Skip to main content Skip to search
05 Jun 2018
6 min 57 sec
Video Overview
Creators: 
Dawa Tshering

Tshering Lham from Bongo Gewog sings a boedra song that commomerates and pasy homage to the great spiritual Buddhist masters such as Dorjé Phakmo of Chokhor Lhasa in Tibet, Namkhai Nyingpo of Lhodra Karchung and Ngakwang Namgyel of Pungthang Dechen. Such songs are composed mainly to remember the spiritual masters for their great deeds for the benefit of all sentient beings. 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ མཚོ་ཁ་ལས་ཚེ་རིང་ལྷམོ་གིས་ འབོད་སྒྲའི་གླུ་གཞས་ ས་བོད་ཀྱི་བྱ་ཆེན་ངང་པ་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་གི་འབྱུང་ཁུངས་དང་བྱུང་རབས་ བརྩམས་པ་པོ་ཚུ་མི་ཤེས་དོ་ཡོདཔ་ཨིན་རུང་ ཨ་ནཱི་གླུ་གཞས་འདི་ རང་སྐྱིད་སྡུག་ཕོག་སྡོད་པའི་སྐབས་ལུ་འཐེན་ནི་གི་གླུ་གཞས་ཅིག་ཨིན་མས། གླུ་གཞས་ཀྱི་ཚིག་དང་འཁྲིལ་བ་ཅིན་ ཕམ་དང་སྤུན་ཆ་ཚུ་བཀོ་བཞག་སྟེ་ ཐག་རིང་སར་འགྱོ་དགོ་པའི་གནས་སྟངས་ཅིག་ནང་འཐེན་ནི་གི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་ཀྱི་ཚིག་ནང་ ས་བོད་ཀྱི་བྱ་ཆེན་ངང་པ་འདི། །རང་མ་འཕུར་ཟེར་བ་རྒྱ་ལུ་འཕུར་ཟེར་ རང་འགྱོ་དགོ་མ་མནོ་སྟེ་འབད་རུང་ འགྱོ་དགོཔ་འཐོནམ་ལས་ མ་འགྱོ་བ་ཐབས་རང་མིན་འདུག་ཟེར་ འཐེནམ་ཨིན་པས།

Transcript search
No results found for this search
0 of 0
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཨོ་མོ་ཨོ་མོ་མ་ཎི་ལ་པདྨེ་ཧཱུཾ། །ཨོམ་དང་ལས་སུ་མབ་ནི་ལ་པདྨེ་ཧཱུཾ། །
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ས་བོད་ཀྱི་བྱ་ཆེན་དབའེ་ངང་པ་ས། །ཁྱོད་མ་འཕུར་ཟེར་བ་དབའེ་རྒྱ་ལུ་འཕུར། །མར་མ་ཆགས་ཟེར་བ་དབའེ་རྒྱ་ལུ་ཆགས། །མར་རྒྱ་ཡི་གསེར་ཁྲི་དབའེ་གྱལ་ཁ་ཆགས། །
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཚང་མ་འཚོལ་བ་ཟེར་བ་ཚང་ཅིག་འཚོལ། །ཚང་ལན་གཅིག་ཙན་དན་དབའེ་གུ་ལུ་འཚོལ། །ཡར་ཡོ་བོ་དང་ཧོར་པས་དབའེ་སྐྱིད་མ་སྟེར། །ཚང་ལན་གཅིག་ཙན་དན་དབའེ་རྩ་བར་འཚོལ། །
  • ཨམ་ཚེ་རིང་ལྷ་མོ
    Tshering lham: མར་སྦསཔ་དང་སྦུལ་གྱིས་སྐྱིད་མ་སྟེར། །ཚང་ལན་གཅིག་ཙན་དན་དབའེ་བར་མོ་འཚོལ། །བར་སྒོང་རྡོག་ལྔ་གསུམ་དབའེ་བཅོ་ལྔ་བུད། །ང་བྱི་ཅུང་བཞི་གསུམ་དབའེ་བཅུ་གཉིས་འཐོན། །
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ང་བྱི་ཅུང་གཤོག་སྒྲོ་དབའེ་མ་རྒྱགསཔ་ལས། །ཟླཝ་དང་པའི་སོར་ཟླ་དབའེ་ཚེས་ཆི་ནུག །ང་བྱ་ཆེན་བོད་ལུ་དབའེ་འཕུར་རནམ་མས། །ང་མ་འཕུར་ཟེར་བ་དབའེ་རྒྱ་ལུ་་་་ཡར་ལུ་འཕུར། །
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཡར་མ་འཕུར་ཟེརཝ་ད་དབའེ་ནམ་ལུ་འཕུར། །ཡར་མ་ལྡིང་ཟེར་བ་དབའེ་ནམ་ལུ་ལྡིང་། །ཡར་དགུང་དང་སྤྲིན་གྱི་དབའེ་མཚམས་ལུ་ལྷོད། །མར་མ་བལྟ་སེམས་ཀྱིས་དབའེ་བཟོད་མ་ཚུགས། །
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ང་བྱ་ཆེན་ལན་གཅིག་དབའེ་ལོག་བལྟ་ཚེ། །བྱ་མེད་པའི་བྱི་ཅུང་དབའེ་མགུ་རིལ་རི། །ཆུ་མེད་པའི་བརྡར་རྡོ་དབའེ་སྐམ་རག་རག །ང་བྱ་མོ་ལན་གཅིག་དབའེ་ལོག་དགོ་པས། །ལོག་དགོ་པས།། །།