Skip to main content Skip to search
25 Jan 2016
2 min 34 sec
Video Overview
Creators: 
Sonam Chophel, Dawa Tshering

གཞུང་སྒྲའི་གླུ་གཞས་ ཡུལ་བཟང་བོད་ཀྱི་རི་ལ་འདི་ མི་ལེ་ཤ་གིས་འཐེན་ནི་འདུག ཨིནམ་ད་ལུ་ གདངས་དབྱངས་འདི་ དབུགས་རིང་ཐུང་གི་ཁྱད་པར་ ཨ་ཙི་རེ་ཆགསཔ་མ་གཏོགས་ གདངས་དབྱངས་ཀྱི་གཞི་གཅིག་རང་ཨིན་པས། ཨིན་རུང་ ཚིག་གི་ཐད་ཁར་ གཞན་གྱིས་འཐེན་མི་དང་ སྤུ་ན་ཁ་ཡེ་སྦི་ས་ལས་ ཨོ་རྒྱན་གྱིས་འཐེན་མི་འདི་ མ་འདྲཝ་སྦེ་ར་འཐེན་ནི་འདུག དེ་ཡང་ ཡུས་བཟང་བོད་ཀྱི་རི་ལ། །གསེར་གྱི་མཚོ་མོ་འཁྱིལ་ཡོད། །གསེར་གྱི་མཚོ་མོའི་ནང་ལས། །གསེར་གྱི་མེ་ཏོག་འཁྲུངས་ཡོད། །ཟེར་ འཐེན་ནི་ཡོདཔ་ཨིན་རུང་ ཨོ་རྒྱན་གྱིས་འཐེནམ་ད་ལུ་ གསེར་གྱི་མཚོ་མོའི་ནང་ལས། །དུང་དཀར་གཡས་འཁྱིལ་འཁྲུངས་ཡོད། །ཟེར་ འཐེན་ནི་འདུག དེ་འབདཝ་ལས་ གཞན་གྱིས་འཐེན་མི་དང་ ཨོ་རྒྱན་གྱིས་འཐེན་མི་ལུ་ ཁྱད་པར་སྦོམ་སྦེ་ར་འདུག།

 

The zhungdra song "Good Mountain of Tibet” (Yuezang Baykyi Rila) is very popular. Even though the base is same, vocal tones differ from one individual to another. But when it comes to lyrics, there is a huge contrast between how others sing the song and how Ugyen Dema sings it.

 

Transcript search
No results found for this search
0 of 0
  • ཨྱོན་སྒྲོལ་མ། Ugyen Dema ཡུལ་བཟང་བོད་ཀྱི་རི་ལ། ། The good village of Tibet
  • ཨྱོན་སྒྲོལ་མ། Ugyen Dema གསེར་གྱི་མཚོ་མོ་འཁྱིལ་ཡོད། ། has a swirling golden ocean
  • ཨྱོན་སྒྲོལ་མ། Ugyen Dema ཡ་ལ་་་གསེར་གྱི་མཚོ་མོ་འཁྱིལ་ཡོད། ། ya la....
  • ཨྱོན་སྒྲོལ་མ། Ugyen Dema གསེར་གྱི་མཚོ་མོའི་ནང་ལས། ། from the golden ocean
  • ཨྱོན་སྒྲོལ་མ། Ugyen Dema དུང་དཀར་གཡས་འཁྱིལ་འཁྲུངས་ཡོད། ། a conch with right swirl is found
  • ཨྱོན་སྒྲོལ་མ། Ugyen Dema ཡ་ལ་་་དུང་དཀར་གཡས་འཁྱིལ་འཁྲུངས་ཡོད། ། ya la.....a conch with right swirl is found
  • ཨྱོན་སྒྲོལ་མ། Ugyen Dema མཚོ་ལས་དུང་དཀར་ཞུ་འདི། ། The conch was to be taken
  • ཨྱོན་སྒྲོལ་མ། Ugyen Dema ཕུལ་ས་བླ་མའི་ཕྱག་ལུ། ། and offered to my Lama
  • ཨྱོན་སྒྲོལ་མ། Ugyen Dema ཡ་ལ་་་ཕུལ་ས་བླ་མའི་ཕྱག་ལུ། ། ya la....and offered to my Lam
  • ཨྱོན་སྒྲོལ་མ། Ugyen Dema བླ་མའི་ཕྱག་ལས་ཞུ་འདི། ། and from his hand, I shall receive it again
  • ཨྱོན་སྒྲོལ་མ། Ugyen Dema ཕུལ་ས་མཆོད་བཤམ་ཁྲ་མོ། ། offer it in the shrine room
  • ཨྱོན་སྒྲོལ་མ། Ugyen Dema ཡ་ལ་་་་ཕུལ་ས་མཆོད་བཤམ་ཁྲ་མོ། ། ya la....offered in the shrine room