Skip to main content Skip to search
01 Oct 2018
5 min 36 sec
Video Overview
Creators: 
Penchela, Yeshi Wangchuk

Sonam Choden sings “The Great Master of Tibet” (Sabökyi Tokden). The lyrics to the song speak of a man, Tokden, who was very well educated from an early age. According to Loden Foundation researcher Sonam Chophel, Tokden was one of the ministers in the court of the famous Tibetan king Songtsen Gampo—the founder of the Tibetan Empire who introduced Buddhism to Tibet. One day, Tokden decided to go on a pilgrimage to visit sacred places in Bhutan, such as Paro Taktsang, and other places in Tibet. On his religious journey, he met the Tibetan king, who cleansed his defilements. In short, the song talks about Tokden's life story, his wisdom in pursuing education at an early age, and the religious inclination of his mature years. 

བསོད་ནམས་ཆོས་སྒྲོན་གྱི་ ས་བོད་ཀྱི་རྟོགས་ལྡན་ཟེར་བའི་གླུ་གཞས་འཐེན་དོ་ཡོདཔ་ཨིན། གླུ་གཞས་ཀྱི་ཚིག་ནང་ལུ་ ཕོ་སྐྱེས་རྟོགས་ལྡན་གྱི་སྐོར་ལས་ བཤད་དོ་ཡོདཔ་དང་ རྟོགས་ལྡན་འདི་ ཆུང་ཀུའི་བསྒང་ལས་རང་ ཆོས་ཡོན་ཏོན་ལེགས་ཤོམ་སྦེ་ལྷབ་ཡོད་པའི་ མི་ངོམ་ཅིག་ཨིན་མས། བློ་ལྡན་གཞི་ཚོགས་ཀྱི་ཞིབ་འཚོལ་པ་ བསོད་ནམས་ཆོས་འཕེལ་གྱི་བཤད་མི་ནང་ རྟོགས་ལྡན་འདི་ བོད་ཀྱི་རྒྱལཔོ་ སྲོང་བཙན་སྒམ་པོ་གིས་ བློན་པོ་ཚུ་གིས་ནང་ལས་ གཅིག་རྟོགས་ལྡནཨིན་ཟེར་ཨིན་མས། ཉིནམ་གཅིག་ རྟོགས་ལྡན་འདི་ འབྲུག་རྒྱལ་ཁབ་དང་ བོད་རྒྱལ་ཁབ་ཚུ་ནང་ཡོད་པའི་ གནས་རྩ་ཅན་ཚུ་མཇལ་བར་འགྱོ་ཡི་ཟེར་ཨིན་མས། དེ་སྦེ་གནས་མཇལ་བར་འགྱོ་བའི་ལམ་ཁར་ ཆོས་སེམས་ཅན་གྱི་རྒྱལ་པོ་གཅིག་དང་ འཕྱད་དེ་་ཁོ་གིས་ བཙོག་གྲིབ་ཚུ་གེ་ར་ ཧིང་སང་ས་བཟོ་བྱིན་ཡི་ཟེར་ཨིན་མས། མ་གཞི་ གླུ་གཞས་ཀྱི་ རྟོགསལྡན་གྱི་ མི་ཚེའི་ལོ་རྒྱུས་དང་ ལོ་ན་ཆུང་ཀུའི་དུས་ལུ་ ཤེས་རབ་ཀྱིས་ཡོན་ཏོན་ལེན་ཐངས་ དེ་ལས་ ལོ་ན་ཚོད་སྨིན་པའི་སྐབས་ དམ་པའི་ཆོས་ལུ་ འདོད་པ་བསྐྱེད་པའི་སྐོར་ལས་ བཤད་དོ་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཨོ་མོ་ཨོ་མོ་མ་ཎི་ལ་པདྨེ་ཧཱུཾ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཨོཾ་དར་ལས་ས་མ་ཎི་ལ་པདྨེ་ཧཱུཾ། །པདྨེ་ཧཱུཾ།
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ས་བོད་ཀྱི་སྟོང་ལྡན་དབའི་སྟོང་ལྡན་ལོ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཡུམ་ཨ་མའི་ཁོང་ལས་དབའི་ཆོས་སེམས་སྐྱེས། །ཆོས་སེམས་སྐྱེས།
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ལོ་གཅིག་དང་གཉིས་ལུ་དབའི་ཀ་ཀུ་བལྟ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ལོ་གསུམ་དང་བཞི་ལུ་དབའི་ཡིག་ངོ་ཕྱེ། །ཡིག་ངོ་ཕྱེ།
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ལོ་དྲུག་གསུམ་བཅོ་བརྒྱད་དབའི་གནས་བསྐོར་བྱོན། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    གནས་ཆེ་བ་མཇལ་ས་དབའི་ཆུང་མ་(ཆུང་བ་)མཇལ། །ཆུང་མ་(ཆུང་བ་)མཇལ།
  • བསོད་ནམས་ཆོས་སྒྲོན་ Sonam Choden
    གནས་ཆེ་བ་སྤ་རོ་དབའི་སྟག་ཚང་མཇལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    གནས་ཆུང་མ་(ཆུང་བ་)སྤ་རོ་དབའི་སྐྱིད་ཆུ་མཇལ། །སྐྱིད་ཆུ་མཇལ།
  • བསོད་ནམས་ཆོས་སྒྲོན་ Sonam Choden
    གནས་དེ་ཚུ་ག་ར་དབའི་མཇལ་ཚར་རུང་། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    རྒྱ་མི་གི་རྣམ་ཐར་དབའི་མཇལ་མ་ཚུགས། །མཇལ་མ་ཚུགས།
  • བསོད་ནམས་ཆོས་སྒྲོན་ Sonam Choden
    རྒྱ་མི་གི་རྣམ་ཐར་དབའི་མཇལ་དགོ་ན། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    བོད་སྤྲུལ་པའི་ཆོས་རྒྱལ་དབའི་མཇལ་དགོ་པས། །མཇལ་དགོ་པས།
  • བསོད་ནམས་ཆོས་སྒྲོན་ Sonam Choden
    བོད་སྤྲུལ་པའི་ཆོས་རྒྱལ་དབའི་མཇལ་ཚརཝ་ལས། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    རང་སྟོང་ལྡན་དྲིལ་བུ་(སྒྲིབ་པ་)དབའི་དེ་ལས་དག།དེ་ལས་དག། །།