Skip to main content Skip to search
22 Jun 2018
5 min 1 sec
Video Overview
Creators: 
Duptho, Sonam Chophel

Pema Lhadon from Phimshong village sings “Nye Chensa Dongkola,” a song with strong devotional overtones. It expresses praise for the spiritual masters and is usually performed at the consecration of monasteries, stupas and houses.

༉  བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཕིམ་སོང་ལས་ གླུ་གཞས་གནས་ཆེན་ས་གདོང་དཀར་ལ་ལས་ཟེར་མི་འདི་ པདྨ་ལྷ་སྒྲོན་གྱིས་འཐེནམ་ཨིན་མས། གླུ་གཞས་འདི་ ལྷ་ཁང་མཆོད་རྟེན་དང་ཁྱིམ་ཚུ་རབ་གནས་གནང་བའི་སྐབས་འཐེན་ནི་ཡོདཔ་ད་ གླུ་གཞས་འདི་གི་འབྱུང་ཁུངས་དང་བྱུང་རབས་ བརྩམ་པ་པོ་ཚུ་མི་ཤེས་པས། པདྨ་ལྷ་སྒྲོན་གྱིས་འཐེན་ཡོད་མི་གླུ་གཞས་འདི་ མགུ་ཏོ་ཁ་ལས་གནས་ཆེན་གདོང་དཀར་ལ་ལས་ཟེར་ཨིན་རུང་ ནང་ན་གི་དོན་ཚན་འདི་ མཆོད་རྟེན་བཞེངས་པའི་སྐོར་ལས་ཨིན་མས། དེ་ཡང་ ཚིག་ཚུ་གོང་འོག་འཁྲུགས་ཏེ་འཐེན་ནི་འདུག གླུ་གཞས་འདི་ ནང་ན་གི་དོན་ཚན་ཚུ་དང་འཁྲིལ་བ་ཅིན་ ལྷ་ཁང་དང་མཆོད་རྟེན་ དེ་ལས་སྐུ་ལ་སོགས་པ་རབ་གནས་གནང་བའི་སྐབས་ལུ་ བཟོ་བོ་དང་རྩིས་པ་ རབ་གནས་གནང་མི་བླམ་ཚུ་ལུ་བསྟོད་བསྔགས་རྐྱབ་སྟེ་ཕུལཝ་ཨིན་མས།

Transcript search
No results found for this search
0 of 0
  • པད་མ་ལྷ་སྒྲོན་
    Pema Lhadon: གནས་ཆེན་ས་གདོང་དཀར་ལ་ལས། །གནས་ཆེན་ས་གདོང་དཀར་ལ་ལས། །བཟོ་བོ་བི་ཤྭ་ཀརྨ། །ཤོག་ལ་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: མཆོད་རྟེན་རྨང་ས་ལ་མཁན། །བཟོ་བོ་བི་ཤྭ་ཀརྨ། །ཤོག་ལ་བུ་མོ་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: མཆོད་རྟེན་ཟུར་བཞི་ཕྲང་མཁན། །མཁས་པ་བེ་རོ་ཙ་ན། །ཤོག་ལ་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: མཆོད་རྟེན་སྲོག་ཤིང་ཕུལ་མཁན། །མཆོད་རྟེན་སྲོག་ཤིང་ཕུལ་མཁན། །རྩིས་པ་འཕགས་པ་འཇམ་དབྱངས། །ཤོག་ལ་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: མཆོད་རྟེན་ཉིན་ཟླ་བཀལ་་་་་ མཆོད་རྟེན་བང་རིམ་ཤོ་མཁན། །ལྷ་ལྕམ་མན་ད་ར་བ། །ཤོག་ལ་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: མཆོད་རྟེན་ཉིན་ཟླ་བཀལ་མཁན། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །ཤོག་ལ་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: མཆོད་རྟེན་སྐུ་དཀར་ཕུལ་མཁན། །མཆོད་རྟེན་སྐུ་དཀར་ཕུལ་མཁན། །དགེ་སློང་ནམ་མཁའི་སྙིང་པོ། །ཤོག་ལ་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: མཆོད་རྟེན་རབ་གནས་གནང་མཁན། །གུ་རུ་པདྨ་འབྱུང་གནས། །ཤོག་ལ་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: ལགས་སོ་ ལགས་སོ།། །།