Video Overview
Yeshi Choden of Radhi Gewog, Tashigang sings an old boedra song entitled Lhundup Tse Gi Dzongchen (The Great Fortress of Lhuntse). This song describes the fortress of Lhuntse, and it was composed by a Dzongpon of Lhuntse Dsitrict. It was primarily performed by the people of Lhuntse during important occasions or celebrations. Due to its auspicious lyrics, it is now performed in all the parts of the Bhutan. It is performed in circular formation of around five to twenty dancers.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཡེ་ཤེས་ཆོས་སྒྲོན་གྱི་ འབོད་སྒྲའི་ཞབས་ཁྲ་ ལྷུན་གྲུབ་བརྩའི་རྫོང་ཆེན་འདི་འཐེན་ནུག། ཞབས་ཁྲ་འདི་ཡང་ ལྷུན་རྩེ་རྫོང་གི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིན་མས། དེ་ཡང་ལྷུན་རྩེ་རྫོང་དཔོན་ གཅིག་གི་རྩོམ་སྒྲིག་ འབད་གནང་ནུག། ཞབས་ཁྲ་འདི་ ལྷན་རྩེ་གི་མི་ མང་ཆེ་བ་གི དགའ་སྟོན་གལ་ཅན་དང་རྟེན་འབྲེལ་ སྐབས་ཁྲབ་ནི་ཡོདཔ་ཨིན། ཞབས་ཁྲ་འདི་ལུ་ བཀྲ་ཤིས་པའི་ཚིག་ཡོདཔ་ལས ད་རེས་ནངས་པར་ ལུང་ཕྱོགས་སོ་སོ་ནང་ལུ་ཡང་ རྐྱབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་ སྒོར་སྒོམས་ནང་ལུ་འབད་ མི་ལྔ་ལས་ཉི་ཤུ་བར་ རྐྱབ་སློལ་ཡོདཔ་ཨིན།
- Trashigang
- Radhi
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenལྷུན་གྲུབ་རྩེ་ཡི་རྫོང་ཆེན་(ཡ་ལ)། །འཕུར་འགྲོ་ཆགས་པ་འདྲ་དོ། །འཕུར་འགྲོ་ཆགས་པ་འདྲ་དོ། །འཕུར་འགྲོ་ཆགས་འདྲ་དོ་(ཡ་ལ)། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག་གོ །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenལྷུན་གྲུབ་རྩེ་གི་སྒོ་ར་(ཡ་ལ)། །གསེར་སྒོ་དངུལ་སྒོ་འདྲ་དོ། །གསེར་སྒོ་དངུལ་སྒོ་འདྲ་དོ། །གསེར་སྒོ་དངུལ་སྒོ་འདྲ་དོ་(ཡ་ལ)། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག་གོ །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenལྷུན་གྲུབ་རྩེ་གི་རྡོན་ཁྲི་(ཡ་ལ)། །ཆོས་ཀྱི་པོ་ཏི་འདྲ་དོ། །ཆོས་ཀྱི་པོ་ཏི་འདྲ་དོ། །ཆོས་ཀྱི་པོ་ཏི་འདྲ་དོ་(ཡ་ལ)། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག་གོ །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenལྷུན་གྲུབ་རྩེ་གི་རྡོ་གཅལ་(ཡ་ལ)། །གཡུ་ཆུང་འབྲུག་དཀར་(ཡ་ལ)འདྲ་དོ། །གཡུ་ཆུང་འབྲུག་དཀར་འདྲ་དོ། །གཡུ་ཆུང་འབྲུག་དཀར་འདྲ་དོ་(ཡ་ལ)། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག་གོ །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenལྷུན་གྲུབ་རྩེ་གི་གཟིམ་ཅུང་(ཡ་ལ)། །བཀྲིས་སྒོ་མང་འདྲ་དོ། བཀྲིས་སྒོ་མང་འདྲ་དོ། །བཀྲིས་སྒོ་མང་འདྲ་དོ་(ཡ་ལ)། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག་གོ །ལགས་སོ།། །།