Skip to main content Skip to search
15 Dec 2011
30 sec
Video Overview
Creators: 
Unknown

Chöpel explains the Lhasa Great Offering ceremony to Dekyi.

ཆོས་འཕེལ་ལགས་ཀྱིས་བདེ་སྐྱིད་ལགས་ལ་ལྷ་སའི་ཚོགས་མཆོད་ལ་འགྲེལ་བཤད་བྱེད་པ།

Transcript search
No results found for this search
0 of 0
  • ཆོས་འཕེལ
    ཁྱེད་རང་གིས་ལྷ་སའི་ཚོགས་མཆོད་གཟིགས་མྱོང་ངས༿ངམ་༾།
    khyed rang gis lha sa'i tshogs mchod gzigs myong ngas{ngam }/
    Have you ever taken part in the Great Offering?
  • བདེ་སྐྱིད་ལགས
    ཁྱོན་ནས་མཇལ་མ་མྱོང་།
    khyon nas mjal ma myong /
    I have never taken part.
  • བདེ་སྐྱིད་ལགས
    སེར་ཕང་མ་ཡིན་པ་ག་༿གང་༾རེ་ག་༿གང་༾རེ་མཇལ་ཡག་ཡོད་རེད།
    ser phang ma yin pa ga {gang }re ga {gang }re mjal yag yod red/
    What's there to see apart from the procession?
  • ཆོས་འཕེལ
    གཏོར་རྒྱག་ཡོད་རེད།
    gtor rgyag yod red/
    The immolation of torma,
  • ཆོས་འཕེལ
    དེ་ལ་དམིགས་གསལ་གླུད་འགོང་རྒྱལ་པོ་འདོན་གྱི་རེད།
    de la dmigs gsal glud 'gong rgyal po 'don gyi red/
    for that the scapegoat appears.
  • བདེ་སྐྱིད་ལགས
    དེ་ག་༿གང་༾འདྲས་རེ་ཅིག་ཡོད་རེད།
    de ga {gang }'dras re cig yod red/
    Oh yes, what's he like?
  • ཆོས་འཕེལ
    ཁྱད་མཚར་པོ་ཅིག་ཡོད་རེད།
    khyad mtshar po cig yod red/
    Very strange.
  • ཆོས་འཕེལ
    ཁོའི་འགྲམ་པ་གཡས་པ་དེ་དཀར་པོ་བཟོས་ཡོད་རེད།
    kho'i 'gram pa g.yas pa de dkar po bzos yod red/
    His right cheek is painted white.
  • ཆོས་འཕེལ
    འགྲམ་པ་གཡོན་མ་དེ་ནག་པོ་བཟོས་ཡོད་རེད།
    'gram pa g.yon ma de nag po bzos yod red/
    His left cheek is painted black.
  • བདེ་སྐྱིད་ལགས
    ཨ་ཙི་་་་དེའི་དོན་དག་ག་རེ་ཡིན་པ་ནོ།
    a tsi de'i don dag ga re yin pa no/
    Well! I wonder what that means?