Video Overview
༉ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་ལམ་སྲོལ་མ་འདྲཝ་ལེ་ཤ་ཡོད་པའི་གྲས་ལས་ ནང་པའི་ཆོས་དང་བོན་ཆོས་ཟེར་ གཉིས་ཡོད་པའི་ནང་གསེས་ བོན་ཆོས་ཀྱི་རིགས་སུ་གཏོགས་པ་ཅིག་ཨིན་པའི་ཁར་ བོན་པོའི་ལུགས་ལས་མོ་བཏབ་ཐངས་ལུ་ཡང་ ལྷམ་པ་ལེ་ཤ་ཡོདཔ་ཨིན། དེའི་གྲས་ལས་ ད་ལྟོ་ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྐྱེས་ཏོག་ཁ་ལུ་ བྱམས་ཅུམ་གྱིས་བཏབ་མི་མོ་འདི་ འབྲུ་མོ་བཏབ་ཐངས་ཅིག་ཨིནམ་ད་ མོ་དེ་ནང་ལས་ གསོན་འདྲེ་དང་རྒྱལཔོ་ཅིག་གིས་གནོདཔ་ཨིནམ་སྦེ་འཐོན་ནི་འདུག འ་ནཱི་འབྲུ་མོ་བཏབ་ཐངས་ལུ་ཡང་ ལྷམ་པ་གཉིས་སྦེ་མཐོང་ཚུགས་པས། གཅིག་འདི་ ད་ལྟོ་མོ་གིས་ཆུམ་བང་ཅུང་ནང་བླུགས་ཏེ་བལྟ་མི་དང་ གཅིག་འདི་ ཆུམ་ཅན་སྟེགས་གུ་བླུགས་སྦེ་བལྟ་ནི་གཅིག་ཡང་འདུག
- Bongo