07 Sep 2018
6 min 28 sec
Video Overview
Creators:
Monika Subba, Kencho Wangmo
Tsagay narrates a Lozey ballad called "Mar Na Trashi Thri Kha Lu". It is generally narrated by people with good speaking skills. Such ability can be used to express appreciation but also to offend and show hatred. Lozey are most popular in the western parts of the country.
༉ གསར་སྤང་རྫོང་ཁག་ བདེ་སྐྱིད་གླིང་ལས་ཚེ་རིང་གིས་ དགོན་རྟ་ལོག་དཔལ་གྱི་དགོན་པ་ལུ་ཟེར་མི་གླུ་གཞས་འདི་འཐེན་ཏེ་འདུག སྤྱིར་བཏང་གི་འཁྲུངས་ལ་ཡ་ཡ་ཟེར་མི་འདི་ ལེ་ཤ་ཅིག་འཐེན་ནི་ཡོདཔ་ད་ ད་ལྟོ་ཚེ་རིང་གིས་འཐེན་མི་གླུ་གཞས་འདི་འབད་བ་ཅིན་ དབང་འདུས་ཕོ་བྲང་རྟ་ལོག་དགོན་པའི་སྐོར་ལས་འཐེན་ནི་ཡོདཔ་ད་ ལོ་རྒྱུས་དང་འཁྲིལཝ་ད་ གླུ་གཞས་འདི་ བྱུང་ས་ར་ཕར་ལས་བྱུང་པའི་ལོ་རྒྱུས་ཅིག་ཡོདཔ་མ་ཚད་ རྟ་ལོག་དགོན་པ་ལུ་གཞི་བཞག་སྟེ་བརྩམས་བརྩམས་ཅིག་ཨིན་མས།
- Dekiling
- ཚེ་རིང་ Tsheringཡ་ད་ འཁྲུངས་ལ་ཡ་ཡ་འཐེན་གེ་ནོ།Now I am going to sing Thrung la ya ya.
- ཚེ་རིང་ Tsheringདགོན་རྟ་ལོག་དཔལ་གྱི་དགོན་པ་ལུ།In the Goenpa(monastery) of Talo.
- ཚེ་རིང་ Tsheringཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཞབས་བྲོ།Zhabdrung Ngawang Namgyel’s song.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ།Born high .Born high.
- ཚེ་རིང་ Tsheringདགོན་རྟ་ལོག་དཔལ་གྱི་དགོན་པ་ལུ།In the Goenpa(monastery) of Talo.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། ཕྱི་སྒོ་ར་སྒོ་མོ་གསེར་གི་སྒོ།The main outer door is a golden door.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། ནང་གཟིམ་ཅུང་སྒོ་མོ་དངུལ་གྱི་སྒོ།The inner chamber has a silver door.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། གཟིམ་ཅུང་སྒོ་མོ་ཕྱི་མཇལ་ཚེ།When we look at the outer big chamber.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། ལྷ་མོ་ཀུན་ཏུ་བཟང་མོ་བཞུགས།We can see see goddess Kintu Zangmo.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། གདན་གསེར་ཁྲི་དངུལ་ཁྲི་གཡུ་ཁྲི་གསུམ།The golden mat, silver mat and turquoise mat. The three mats.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། གདན་གསེར་ཁྲི་གུ་ལུ་བཞུགས་ནི་མེད།We can’t sit on the golden mat.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། ཞབས་དྲུང་ངག་དབང་རྣམ་རྒྱལ་བཞུགས།Zhabdrung Ngawang Namgyel sits here.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། རྒྱབ་གསེར་ཁྲི་ཀ་བ་ཧེན་ཏེ་བཞུགས།Lean your back on the golden pole.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། རྒྱ་དམག་ཞབས་ཀྱིས་མནན་ཏེ་བཞུགས།Press the warrior from south under your feet.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། ཞལ་མེ་ཏོག་པདྨར་སྒོར་ཏེ་བཞུགས།Face circled with lotus.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། ལྷོ་མོན་ཐུགས་བསྒྱིམས་ཏེ་བཞུགས།Those coming towards south should be kept under his spell.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། གདན་ས་འདི་ལུ་ཕྱག་འཚལ་ལོ།I prostrate to his residence.
- ཚེ་རིང་ Tsheringའཁྲུངས་ལ་ཡ་ཡ། འཁྲུངས་ལ་ཡ་ཡ། ལགས་སོ།Laso (Bhutanese term used at the end when we finish something)