Skip to main content Skip to search
29 Jan 2016
3 min 25 sec
Video Overview
Creators: 
Sonam Tobgye, Sangay Tshomo

This song is about a place in which there was a stupa of precious gems. In the song, this place is compared to a golden jewel. The song mainly describes the design of the stupa.  Stupas symbolize the five elements that exist in the universe. Its square base represents the earth element, the dome represents water, the shaft represents fire, the crescent represents air, and the circle represents space.  Stupas were originally built to keep the relics of the Buddha and other Buddhist saints. With time, building a stupa came to be considered one of the foremost examples of pious activity. Stupas are supposed to represent the Body of the Buddha

 

མོང་སྒར་ སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་འཐེན་མི་བོད་སྒྲའི་གླུ་གཞས་ ས་གཞི་གསེར་གྱི་ནོར་བུ་གཞོང་མའི་ནང་། ཟེར་མི་འདི་ ས་གནས་འདི་དང་འདི་ཟེར་ ངེས་ཏིག་འབད་དེ་འཐོན་ནི་མིན་འདུག ཨིན་རུང་ ས་གཞི་གསེར་གྱི་ནོརཔ་གཞོངམ་དང་འདྲ་བའི་ནང་ན་ རིན་ཆེན་ནོར་བུ་གསེར་གྱི་མཆོད་རྟེན་ཅིག་བཞེངས་ཡོད་མི་འདི་ལུ་ གཞི་བཞག་སྟེ་བརྩམས་པའི་གླུ་གཞས་ཅིག་ཨིནམ་ད་ ཕྱིའི་མཆོད་རྟེན་རྣམ་རྒྱལ་ཁང་བཟང་འདི་ལུ་ ནང་ན་རིན་ཆེན་སྐུ་གསུང་ཐུགས་རྟེན་བཞུགས་ཏེ་ཡོད་ མཆོད་རྟེན་གྱི་རྩེ་མོར་རྒྱལ་མཚན་ཉི་ཟླ་སྐར་གསུམ་འཛོམས་ཏེ་ཡོད་ དེ་ཡང་ མ་རིག་མུན་པ་སེལ་བའི་རྟེན་འབྲེལ་བཟང་ཡི། མཆོད་རྟེན་གྱི་རྩ་བར་རིན་ཆེན་གསེར་གྱི་རྡོ་གཅལ་དང་བཅས་ཏེ་བཞེངས་ཡོདཔ་ལས་ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་དགོ་པ་ཅིན་ མཆོད་རྟེན་དེ་ བསྐོར་བ་རྐྱབ་གནང་ཟེར་ མཆོད་རྟེན་བསྐོར་བར་བསྐུལ་བའི་གླུ་གཞས་ཅིག་ཨིན་པས།

 

Transcript search
No results found for this search
0 of 0
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ས་གཞི་ལ་གསེར་གྱི་ནོར་བུ་གཞོང་མའི་ནང་ལ། །རིན་ཆེན་ལ་ནོར་བུ་གསེར་གྱི་མཆོད་རྟེན་བཞེངས་ལ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཕྱི་ལ་ལ་ཕྱི་གསལ་རྣམ་རྒྱལ་ཁང་བཟང་འདི་ལ། །ནང་ལ་ལ་རིན་ཆེན་སྐུ་གསུང་ཐུགས་རྟེན་བཞུགས་ལ། །ནང་ལ་རིན་ཆེན་སྐུ་གསུང་ཐུགས་རྟེན་བཞུགས་ལ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    རྩེ་མོ་ལ་རྒྱལ་མཚན་ཉིན་ཟླ་སྐར་གསུམ་ཤར་ལ། །མ་རིག་མུན་པ་སེལ་བའི་རྟེན་འབྲེལ་བཟང་ལ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    བསྐལ་པ་ལ་མི་ལུས་(ཡུལ་)དུས་གསུམ་སངས་རྒྱས་བྱོན་ལ། །སེམས་ཅན་བདེ་བ་བཀོད་པའི་བཀའ་དྲིན་ཆེ་ལ། །སེམས་ཅན་བདེ་བ་བཀོད་པའི་བཀའ་དྲིན་ཆེ་ལ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    རིན་ཆེན་ལ་ནོར་བུ་གསེར་གྱི་མཆོད་རྟེན་འདི་ལ། །རྩ་བ་ལ་རིན་ཆེན་གཡུ་ཡི་རྡོ་གཅལ་བཞེངས་ལ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལུས་ངག་ལ་ཡིད་གསུམ་སྡིག་སྒྲིབ་དག་དགོ་ན་ལ། །རིན་ཆེན་ལ་གསེར་གྱི་མཆོད་རྟེན་བསྐོར་བར་བྱོན་ལ། །རིན་ཆེན་ལ་གསེར་གྱི་མཆོད་རྟེན་བསྐོར་བར་བྱོན་ལ། །རིན་ཆེན་ལ་གསེར་གྱི་མཆོད་རྟེན་བསྐོར་བར་བྱོན་ལ། །