Video Overview
Kato Kyi from Sonak village in Tsekhok tells a version of a common folktale about a cunning wolf, an honest old goat, and a clever rabbit.
- སྤྱང་ཀི་ཞིག་དོང་ནང་ལ་ལྷུང་ཡོད།
- ར་མ་ཞིག་གིས་ཁ་ནས་རྩྭ་ཟོས་ནས་བསྡད་ཡོད།
- སྤྱང་ཀི་ཡིས་ཨ་རོད་ར་མ་ཁྱོས་ང་ཡར་ལ་ལོངས་ཟེར།
- ཁྱོད་བླངས་ན་ཁྱོས་ང་ཟ་ནི་རེད་ཟེར།
- ཁྱོས་ང་བླངས་ན་ངས་མི་ཟ་ཟེར།
- དེ་ནས་མི་ཟ་ན་ངས་ཁྱོད་ལེན་ཟེརནས་ར་མས་བླངས་བ་རེད།
- བླངས་རྗེས་ངས་ཁྱོད་ཟ་རྒྱུ་ཟེར།
- སྔོན་ལ་ཁྱོས་ང་མི་ཟ་ཟེར།
- ངེད་གཉིས་འགྲོ་དང་གན་ན་རི་བོང་ཞིག་ཡོད།
- གན་ན་འདྲི་དང་དེ་རྗེས་ཁྱོས་ང་ཟོ་ཟེར།
- ཡ་ཟེར་ནས་རི་བོང་གི་གམ་དུ་སོང་ནས།
- སྔོན་ན་ཁོ་དོང་ནང་ན་ཡོད་གི
- དོང་ནང་ན་ཡོད་དུས་ཁྱོས་ང་བླངས་ན་ངས་ཁྱོད་མི་ཟ་ཟེར།
- བླངས་རྗེས་ང་ཟ་རྒྱུ་ཟེར།
- ང་ཚོ་འགྲོ་དང་བལྟ་ཟེར།
- རི་བོང་གིས་ང་ཚོ་སོང་ནས་བལྟ་དང་ཁྱེད་གཉིས་ཀྱི་འདུག་ས་དེར།
- སོང་ནས་སྤྱང་ཀི་ཁྱོད་ཅི་ལྟར་བསྡད་ཡོད་ཅེས་དྲིས་དུས།
- སྤྱང་ཀི་ཕྱིར་དོང་ནང་ལ་སོང་ནས་ང་འདི་ལྟར་བསྡད་ཡོད་ཟེར།
- ར་མ་ཁྱོད་ཅི་ལྟར་བསྡད་ཡོད་ཅེས་དྲིས།
- ངས་དོང་ཁ་ན་འདི་ལྟར་རྩྭ་ཟ་བཞིན་ཡོད་ཟེར།
- ཨོ་་་འདི་ལྟར་བསྡད་ན་འགྲིག་གི་རེད་ཟེར་ནས།
- རི་བོང་གིས་དེ་ལྟར་བསྐྱུར་ནས་སྤྱང་ཀི་ཕྱིར་དོང་ནང་ལ་འཕངས་བ་ཡིན།