Video Overview
འདི་ནི་བུ་མོ་ཞིག་ལ་ཁྱིམ་མི་ཡོངས་ཀྱིས་མ་གཅེས་པའི་དབུས་ལ་མཇལ་དུ་སོང་ཞིང་རི་ཁྲོད་པ་ཞིག་ཏུ་གྱུར་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་བུ་མོ་ལྷ་རིས་དང་སྲི་མོ་གཉིས་མེ་ཤིང་འཐུ་རུ་སོང་བར་སྲུ་མོས་ལྷ་རིས་ཀྱི་མེ་ཤིང་འཕྲོག་ནས་སོང་། ཕྱིར་ཡུལ་ལ་ཐོན་དུས་མོ་ལ་སྒོ་ཕྱེ་མཁན་གཅིག་ཀྱང་མེད་པས་མཛོ་མོས་སྒོ་ཕྱེས་ནས་མཛོ་ར་ནས་ཉལ་བསྡད། ཕྱི་ཉིན་དབུས་ལ་འགྲོ་རྒྱུ་ཞེས་དབུས་ལ་སོང་ཞིང་ཕྱིར་ལམ་དབུས་རྡོ་བརྗེད་ནས་ལམ་རྡོ་ཁྱེར་འོངས་པར་ཨ་མས་ཡར་བཀུར་བར་ལམ་རྡོ་སྐུ་རུ་གྱུར།
这个故事主要讲述一个可怜的女孩因得不到家人的关爱而远行卫藏朝拜,最后变成一位隐修者。
这个故事主要讲述了拉如姑娘和嫂子一起去拾柴,嫂子却抢走了拉如姑娘的柴火。当她回到家里时,全家人都没有给她开门。家中的老母牛则用牛角为她推开了家门。那晚,她就睡在了牛棚里。第二天,她毅然决定前往拉萨朝拜。在回程的途中,突然发现自己忘记了答应母亲为她从拉萨带回一块石头。于是,在途中随便捡了一块石头带回去送给了母亲。在母亲虔诚的礼拜下路石变成了佛像。
The story of a girl's pilgrimage to Lhasa due to lack of love from her family members, and the stone she brings back to her mother.
- དཀོན་མཆོག་སྐྱིད།གནའ་ཞིག་ལ།
- ཁྱིམ་ཚང་ཕྱུག་པོ་ཚང་ཞིག་ལ།
- བཟའ་ཟླ་གཉིས་ལ་བུ་བུ་མོ་གཉིས་ཡོད།
- མནའ་མ་བླངས་པ་རེད།
- དེ་ནས་ཁོ་ཚང་གི་རི་ལུང་བ་ལ་བབས་ནས།
- ཆར་བབས་ནས་རྫ་སྨུག་འཐིབས།
- ཁོ་ཚང་གི་འབུད་ཤིང་ཚར་སོང་པས།
- ཨ་མ་དང་ཨ་ཕ་གཉིས་ཀྱིས་ཁྱེད་གཉིས་སོང་ནས།
- མནའ་མ་དང་བུ་མོ་གཉིས་ཁྱེད་གཉིས་སོང་ནས།
- ནགས་བཏུས་ནས་ཤོག་ཟེར།
- བུ་མོའི་མིང་ལ་བུ་མོ་ལྷ་རིས་ཟེར།
- དེ་ནས་སྲུ་མོ་ཁྱོད་གང་གི་ཕྱོགས་སུ་འགྲོ་རྒྱུ་ཟེར།
- ཁྱོད་ཉིན་ལ་འགྲོ་རྒྱུ་ཡིན་ནམ་སྲིབ་ལ་འགྲོ་རྒྱུ་ཡིན་ཟེར།
- མོ་ཉིན་ལ་འགྲོ་རྒྱུ་ཟེར།
- དེ་ནས་མོ་སྲིབ་ལ་སོང་།
- བུ་མོ་ལྷ་རིས་དེ་ནགས་འཐུ་རུ་སོང་།
- བར་ཞིག་ལ་ཕྱིར་ཡུལ་ལ་བལྟས་དུས་དུ་བ་ཡོང་བཞིན་ཡོད།
- སྲུ་མོ་ཐོན་ཡོད་འདོད་ནས་མོ་ཡིས་ནགས་འཁུར་ནས་མྱུར་དུ་ཡོང་བ་ཡིན།
