Skip to main content Skip to search
28 Jun 2018
4 min 26 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • བསྟན་པ་ Tempa
    ང་གིས་ཞུ་མི་ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་བུམ་ཐང་རྫོང་གི་ནང་ན་ལས་ བླ་མ་བྱོག་བྱོན་བྱོནམ་མས་ བླ་མ་བྱོག་བྱོནམ་ད་ དེ་འབདཝ་ད་ དཀོན་གཉེར་ཐུགས་སྟོང་སྟོངམ་མས་ ཐུགས་སྟོངམ་ད་ ཐུགས་སྟོངམ་ད་ རོགས་བྱ་གཅིག་སྐད་རྐྱབ་པར་འོང་འོངམ་མས་ བྱ་གཅིག་གིས་ བྱ་གཅིག་གིས་ སྐད་ག་དེ་སྦེ་རྐྱབ་མས་གོ་ཟེར་བ་ཅིན།
  • བསྟན་པ་ Tempa
    བྱུ་རུ་བྱུ་རུ་གསེར་བྱུ་རུ་ཟེར་སླབ་སླབ་མས་ཁོ་གིས་ དེ་འབདཝ་ད་ ཁོ་དཀོན་གཉེར་གྱིས་ བྱུ་རུ་བྱུ་རུ་གསེར་བྱུ་རུ་ཟེར་ བྱ་ཁྱོད་ཀྱིས་འབོ་པའི་ཁ་མཆུ་ལེགས་པས་མ་ཟེར། འ་ནཱི་སྦེ་ རོགས་དཀོན་གཉེར་སླབ་སླབ་མས།
  • བསྟན་པ་ Tempa
    དཀོན་གཉེར་གྱིས་ ཨ་་་བྱ་ཁྱོད་ཀྱིས་འབོ་པའི་ཁ་མཆུ་ལེགས་པས་མ། །རྫོང་བུམ་ཐང་རྫོང་གི་ནང་ལུ་དབའེ་ཟེར་། །བླམ་དེད་དཔོན་རྣམ་དང་འཛོམས་འབག་ཤོག་སྨ་རེད། ཟེར་ འ་ནཱི་སྦེ་འབད་དོ་མས་དཀོན་གཉེར་གྱིས།
  • བསྟན་པ་ Tempa
    གདན་ཁ་གང་གྲུ་བཞི་ཐིངས་ནི་ཡོད་ཟེར་ ཧང་པདྨ་གེར་སར་ཐིངས་ནི་ཡོད་ཟེར་ གོ་རྒྱ་ཆེན་གོས་ཆེན་བཀབ་ནི་ཡོད་ཟེར་ ལྟོ་ཤེལ་དམར་གྲུ་བཞི་ཟ་ནི་ཡོད་ཟེར་ གདོང་མཆོད་བཤམ་ཁྲ་མོ་ལོགས་ལུ་སྒོར་ནི་ཡོད་ཟེར་ ཆུ་གྲུབ་ཆུ་འཐུང་ནི་ཡོད་ཟེར་ ཁོ་དཀོན་གཉེར་གྱིས་ བྱ་ལུ་དེ་སྦེ་སླབ་སླབ་མས་ སླབ་སླབ།
  • བསྟན་པ་ Tempa
    དེ་འབདཝ་ད་ ཁོ་བྱ་གིས་ ག་དེ་སྦེ་སླབ་སྨོ་ཟེར་བ་ཅིན་ བྱུ་རུ་བྱུ་རུ་གསེར་བྱུ་རུ་ཟེར་ བྱ་ང་གིས་འབོ་པའི་ཁ་མཆུ་གནི་ལེགས་པ་ཟེར་ རྫོང་བུམ་ཐང་རྫོང་གི་ནང་ལུ་དབའེ་ཟེར་ བླམ་དེད་དཔོན་རྣམས་དང་ང་བཟུང་མི་ཚུགས་ཟེརཝ་མས་ལོ་ བྱ་གིས་སླབ་དོ་མས་ད་རུང་ལོག་ ལོག
  • བསྟན་པ་ Tempa
    གདན་ཁ་གང་གྲུ་བཞི་ཐིངས་ནི་བ་ཟེར་ ཤིང་གི་པགས་ཀོ་ཐིངས་ནི་མི་དྲག་ག་ཟེར་ ཨ་་་ཧང་པདྨ་གེ་སར་བཙུགས་པ་བ་ཟེར་ ཤིང་གི་ཞལ་ལག་བཙུགས་ནི་མི་དྲག་ག་ཟེར་ ཨ་་་ལྟོ་ཤེལ་དམར་གྲུ་བཞི་ཟ་ནི་བ་ཟེར་ ཤིང་གི་རྡོག་མ་ཟ་ནི་མི་དྲག་ཟེར་ གོ་རྒྱ་ཆེན་གོས་ཆེན་བཀབ་ནི་བ་ཟེར་ ཤིང་གི་ཤོམ་འདབ་བཀབ་ནི་མི་དྲག་ག་ཟེར་ གདོང་མཆོད་བཤམ་ཁྲ་མོར་ལོགས་ལུ་སྒོར་ནི་བ་ཟེར་ ཤིང་གི་ལོགས་ལུ་སྒོར་ནི་མི་དྲག་ག་ཟེར།
  • བསྟན་པ་ Tempa
    ཨ་་་ལྟོ་ཤེལ་དམར་གྲུ་བཞི་ཟ་ནི་བ་ཟེར་ ཤིང་གི་་་མཆོད་བཤམ་ཁྲ་མོར་ལོགས་ལུ་སྒོར་ནི་བ། ཤིང་གི་ལོགས་ལུ་སྒོར་ནི་མི་དྲག་ག་ཟེར་ ཆུ་གྲུབ་ཆུ་འཐུང་ནི་བ། འདམ་ཆུ་ཨུམ་ཆུ་འཐུང་ནི་མི་དྲག་ག་ཟེར་ འདམ་ཆུ་ཨུམ་ཆུ་འཐུང་ནི་མི་དྲག་ ཨ་་་རྫོང་བུམ་ཐང་རྫོང་གི་ནང་ལུ་དབའེ་ཟེར།
  • བསྟན་པ་ Tempa
    སྒརཔ་མནོ་ཅན་བ་མནོ་མེད་མང་། མནོ་ཅན་ཅན་གྱི་མཚན་ལྡན་སྒོམ། མནོ་མེད་ཅན་གྱིས་ང་ཤ་ཐང་མི་དལ་ག ཁྲག་གནམ་ཁ་མི་གཏོར་ག་ཟེར་ འ་ནེམ་ཅིག་ཨིན་པས་ལགས།