Skip to main content Skip to search
14 Jun 2018
10 min 28 sec
Video Overview
Creators: 
Sonam Tobgye

The local song “The Great Palace” (Phodrang Chenmo) was performed during a festival at the Yoe Temple. This zhungdra song has been traditionally sung as a kind of supplication during mask dances and thongdröl displays, when large appliqués are hung outdoors. The Great Palace is not sung during other events. The lyrics of the song state that if someone wishes to get blessings from Padmasambhava, Shakyamuni Buddha, and Namkhai Nyingpo, one should visit the sacred places known as Oddiyana, Chökhor Lhasa and Lhodrak Kharchu.

༉  མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ལས་ ཞབས་བྲོ་རྐྱབ་མི་སྡེ་ཚན་ཅིག་གིས་ གཡུས་ལྷ་ཁང་ནང་ལུ་ གཞུང་སྒྲ་ ཕོ་བྲང་ཆེན་མོ་ཟེར་མི་འདི་འཐེནམ་ཨིན་པས། གཞུང་སྒྲ་འདི་ དགའ་སྟོན་གྱི་སྐབས་ལུ་ དང་ཕུ་ཕ་མའི་སྐབས་ལས་རང་ མོང་སྒར་རྫོང་ནང་ལུ་རྐྱབ་སྲོལ་ཡོདཔ་ཨིནམ་དང་ འ་ནཱི་གཞུང་སྒྲ་འདི་ འཆམ་རྐྱབ་པའི་སྐབས་དང་ མཐོང་འབྲེལ་གྱི་སྐབས་ལུ་ གསོལ་འདེབས་ཀྱི་ཚུལ་སྦེ་རྐྱངམ་ཅིག་མ་གཏོགས་ གཞན་དགའ་སྟོན་གྱི་སྐབས་ལུ་འཐེན་སྲོལ་མེདཔ་ཨིན་པས། གཞུང་སྒྲ་འདི་ ད་རེས་ནངས་པར་ཡང་རྐྱབ་སྲོལ་ཡོདཔ་ད་  གཞུང་སྒྲ་འདི་གིས་ ང་བཅས་ར་ སྒྲུབ་པ་དང་ སངྱས་ཀྱི་གོ་འཕང་འཐོབ་དགོ་པ་ཅིན་ སྐྱེས་བུ་དམ་པ་ དཔེར་ན་ གུ་རུ་རིན་པོ་ཆེ་ལ་སོགས་པ་རྩ་ཅན་གྱི་བླམ་ནམ་མཁའི་སྙིང་པོ་ཚུ་གིས་བྱིན་གྱིས་བརླབས་པའི་ གནས་རྩ་ཅན་ དཔེར་ན་ ཆོས་འཁོར་ལྷ་ས་དང་ལྷོ་བྲག་མཁར་ཆུ་ལ་སོགས་པ་ཚུ་མཇལ་དགོ་ཟེར་བའི་དོན་སྟོནམ་ཨིན།

Transcript search
No results found for this search
0 of 0
  • WEBVTT
  • Drepung gewog dancers: ཕོ་བྲང་ཆེན་མོ་ཟངས་མདོག་དཔལ་རི་ལས་ཞུ། །ཕོ་བྲང་ཆེན་མོ་ཟངས་མདོག་དཔལ་རི་ལ། ། བྱིན་རླབས་དང་དངོས་གྲུབ་ཞུ་ན། །བླ་མ་ཨོ་རྒྱན་པདྨ་ལས་ཞུ། ། དེ་ལ་གསོལ་བ་བཏབ་ན། །བླ་མ་ཨོ་རྒྱན་པདྨ་ལ་བཏབ། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: ཕོ་བྲང་ཆེན་མོ་ཆོས་འཁོར་ལྷ་ས་ལས་ཞུ། །བྱིན་རླབས་དང་དངོས་གྲུབ་ཞུ་ན། ། ཤཱཀྱ་མུ་ནེ་ལས་ཞུ། །དེ་ལ་གསོལ་བ་བཏབ་ན། །ཤཱཀྱ་མུ་ནེ་ལ་བཏབ། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: ཕོ་བྲང་ཆེན་མོ་ལྷོ་བྲག་མཁར་ཆུ་ལས་ཞུ། །བྱིན་རླབས་དང་དངོས་གྲུབ་ཞུ་ན། ། ནམ་མཁའི་སྙིང་པོ་ལས་ཞུ། །དེ་ལ་གསོལ་བ་བཏབ་ན། །ནམ་མཁའི་སྙིང་པོ་ལ་བཏབ། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་