15 Dec 2011
30 sec
Video Overview
Creators:
Unknown
Chöpel explains the Lhasa Great Offering ceremony to Dekyi.
ཆོས་འཕེལ་ལགས་ཀྱིས་བདེ་སྐྱིད་ལགས་ལ་ལྷ་སའི་ཚོགས་མཆོད་ལ་འགྲེལ་བཤད་བྱེད་པ།
- Lhasa
- ཆོས་འཕེལཁྱེད་རང་གིས་ལྷ་སའི་ཚོགས་མཆོད་གཟིགས་མྱོང་ངས༿ངམ་༾།khyed rang gis lha sa'i tshogs mchod gzigs myong ngas{ngam }/Have you ever taken part in the Great Offering?
- བདེ་སྐྱིད་ལགསཁྱོན་ནས་མཇལ་མ་མྱོང་།khyon nas mjal ma myong /I have never taken part.
- བདེ་སྐྱིད་ལགསསེར་ཕང་མ་ཡིན་པ་ག་༿གང་༾རེ་ག་༿གང་༾རེ་མཇལ་ཡག་ཡོད་རེད།ser phang ma yin pa ga {gang }re ga {gang }re mjal yag yod red/What's there to see apart from the procession?
- ཆོས་འཕེལགཏོར་རྒྱག་ཡོད་རེད།gtor rgyag yod red/The immolation of torma,
- ཆོས་འཕེལདེ་ལ་དམིགས་གསལ་གླུད་འགོང་རྒྱལ་པོ་འདོན་གྱི་རེད།de la dmigs gsal glud 'gong rgyal po 'don gyi red/for that the scapegoat appears.
- བདེ་སྐྱིད་ལགསདེ་ག་༿གང་༾འདྲས་རེ་ཅིག་ཡོད་རེད།de ga {gang }'dras re cig yod red/Oh yes, what's he like?
- ཆོས་འཕེལཁྱད་མཚར་པོ་ཅིག་ཡོད་རེད།khyad mtshar po cig yod red/Very strange.
- ཆོས་འཕེལཁོའི་འགྲམ་པ་གཡས་པ་དེ་དཀར་པོ་བཟོས་ཡོད་རེད།kho'i 'gram pa g.yas pa de dkar po bzos yod red/His right cheek is painted white.
- ཆོས་འཕེལའགྲམ་པ་གཡོན་མ་དེ་ནག་པོ་བཟོས་ཡོད་རེད།'gram pa g.yon ma de nag po bzos yod red/His left cheek is painted black.
- བདེ་སྐྱིད་ལགསཨ་ཙི་་་་དེའི་དོན་དག་ག་རེ་ཡིན་པ་ནོ།a tsi de'i don dag ga re yin pa no/Well! I wonder what that means?