Video Overview
This is a video of Zungbum Thar from Badzong, Amdo singing a song called "The Grace of a Parent’s White Hair." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་་་་་ཡ་རེ་ཡ་རེ་་་་ཡ་རེ་ལེན་དགོ ཞང་ཨ་དབྱངས་ཟེར་ར་གླུ་ཞིག་ལེན་དགོ༽
- རྟ་འདོ་བའི་རྨིག་སྣེ་དཀར་ནོ་འདི།།
- རྟ་ཆུང་རྟགས་མ་རེད་རྒས་རྟགས་རེད།།
- ལྕག་ཕྲ་མོས་མ་རྒྱག་རྟ་བདག་ཚོ།།
- རྟ་རྒས་ན་ལྕག་སྣེ་བཟོད་རབས་མེད།།
- མཛོ་ཁྱུང་དཀར་རྭ་ཁ་གོར་ནོ་གན།།
- མཛོ་ཆུང་རྟགས་མ་རེད་རྒས་རྟགས་རེད།།
- ཁལ་ལྗིད་མོ་མ་འགེལ་མཛོ་བདག་ཚོ།།
- ལོ་ལོན་ན་ལྗིད་མོ་ཐེག་རབས་མེད།།
- དྲིན་ཕ་མའི་སྐྲུ་མཐའ་དཀར་ནོ་གན།།
- མི་ཆུང་རྟགས་མ་རེད་རྒས་རྟགས་རེད།།
- ཁ་ཚིག་ལོག་མ་རྒྱག་བུ་ཕྲུག་ཚོ།།
- ལོ་ལོན་ན་ཚིག་ལོག་ཐེག་རབས་མེད།།
- གླུ་སྐྱིད་ལ་འགུག་སྟེ་བོད་ལ་ལེན།།