- ཨ་མ་དང་མནའ་མ་ཁོ་ཚོས་ཇ་བསྐོལ་ཏེ་འཐུང་ནས་བསྡད་ཡོད།
- དེ་ནས་ཨ་ཕ་ལོ་ལོ་བསམ་འགྲུབ་བོ།
- ཨ་ཕ་ལོ་ལོ་དོན་འགྲུབ་གོ།
- ངས་སྔ་དྲོ་བཏུས་བ་རློན་པ་རེད།
- ཕྱི་དྲོ་བཏུས་པ་སྐམ་པོ་རེད།
- ང་སྒོ་ཞིག་ཕྱེ་ཟེར།
- སྒོ་མ་ཕྱེ་བ་རེད།
- དེ་ནས་ཨ་མ་ལོ་ལོ་བསམ་འགྲུབ་གོ།
- ཨ་མ་ལོ་ལོ་དོན་འགྲུབ་མ།
- ངས་སྔ་དྲོ་བཏུས་བ་རློན་པ་རེད།
- ཕྱི་དྲོ་བཏུས་པ་སྐམ་པོ་རེད།
- ང་སྒོ་ཞིག་ཕྱེ་ཟེར།
- སྒོ་མ་ཕྱེ་བ་རེད།
- དེ་ནས་སྲུ་མོ་ལོ་ལོ་བསམ་འགྲུབ་མ།
- སྲུ་མོ་ལོ་ལོ་དོན་འགྲུབ་མ།
- ངས་སྔ་དྲོ་བཏུས་བ་རློན་པ་རེད།
- ཕྱི་དྲོ་བཏུས་པ་སྐམ་པོ་རེད།
- ང་ལ་སྒོ་ཞིག་ཕྱེ་ཟེར།
- སྒོ་མ་ཕྱེ་བ་རེད།
- དེ་ནས་ནུ་བོ་ལོ་ལོ་བསམ་འགྲུབ་བོ།
- ནུ་བོ་ལོ་ལོ་དོན་འགྲུབ་གོ།
- ངས་སྔ་དྲོ་བཏུས་བ་རློན་པ་རེད།
- ཕྱི་དྲོ་བཏུས་པ་སྐམ་པོ་རེད།
- ང་ལ་སྒོ་ཞིག་ཕྱེ་ཟེར།
- སྒོ་མ་ཕྱེ་བ་རེད།
- དེ་ནས་མོ་ལ་མཛོ་མོ་སྔོན་མོ་ཞིག་ཡོད་པ་དེ།
- མོའི་རྗེས་དེད་ནས་ཡོང་བཞིན་ཡོད་པ་དེ།
- མཛོ་མོ་སྔོན་མོ་རྭ་གཡས་མ།
- ཁྱོད་ཀྱིས་ང་ལ་སྒོ་ཞིག་ཕྱེ་ཟེར།
- མཛོ་མོ་དེས་རྭ་གཡུགས་བྱས་ནས།
- རྭ་ཡིས་སྒོ་བར་ལ་རྭ་ཅོ་བརྒྱབ་ནས་ཡར་བཀྱགས་ནས་སྒོ་ཕྱེ།
- དེ་ནས་མོ་ཁྱིམ་ལ་སོང་ནས་ནགས་ས་ལ་བཞག་ནས།
- ཨ་ཕ་ཁྱོད་ཀྱིས་ང་ལ་སྒོ་ཕྱེ་ཟེར་ན་མི་ཕྱེ།
- ཨ་མ་ཁྱོད་ཀྱིས་ང་ལ་སྒོ་ཕྱེ་ཟེར་ན་མི་ཕྱེ།
- སྲུ་མོ་ཁྱོད་ཀྱིས་ང་ལ་སྒོ་ཕྱེ་ཟེར་ན་མི་ཕྱེ།
- ནུ་བོ་ཁྱོད་ཀྱིས་ང་ལ་སྒོ་ཕྱེ་ཟེར་ན་མི་ཕྱེ།
- ད་ང་མི་འདུག་འགྲོ་རྒྱུ་ཡིན།
- ང་དབུས་དད་པ་ཅན་ལ་མཇལ་དུ་འགྲོ་རྒྱུ་ཟེར།
- དེ་ནས་མོ་ལམ་ལ་ཆས་རྩིས་བྱས།
- ལམ་ལ་ཆས་རྩིས་བྱེད་དུས་ཨ་མ་ཡིས་སྡོད་དང་ཇ་འཐུང་ཟེར།
- སྡོད་དང་ཁྱོད་འདྲ་བ་ཞིག་དབུས་ལ་མཇལ་དུ་འགྲོ་བ་ཞིག་ཡོད་པ་མ་རེད་ཟེར།
- དེ་ནས་མོས་འགྲོ་རྒྱུ་ཟེར་ནས་བུད་སོང་།
- སླེ་རའི་སྒོ་ངོས་ནས་སྒ་སྲབ་གཉིས་ཀ་བླངས་ནས་བུད་སོང་།
