Skip to main content Skip to search
25 Jan 2016
3 min
Video Overview
Creators: 
Sonam Chophel, Dawa Tshering

གཞུང་སྒྲ་དང་ བོད་སྒྲ་ རིག་གསར་ཚུ་གི་གྲས་ཁར་མ་ཚུད་པའི་ གཞས་ཟེར་ སླབ་སྲོལ་ཡོད་པའི་ནང་ལས་ ཝང་གཞས་ འོ་ཆུ་པའི་གཞས་ ནུ་སྦི་གི་གཞས་ཟེར་ གཞས་ལུ་ཡང་ལེ་ཤ་ཅིག་འདུག དེ་གི་ནང་ལས་ཝང་གཞས་ལུ་ཡང་ ལྷམ་པ་ལེ་ཤ་ཡོདཔ་ད་ སྤུ་ན་ཁ་རི་རྩ་ལས་ རྣམ་རྒྱས་ཀྱིས་འཐེན་མི་གཞས་འདི་ ཝང་གཞས་ལྷ་ས་ཇོ་བོའི་གསེར་ཏོག་ཟེར་མི་འདི་ཨིན་པས། གཞས་འདི་གི་ཚིག་ཉན་བལྟཝ་ད་ ལྷ་ས་ཇོ་བོ་གི་གསེར་ཏོག འདི་མཐོང་ཚེ་གོང་མ་བླ་མའི་ཕ་ཡུལ། ཤར་གྱི་ཤིང་ལ་ལྕང་མའི་ལོ་འདབ། འདི་མཐོང་ཚེ་རྒྱ་ནག་དམངས་ཀྱི་བསང་རྫས། མཚན་ལྡན་བླ་མའི་གསུང་བཤད། འདི་གོ་ཚེ་གྲྭ་ཚང་དམངས་ཀྱི་ཚོགས་གཏམ། མཉམ་གྲོགས་གཞོན་པའི་གླུ་གཞས། འདི་གོ་ཚེ་དྲིན་ཅན་ཕ་མའི་བསྐོར་གཏམ། ཟེར་འཐེན་ནི་འདུག།

There are many types of zhey, among which four – wang, goen, nub and woochupai zhey – are considered to be the main ones. Those four main categories of zhey have their own subcategories as well. In particular, wang zhey has many subcategories. In this video, Namgay from Ritsa in Punakha sings “The Golden Turret of Lhasa Jowo” (Lhasa Jowo Woi Sertog), a song belonging to a subcategory of wang zhey. 

Transcript search
No results found for this search
0 of 0
  • རྣམ་རྒྱས། Namgay ལྷ་ས་ལ་ཇོ་བོ་གི་གསེར་ཏོག་དེའི་མཐོང་ཚེ། ། when i saw the golden tip of lhasa jowo
  • རྣམ་རྒྱས། Namgay སྒོམ་པ་བླ་མའི་ཕ་ཡུལ་དེའི་ཚད་རེ་སོང་། ། its the village of gompa lama
  • རྣམ་རྒྱས། Namgay སྒོམ་པ་བླ་མའི་ཕ་ཡུལ་དེའི་ཚད་རེ་སོང་། ། its the village of gompa lama
  • རྣམ་རྒྱས། Namgay ཤར་རྒྱས་ཤིང་ལ་ལྕང་མའི་ལོ་འདབ་དེའི་མཐོང་ཚ། ། when i saw the leaves of shargye tree
  • རྣམ་རྒྱས། Namgay རྒྱ་ནག་དམངས་ཀྱི་ཟངས་ཟས་དེའི་ཚད་རེ་སོང་། ། its the zangzay of china
  • རྣམ་རྒྱས། Namgay རྒྱ་ནག་དམངས་ཀྱི་ཟངས་ཟས་དེའི་ཚད་རེ་སོང་། ། its the zangzay of china
  • རྣམ་རྒྱས། Namgay མཚན་ལྡན་ལ་བླ་མའི་གསུངས་བཤད་དེ་གོ་ཚེ། ། when i hear the speech of great lama
  • རྣམ་རྒྱས། Namgay གྲྭ་ཚང་དམངས་ཀྱི་གསུང་གཏམ་བདུད་རྩི་རེ་སོང་། ། its
  • རྣམ་རྒྱས། Namgayགྲྭ་ཚང་དམངས་ཀྱི་གསུང་གཏམ་བདུད་རྩི་རེ་སོང་། །
  • རྣམ་རྒྱས། Namgay མཉམ་རོགས་ལ་གཞོན་པའི་གླུ་གཞས་དེ་གོ་ཚེ། ། when i hear the songs of youth friends
  • རྣམ་རྒྱས། Namgay དྲིན་ཆེན་ཕ་མའི་སྐུ་གཏམ་བདུད་རྩི་རེ་སོང་། ། its our parents
  • རྣམ་རྒྱས། Namgay དྲིན་ཆེན་ཕ་མའི་སྐུ་གཏམ་བདུད་རྩི་རེ་སོང་། །