Skip to main content Skip to search
22 Jun 2018
2 min 22 sec
Video Overview
Creators: 
Duptho, Sonam Chophel

Pema Lhadon from Phimshong village sings “Yala Alay Sangrayla.” A great spiritual master with profound knowledge of religious texts composed this song. It can be sung in all kinds of occasions, such as archery contests and social festivities, mostly for entertainment.  It can be performed both by individuals or groups, in gatherings during which everyone dances as they sing.

༉  བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཕིམ་སོང་ལས་པདྨ་ལྷ་སྒྲོན་གྱིས་འཐེན་མི་འབོད་སྒྲའི་གླུ་གཞས་ ཡ་ལ་ཨེ་ལེ་སངས་རེད་ལ་འདི་ འབྱུང་ཁུངས་དང་བྱུང་རབས་ཚུ་མི་ཤེས་དོ་ཡོདཔ་ད་ གླུ་གཞས་ཀྱི་ཚིག་ཚུ་བོད་སྐད་ནང་སྦེ་འཐེནམ་ཨིན་མས། གླུ་གཞས་འདི་གི་ཚིག་དང་འཁྲིལ་བ་ཅིན་ རྟ་ཕོ་གཅིག་ཉོ་ཚོང་འཐབ་པའི་སྐོར་ལས་འཐོནམ་ཨིནམ་ད་ རྟ་གི་རིན་གོང་སྐོར་ལས་དྲིས་ལན་འབད་བའི་ཚིག་ཚུ་འཐོནམ་ཨིན་པས། གླུ་གཞས་འདི་ལུ་ས་གོ་དང་དུས་ཚོད་དམིགས་བསལ་སྦེ་མེདཔ་ལས་ ནམ་འཐེན་རུང་བཏུབ་ནི་ཨིནམ་ད་ གླུ་གཞས་འདི་ མང་ཤོས་ར་ཐུགས་སྤྲོའི་ལས་རིམ་དང་དགའ་སྟོན་རྟེན་འབྲེལ་སྐབས་འཐེནམ་ཨིན་མས། གླུ་གཞས་འདི་ ད་ལྟོ་ཚུན་ཚོད་ ངག་རྒྱུན་སྦེ་ལྷབ་ལྷབ་མ་གཏོགས་ སྒྲ་བཟུང་འབད་འབདཝ་དང་ཡིག་ཐོག་ལུ་བྲིས་བྲིསཝ་མེདཔ་ཨིན་པས།

Transcript search
No results found for this search
0 of 0
  • པད་མ་ལྷ་སྒྲོན་
    Pema Lhadon: ཡ་ལ་ ཨེ་ལེ་སང་རེད་ལ་རེད། །རྟ་ཕོ་ལ་ འདི་གིས་རྟ་་་་་ གསེར་གྱི་བརྒྱ་གཅིག་བརྒྱ་གཉིས་འདུག །
  • པད་མ་ལྷ་སྒྲོན་
    Pema Lhadon: ཡ་ལ་ ཨེ་ལེ་སང་རེད་ལ་རེད། །རྟ་ཕོ་འདི་གི་གོང་རྒྱག་ག་ཚོད་རེད། །
  • པད་མ་ལྷ་སྒྲོན་
    Pema Lhadon: ཡ་ལ་ ཨེ་ལེ་སང་རེད་ལ་རེད། །རྟ་ཕོ་འདི་གི་གོང་རྒྱག་ཤེས་མི་ཡོང་། །
  • པད་མ་ལྷ་སྒྲོན་
    Pema Lhadon: ཡ་ལ་ ཨེ་ལེ་སང་རེད་ལ་རེད། །གསེར་སྲང་ལྔ་དག་(བརྒྱ་) [དབང་འདུས་?]ལ་ཞུ་ཡོད། །
  • པད་མ་ལྷ་སྒྲོན་
    Pema Lhadon: ལགས་སོ་ ག་ཅི་ཞུ་ནི་སྨོ་ ཧ་ཧ་ཧ་
  • པད་མ་ལྷ་སྒྲོན་
    Pema Lhadon: གསེར་སྲང་ལྔ་དག་(བརྒྱ་) [དབང་འདུས་ལ་?]ཞུ་ཡོད། །
  • པད་མ་ལྷ་སྒྲོན་
    Pema Lhadon: ལགས་སོ།། །།