Skip to main content Skip to search
16 Feb 2017
5 min 23 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

མོང་སྒར་རྫོང་ཁག་ ལྕགས་ས་མཁར་རྒེད་འོག་ ཡེ་སྟོང་བྱར་ཤིང་སྦོག་ཏོར་གཡུས་ཚན་ལས་ བཀྲིས་རྡོ་རྗེ་གིས་འཐེན་མི་ གསེར་གྱི་མདའ་མོ་ཟེར་མི་གླུ་གཞས་འདི་ བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིན་པས། མི་སྡེའི་ནང་ དགའ་སྐྱིད་དང་ ཞི་བདེ་འབྱུང་ཐབས་ལུ་ ཕྱོགས་བཞི་ནང་བཞུགས་པའི་ བདག་པོ་ཚུ་ལུ་ རྟེན་འབྲེལ་གྱི་མཆོད་པ་ཕུལ་བའི་ གླུ་གཞས་ཅིག་ཨིན་པས། ཁོ་གིས་ སླབ་མི་ནང་ གླུ་གཞས་འདི་ རབ་གནས་དང་ ས་སླངས་རྟེན་འབྲེལ་འབད་བའི་སྐབས་འཐེནམ་ཨིན་ཟེར་མས། 

 

Show More

  • བཀྲ་ཤིས་རྡོ་རྗེ།
    གསེར་གྱི་མདའ་མོ་མ་གཏང་ལ། །གསེར་གྱི་མདའ་མོ་གཏང་ན་ཤར་དུ་གཏང་ལ། །
  • བཀྲ་ཤིས་རྡོ་རྗེ།
    ཤར་ན་རྡོ་རྗེ་སེམས་དཔའ་ལ་མདའ་མོ་གཏང་ལ། །རྡོ་རྗེ་སེམས་དཔའ་ཚེ་དར་གཡང་དར་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    ཚེ་ལ་ཚེ་དར་རྒྱས་པའི་བཀྲིས་ཤོག་ལ། །གཡང་ལ་གཡང་དར་རྒྱས་པའི་བཀྲིས་ཤོག །
  • བཀྲ་ཤིས་རྡོ་རྗེ།
    གསེར་གྱི་མདའ་མོ་མ་གཏང་ལ། །གསེར་གྱི་མདའ་མོ་གཏང་ན་ལྷོ་དུ་གཏང་ལ། །
  • བཀྲ་ཤིས་རྡོ་རྗེ།
    ལྷོ་ན་རིན་ཆེན་འབྱུང་གནས་ལ་མདའ་མོ་གཏང་ལ། །རིན་ཆེན་འབྱུང་གནས་ཚེ་དར་གཡང་དར་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    ཚེ་ལ་ཚེ་དར་རྒྱས་པའི་ལ་བཀྲིས་ཤོག་ལ། །གཡང་ལ་གཡང་དར་རྒྱས་པའི་བཀྲིས་ཤོག །
  • བཀྲ་ཤིས་རྡོ་རྗེ།
    གསེར་གྱི་མདའ་མོ་མ་གཏང་ལ། །གསེར་གྱི་མདའ་མོ་གཏང་ན་ནུབ་དུ་གཏང་ལ། །
  • བཀྲ་ཤིས་རྡོ་རྗེ།
    ནུབ་ན་ སྣང་བ་མཐའ་ཡས་ལ་མདའ་མོ་གཏང་ལ། །༼རིན་ཆེན་འབྱུང་གནས་༽ སྣང་བ་མཐའ་ཡས་ཚེ་དར་གཡང་དར་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    ཚེ་ལ་ཚེ་དར་རྒྱས་པའི་ལ་བཀྲིས་ཤོག་ལ། །གཡང་ལ་གཡང་དར་རྒྱས་པའི་བཀྲིས་ཤོག །
  • བཀྲ་ཤིས་རྡོ་རྗེ།
    གསེར་གྱི་མདའ་མོ་མ་གཏང་ལ། །གསེར་གྱི་མདའ་མོ་གཏང་ན་བྱང་དུ་གཏང་ལ། །
  • བཀྲ་ཤིས་རྡོ་རྗེ།
    བྱང་ན་དོན་ཡོན་གྲུབ་པ་ལ་མདའ་མོ་གཏང་ལ། །དོན་ཡོན་གྲུབ་པ་ཚེ་དར་ལ་གཡང་དར་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    ཚེ་ལ་ཚེ་དར་རྒྱས་པའི་ལ་བཀྲིས་ཤོག་ལ། །གཡང་ལ་གཡང་དར་རྒྱས་པའི་བཀྲིས་ཤོག །
  • བཀྲ་ཤིས་རྡོ་རྗེ།
    གསེར་གྱི་མདའ་མོ་མ་གཏང་ལ་མདའ་མོ་གཏང་ལ། །གསེར་གྱི་མདའ་མོ་གདང་ན་ལ་དབུས་དུ་གཏང་། །
  • བཀྲ་ཤིས་རྡོ་རྗེ།
    དབུས་སྣང་པར་སྣང་རྫས་ལ་མདའ་མོ་གཏང་ལ། །སྣང་པར་སྣང་རྫས་ཚེ་དར་ལ་གཡང་དར་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    ཚེ་ལ་ཚེ་དར་རྒྱས་པའི་ལ་བཀྲིས་ཤོག་ལ། །གཡང་ལ་གཡང་དར་རྒྱས་པའི་བཀྲིས་ཤོག །
  • བཀྲ་ཤིས་རྡོ་རྗེ།
    དང་ཕུ་ ཁྱིམ་བསྒྲུབས་ ས་བཅད་ནི་ དེ་ལས་ རབ་གནས་ཚུ་ནང་ བཀྲིས་ཞབས་བྲོ་འ་ནི་འདི་རྐྱབ་ནི་ཡོད་ལ། དང་ཕུ་གི་ཞབས་བྲོ་ཚུ་ ངེའི་སེམས་ཁར་བཞག་སྟེ་ཡོདཔ་ཨིན་ ཤུལ་མ་ཨ་ལོ་ཚུ་ཉན་པ་ཅིན་མནོ་འཐེནམ་ཨིན།