེད་པའི་བརྡར་རྡོ་དབའི་སྐྱ་རུག་རུ།། །།