Skip to main content Skip to search
06 Nov 2015
2 min 35 sec
Video Overview
Creators: 
Duptho , Chimi Wangmo

༉ གླུ་གཞས་ གཡུས་བཟང་བོད་ཀྱི་རི་ལ་འདི་ གླུ་གཞས་ཀྱི་གྲལ་ལས་གཞུང་སྒྲ་འདི་ཨིནམ་དང་ གླུ་གཞས་འདི་ ག་གིས་བརྩམས་ཅི་ག་ ནམ་བརྩམས་བརྩམས་ཨིན་ན་མི་ཤེས་པས། འདི་བཟུམ་གྱི་གླུ་གཞས་ཚུ་ དབུགས་རིང་ཐུང་གི་ཁྱད་པར་ལུ་བརྟེན་ཏེ་ གདངས་དབྱངས་ལུ་ཁྱད་པར་ཆགསཔ་ཨིན་པས། ཨིན་རུང་གླུ་གཞས་ཀྱི་ཚིག་འབད་བ་ཅིན་ ས་གནས་ཅིག་ལུ་གཞི་བཞག་སྟེ་བརྩམས་བརྩམས་ཅིག་ཨིན་མས། དེ་ཡང་ གཡུས་བཟང་བོད་ཀྱི་རི་ལུ་གསེར་གྱི་མཚོ་མོ་འཁྱིལ་ གསེར་གྱི་མཚོ་མོའི་ནང་ལས་གསེར་གྱི་བུམ་པ་འཁྲུངས་ གསེར་གྱི་བུམ་པ་ནང་ལས་གསེར་གྱི་མེ་ཏོག་ཤར་ གསེར་གྱི་མེ་ཏོག་ཤར་ན་མཆོད་བཤམས་ཁྲ་མོ་ལུ་ཕུལ་ཟེར་ བཀྲ་ཤིས་གཡང་རྩེ་ཕྱེ་མ་ལས་ སྒྲོལ་མ་ལྷ་མོ་གིས་འབད་འཐེནམ་ཨིན་པས།

The song Youezang bod ki rila is a Zhungdra song and the time of composition and author is unknown. These types of song are sung with slight difference in terms of lyrics due to difference in location and lack of education, people can’t remember original lyrics but the tone of this song remained the same. The lyrics basically describes about the offering of lotus flower to the religious masters and its origin. The lyrics reveal that the lotus flower was born from golden vessel in golden lake of auspicious hamlet of Tibet and then these flower is subject to offer in the alter. Thus, the song is a religious song.