Video Overview
In this video, Choney Zangmo from Tsamang village in Radhi, Trashigang sings “Jayuel Makor Jayuelkor”, a boedra song. The lyrics of the song describe a girl who travelled though Chinese villages for almost three years, but had not yet met the Chinese King; she will not return home until she meets Chinese King. The second part of the song similarly says she had yet to meet a Tibetan spiritual master for almost three years; she will not return home until she meets Tibetan Lamas.
གློག་བརྙན་འདི་ནང་ བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ རྩ་མང་གཡུས་ཚན་ལས་ ཆོས་ཉིད་བཟང་མོ་གིས་ ྒརྒྱ་ཡུལ་མ་བསྐོར་རྒྱ་ཡུལ་བསྐོར་ཟེར་མི་ བོད་སྒྲའི་གླུ་གཞས་འདི་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ ལོ་ངོ་གསུམ་གྱི་རིང་ རྒྱ་ནག་གི་གཡུས་འདི་ཚུ་བསྐོར་ར་རྐྱབ་སྟེ་ རྒྱ་ནག་གི་རྒྱལ་པོ་དང་ མཇལ་ཕྲད་ཞུ་ཚུགས་མི་ བུམོ་ཅིག་གི་སྐོར་ལས་ འགྲེལ་བཤད་རྐྱབ་མས། གླུ་གཞས་ཀྱི་ཚིག་ནང་ ང་རྒྱ་ནག་གི་རྒྱལཔོ་དང་མ་མཇལ་ཚུན་ཚོད་ ལོག་མི་འགྱོ་ཟེར་ཡོདཔ་ད་་ ཏེ་འདི་ལས་ཚིགས་བཅད་ཤུལ་མམ་ནང་ ལོ་ངོ་གསུམ་གྱི་རིང་ བོད་ཀྱི་བླམ་ཚུ་དང་མཇལ་མ་ཚུགས་པ་ཅིན་ ལོག་མི་འགྱོ་ཟེར་བཤད་ཡོདཔ་ལས་ བླམ་དང་རྒྱལཔོ་ལུ་ དད་པ་དང་བརྩི་བཀུར་ཡོད་པའི་བརྡ་མཚོན་སྟོནམ་མས།
- Pakaling
- Radhi
- Trashigang
- ཆོས་ཉིད་བཟང་མོ་ Choney Zangmoསྭོ་ བུ་མོ་ལ་རྒྱ་ཡུལ་མ་བསྐོར་རྒྱ་ཡུལ་བསྐོར་ལ། །རྒྱ་ནག་རྒྱལ་པོ་མ་མཇལ་ལོ་གསུམ་སོང་ལ། །རྒྱ་ནག་རྒྱལ་པོ་མ་མཇལ་ལོ་གསུམ་སོང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoསྭོ་ རྒྱ་ནག་ལ་རྒྱལ་པོ་མ་མཇལ་ལོག་མི་འགྲོ་ལ། །ཞལ་ནི་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །ཞལ་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །
- ཆོས་ཉིད་བཟང་མོ་ Choney Zangmoསྭོ་ བུ་མོ་ལ་བོད་ལ་མ་བསྐོར་བོད་ལ་བསྐོར་ལ། །མཚན་ལྡན་བླ་མ་མ་མཇལ་ལོ་གསུམ་སོང་། །མཚན་ལྡན་བླ་མ་མ་མཇལ་ལོ་གསུམ་སོང་། །
- ཆོས་ཉིད་བཟང་མོ་ Choney Zangmoསྭོ་ མཚན་ལྡན་ལ་བླ་མ་མ་མཇལ་ལོག་མི་འགྲོ་ལ། །ཞལ་ནི་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །ཞལ་ནི་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །
- ཆོས་ཉིད་བཟང་མོ་ Choney Zangmoསྭོ་ བུ་མོ་ལ་ཡུལ་དང་མ་བསྐོར་ཡུལ་ལ་བསྐོར་ལ། །དྲིན་ཆེན་ཕ་མ་མ་མཇལ་ལོ་གསུམ་སོང་། །དྲིན་ཆེན་ཕ་མ་མ་མཇལ་ལོ་གསུམ་སོང་། །
- ཆོས་ཉིད་བཟང་མོ་ Choney Zangmoསྭོ་ དྲིན་ཆེན་ལ་ཕ་མ་མ་མཇལ་ལོག་མི་འགྲོ་ལ། །ཞལ་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །ཞལ་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །
- ཆོས་ཉིད་བཟང་མོ་ Choney Zangmoབཀའ་དྲིན་ཆེ།། །།