Skip to main content Skip to search
15 Feb 2017
4 min 45 sec
Video Overview
Creators: 
Norzin Lhamo, Kencho Wangmo

ཀྲོང་གསར་རྫོང་ཁག་ ཚང་ཁ་གཡས་ཚན་གྱི་ཨམ་སྲུ་ཚུ་གིས་ གཙང་གི་སྒོམ་པ་ལྷ་མོ་ཟེར་མི་ གཞུང་སྒྲའི་ཞབས་བྲོ་འདི་ ཀྲོང་གསར་རྫོང་གི་རྡོ་ཆལ་ནང་སྦེ་རྐྱབ་ཨིན་པས། གླུ་གཞས་འདི་གིས་ བོད་གཙང་ལུང་གཤོང་འདི་ བྱིན་རླབས་ཆེ་བའི་སྐོར་ལས་ བཤད་པ་རྐྱབ་སྟེ་ ས་གནས་འདི་ཁར་ དམ་པའི་ཆོས་དར་ཏེ་ ཆོས་གླིང་སྒྲ་ རྣ་བ་གོ་མི་གིས་ མི་ཚུ་ དམ་པའི་ཆོས་ལུ་སྐུལ་བ་མ་ཚད་ གཙང་གི་ལུང་གཤོང་འདི་ དམ་པའི་ཆོས་བཙུགས་གནས་མི་ སངས་རྒྱས(བླ་མ) འདི་སེམས་ཁར་ཤརཝ་མས་ཟེར་ཨིན་པས།

Transcript search
No results found for this search
0 of 0
  • ཚང་ཁའི་ཨམ་སྲུ་ཚུ།
    གཙང་གི་སྒོམ་པ་ལྷ་མོ། །གསུང་གི་ཁུ་བྱུག་སྔོན་མོ། །མཐོ་བོ་རི་གོ་ལ་བརྒལ། །
  • ཚང་ཁའི་ཨམ་སྲུ་ཚུ།
    [སྐུ་མདོག་རི་གི་རྩེ་ལ། །སྒྲིབ་པ་ངན་སོང་གྲོལ་ཡོད། །སྒྲིབ་པ་ངན་སོང་གྲོལ་ཡོད། །?]
  • ཚང་ཁའི་ཨམ་སྲུ་ཚུ།
    ཡར་འགྲོ་རི་གི་རྩེ་ལ། །ཆོས་ཀྱི་བསྟན་པ་དར་ཡོད། །ཆོས་ཀྱི་བསྟན་པ་དར་ཡོད། །
  • ཚང་ཁའི་ཨམ་སྲུ་ཚུ།
    དཀར་པོ་དུང་གི་རྒྱང་བསྒྲགས། །བློ་སེམས་ཆོས་ལུ་བཙུགས་ཡོད། །བློ་སེམས་ཆོས་ལུ་བཙུགས་ཡོད། །
  • ཚང་ཁའི་ཨམ་སྲུ་ཚུ།
    ཤཱཀྱ་ཆོས་ཀྱི་བང་མཛོད། །སྐོར་ར་ལན་གསུམ་རྐྱབ་ཡོད། །སྐོར་ར་ལན་གསུམ་རྐྱབ་ཡོད། །
  • ཚང་ཁའི་ཨམ་སྲུ་ཚུ།
    ལྷ་སའི་གཙང་ཆུ་སྔོན་མོ། །གསེར་གྱི་ཟམ་པ་མི་བཙུགས། །ལྕགས་ཟམ་བཙུགས་ནས་ལོག་འགྲོ།། །།