Skip to main content Skip to search
29 Dec 2015
2 min 48 sec
Video Overview
Creators: 
Tibetan & Himalayan Library, Dudul Dorjee

This is a video of Drolle from Serchen in Amdo singing a song called "Gratitude for the Lama’s Kindness." This song is part of a series of folk songs from the Rebgong cultural area.

གླུ་འདི་ཡང་བླ་མ་དང་ཕ་མའི་དྲིན་དྲན་པའི་གླུ་གཞས་ཞིག་ཡིན་ལ། བོད་མིའི་དྲིན་གཟོའི་བསམ་བློ་ཡང་མཚོན་ཡོད།

གླུ་འདིའི་ནང་དུ་སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་གྱི་དྲིན་ལས་ནང་པ་སངས་རྒྱས་པའི་ཆོས་རྒྱ་གར་ནས་བོད་དུ་སྤྱན་དྲངས་པ་དང་། གཞུང་ལ་ལོ་ཙཱ་བྱས་ཏེ་བོད་ཡིག་ཏུ་བསྒྱུར་བའི་དྲིན་དྲན་ཡོད་པ་དང་། ཡང་ཆུང་བྱིས་པའི་དུས་ནས་ལེགས་པར་བསྐྱངས་པའི་དྲིན་ཅན་ཕ་མའི་དྲིན་དྲན་ཡོད། ཐར་བ་དང་ཐམས་ཅན་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པའི་ལམ་སྟོན་མཁན་གྱི་བླ་མ་དང་མི་ལུས་རིན་ཆེན་བསྐྱེད་མཁན་གྱི་ཕ་མ་གཉིས་ཀྱི་བཀའ་དྲིན་བརྗོད་ཡོད།

Transcript search
No results found for this search
0 of 0
  • ༼ཡ་རེ་་་་་ངས་ཡ་རེ་ལེན། ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽
  • ཕ་བླ་མ་བཟང་བོའི་བཀའ་དྲིན་ལ། ། ༼ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽
  • ཤོག་བུ་དཀར་པོ་ཆོས་ལ་བསྒྱུར། ། ༼ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽
  • ནང་བན་ཆུང་ཚོགས་ན་འདོན་སྤྱད་རེད། ། ༼ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽
  • ངས་གླུ་བར་མ་སྐད་ཀྱིས་མ་ཁུགས་ཐལ། ། ༼ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽
  • ནང་ཕ་ཁུ་བཟང་པོའི་བཀའ་དྲིན་ལ། ། ༼ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽
  • བདུད་རྩི་བསིལ་མ་ལོ་ལ་བསྙལ། ། ༼ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽
  • ནང་ཁྲོམ་པ་ཚོགས་ན་འཐུང་བྱེད་རེད། ། ༼ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽
  • གླུ་ཤེས་ནི་མིན་ཡང་དགོད་ཁ་སློངས། ། ༼ཨ་འགྲོ་ཨ། ཡང་གཅིག་ཉོན་ར་ཡང་གཅིག་ལོ་ཡང་ལེན།༽