Skip to main content Skip to search
22 Aug 2018
4 min 1 sec
Video Overview
Creators: 
Duptho

A group of men from Tongling village in Radhi, Trashigang sings a boedra song entitled “Chewa Wangchen Poenpo Zhug”, which loosely translates as “A Great King Lives.” This song can be performed on any occasion. They say that today many youth are not interested to learn from their elders, as they are influenced by Western music. 

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ སྟོང་གླིང་གཡུས་ཚན་ལས ཕོ་སྐྱེ་སྡེ་ཚན་ཅིག་གིས་ གླུ་གཞས་ཁྱོད་དབང་ཆེན་དཔོན་པོ་བཞུགས་ཟེར་མི་འདི་ འཐེནམ་ཨིནམ་ད་ འབྲུག་གི་གླུ་གཞས་ཀྱི་དབྱེ་ཁག་ལས་ གླུ་གཞས་འདི་བོད་སྒྲའི་གྱལ་ཁར་ཚུདཔ་མས། གླུ་གཞས་འདི་དུས་ཚོད་ག་ཅི་བཟུམ་ན་ཡང་འཐེན་བཏུབ་ཨིན་རུང་ ད་རེས་ནངས་པའི་ ན་གཞོན་ཚུ་མང་ཤོས་ཅིག་ རྒྱལ་ཁབ་གཞན་ཁའི་ སྙན་ཆ་དང་གླུ་གཞས་ལུ་དགའ་མི་ལུ་བརྟེན་ འདི་བཟུམ་གྱི་ང་བཅས་རའི་ འབྲུག་གི་གླུ་གཞས་ཚུ་ལུ་ སྤྲོ་བ་མི་བསྐྱེདཔ་ལས་ མ་འོངས་པའི་ནང་ ཉམས་འགྱོ་ནིའི་ཉེན་ཁག་སྦོམ་འདུག། 

 

Transcript search
No results found for this search
0 of 0
  • ཕྱག་རྡོར་དང་ཆ་རོགས་ཚུ Chador and Friends
    ཨོཾ་ཨོཾ་མ་ཎི་པདྨ་ཧཱུཾ། །ཡ་སོ་ དམ་པའི་ཆོས་ལ་སྐྱབས་སུ་ཆེ། །སྐྱབས་སུ་ཆེ། །
  • ཕྱག་རྡོར་དང་ཆ་རོགས་ཚུ Chador and Friends
    ཆེ་བ་དབང་ཆེན་དཔོན་པོ་འགྲོ་དོན་འདི་ཡོད། །ཆུང་བ་མཚན་ལྡན་བླམའི་ལ་འགྲོ་དོན་ཡོད། །འགྲོ་དོན་ཡོད།
  • ཕྱག་རྡོར་དང་ཆ་རོགས་ཚུ Chador and Friends
    གསུམ་པ་དྲིན་ཅན་ཕ་མ་གཉིས་ཀྱི་འགྲོ་དོན་ཡོད། །བར་དུ་བུ་དང་བུ་མོ་ལ་དགའ་ཉམས་འདུག །དགའ་ཉམས་འདུག །
  • ཕྱག་རྡོར་དང་ཆ་རོགས་ཚུ Chador and Friends
    བུ་དང་བུ་མོ་སྐྱིད་པས་དབང་ཆེན་དཔོན་པོ། །དབང་ཆེན་དཔོན་པོ་གཉིས་ཀྱི་སྐུ་དྲིན་གྱི། །སྐུ་དྲིན་གྱི། །
  • ཕྱག་རྡོར་དང་ཆ་རོགས་ཚུ Chador and Friends
    ས་གི་བདག་པོ་མི་དབང་མངའ་བདག་གི། །གནམ་གྱི་བདག་པོ་མངའ་བདག་རྒྱལ་པོ། །མངའ་བདག་རྒྱལ་པོ། །
  • ཕྱག་རྡོར་དང་ཆ་རོགས་ཚུ Chador and Friends
    མི་སེར་ཡོངས་ཀྱི་བདག་པོ་མངའ་བདག་རྒྱལ་པོ། །རང་མི་སེར་ཡོངས་ཀྱི་སྨོན་ལམ་ལན་གསུམ་བཞུགས། །སྨོན་ལམ་ལན་གསུམ་བཞུགས། ། ལ་སོགས་ལགས།