Video Overview
This is a video of Kesang from Garu Village in Chentsa singing a song called "The Good Wild Wolf." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་ལ་དབྱངས་ཀི་ལོ་ལོ་་་ངས་གླུ་ཞིག་ལེན༽
- འདི་རི་སྤྱང་སྔོན་མོ༼ལ་དབྱངས་ཀི་ལོ་ལོ༽ཧེ་རན་སྤྱང་། །
- ལོ་ལོན་རགས་རྒྱུག་ན༼ལ་དབྱངས་ཀི་ལོ་ལོ༽ཆད་རྒྱུ་མེད། །
- འདི་ཕོ་རོག་ནག་ཆུང༼ལ་དབྱངས་ཀི་ལོ་ལོ༽ཧེ་རན་བྱ། །
- ལོ་ལོན་རགས་སྐད་ཅིག༼ལ་དབྱངས་ཀི་ལོ་ལོ༽གྲགས་རྒྱུ་མེད། །
- འདི་སྲིད་པ་རྒན་པོ༼ལ་དབྱངས་ཀི་ལོ་ལོ༽ཧེ་རན་བུ། །
- ལོ་ལོན་རུང་གསུང་ལ༼ལ་དབྱངས་ཀི་ལོ་ལོ༽ནོར་རྒྱུ་མེད། །
- གླུ་ཤེས་ནི་མིན་ཡང༼ལ་དབྱངས་ཀི་ལོ་ལོ༽རྩེ་དགའ་རེད། །