Skip to main content Skip to search
05 Jan 2016
2 min 29 sec
Video Overview
Creators: 
Tibetan & Himalayan Library, Dudul Dorjee

This is a video of Tsethar Bum from Yonru Village in Chentsa singing a song called "The Grassland is the Nomad’s Home." This song is part of a collection of folk songs from the Rebgong cultural area.

འདི་ནི་ཨ་མདོ་རེབ་གོང་ས་ཁུལ་གྱི་དམངས་གླུ་ཞིག་སྟེ། རོང་འབྲོག་གི་ཁྱད་ཆོས་བརྗོད་ཡོད།

གླུ་འདིའི་ནང་དུ་རོང་འབྲོག་གཉིས་ནས་ཐོན་པའི་རྟ་དང་མདའ་གཉིས་ལ་བསྟོད་པ་བྱས་ཡོད་པ་དང་། འབྲོག་ཕྱོགས་ནས་རྟ་བཟང་པོ་ཐོན་པས་བོད་མིའི་སྐྱ་རྩལ་བཟང་བ་དང་། རོང་གི་ས་ནི་མཐའ་ཁུལ་དུ་ཡོད་པས་མི་རེའི་ལག་ན་མེ་མདའ་ཡོད་པ་དང་། དེ་ལ་བརྟེན་ནས་མཐའ་མཚམས་སྲུང་སྐྱོབ་བྱས་པས་བོད་མདའ་ཁ་བཙན་པར་གྲགས་ཡོད་དོ། །

Transcript search
No results found for this search
0 of 0
  • ཡེ་་་་་་་་་གླུ་བ་ལོ་ལོ་གླུ་ཞིག་ལེན།
  • ས་ཁ་རུ་ཁ་སྟོད་འབྲོག་གི་ས༼ཡེ་་་་་་་་་གླུ་བ་ལོ་ལོ་གླུ་ཞིག་ལེན། ༽། །
  • འབྲོག་མི་རེའི་ལག་ན་རྟ་རེ་ཡོད༼ཡེ་་་་་་་་་གླུ་བ་ལོ་ལོ་གླུ་ཞིག་ལེན། ༽། །
  • བོད་སྐྱ་རྩལ་བཟང་ནོ་དེ་དོན་རེད༼ཡེ་་་་་་་་་གླུ་བ་ལོ་ལོ་གླུ་ཞིག་ལེན། ༽། །
  • ས་ཁ་རུ་ཁ་སྨད་རོང་གི་ས༼ཡེ་་་་་་་་་གླུ་བ་ལོ་ལོ་གླུ་ཞིག་ལེན། ༽། །
  • རོང་མི་རེའི་ལག་ན་མདའ་རེ་ཡོད༼ཡེ་་་་་་་་་གླུ་བ་ལོ་ལོ་གླུ་ཞིག་ལེན། ༽། །
  • བོད་མདའ་ཁ་བཙན་ནོ་དེ་དོན་རེད༼ཡེ་་་་་་་་་གླུ་བ་ལོ་ལོ་གླུ་ཞིག་ལེན། ༽། །
  • གླུ་ཤེས་ཁུལ་བྱེད་ལ་དགོད་ཁ་སློངས༼ཡེ་་་་་་་་་གླུ་བ་ལོ་ལོ་གླུ་ཞིག་ལེན། ༽། །