- དེ་ནས་མོ་ལ་རྟ་དཀར་པོ་ཡོད་པ་དེ།
- རི་སྐོར་ཚང་ཞིག་གི་སླེ་ར་ནས་བཟུང་སྟེ་མོ་འགྲོ་རྒྱུ་ཟེར།
- བུ་མོ་ལྷ་རིས་ཁྱོད་གང་ལ་འགྲོ་རྒྱུ་ཟེར།
- མོ་དབུས་དད་པ་ཅན་ལ་མཇལ་དུ་འགྲོ་རྒྱུ་ཟེར།
- དེ་ནས་སོང་ན་མུན་པ་རུབ་ཐལ།
- དོ་དགོང་བསྡད་ནས་ནངས་མོར་སོང་ཟེར།
- ནངས་མོར་རི་སྐོར་དེ་ཚང་གིས།
- ཁུག་མ་ཞིག་གི་ནང་དུ་བྲོ་ཞིག་བཅུག་ནས་མོ་བུད་སོང་།
- དེ་ནས་ཨ་མ་དེས་རི་སྐོར་དེ་ནས་བུ་མོ་ལྷ་རིས་མ་མཐོང་ངམ་ཞེས་དྲིས་པས།
- བུ་མོ་ལྷ་རིས་དབུས་ལ་བུད་ཐལ།
- དབུས་དད་པ་ཅན་ལ་མཇལ་དུ་འགྲོ་རྒྱུ་ཟེར་ནས་བུད་ཐལ།
- དེ་ལྟར་བཤད་པས་མོ་ཕྱིར་ཡུལ་ལ་སོང་།
- རྟ་ཞོན་ནས་བུ་མོའི་རྗེས་ནས་ལམ་ལ་ཆས།
- དེ་ནས་བུ་མོ་ལྷ་རིས་ཡར་ལ་སོང་སོང་ནས།
- ནོར་རྫི་ཞིག་ལ་ཐུག
- ཨ་ནོར་རྫི་ལོ་ལོ་བསམ་འགྲུབ་གོ།
- ཨ་ནོར་རྫི་ལོ་ལོ་དོན་འགྲུབ་གོ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ།
- བསམ་བློ་དབུས་ནས་འགྲུབ་རྒྱུ།
- ང་དབུས་ལ་འགྲོ་སའི་ལམ་འདི་ཨེ་རེད་ཟེར།
- རེད་ཟེར།
- ཨ་བུ་མོ་ལོ་ལོ་བསམ་འགྲུབ་མ།
- ཨ་བུ་མོ་ལྷ་རིས་དོན་འགྲུབ་མ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ་མ།
- བསམ་བློ་དབུས་ནས་འགྲུབ་རྒྱུ་མ།
- ལམ་དེར་ཞུགས་ནས་སོང་ན་དེ་རེད།
- དེ་ནས་མོ་ཡར་ལ་སོང་སོང་ནས་རྟ་རྫི་ཞིག་ལ་ཐུག
- ཨ་རྟ་རྫི་ལོ་ལོ་བསམ་འགྲུབ་མ།
- ཨ་རྟ་རྫི་ལོ་ལོ་དོན་འགྲུབ་གོ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ།
- བསམ་བློ་དབུས་ནས་འགྲུབ་གྱུར།
- ང་དབུས་དད་པ་ཅན་ལ་མཇལ་དུ་འགྲོ་དགོས།
- ང་འགྲོ་སའི་ལམ་འདི་ཨེ་རེད་ཟེར།
- ཨ་བུ་མོ་ལྷ་རིས་བསམ་འགྲུབ་མ།
- ཨ་བུ་མོ་ལྷ་རིས་དོན་འགྲུབ་མ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ་མ།
- བསམ་བློ་དབུས་ནས་འགྲུབ་རྒྱུ་མ།
- ལམ་དེར་ཞུགས་ནས་སོང་ན་དེ་རེད་ཟེར།
- དེ་ནས་མོ་ཡར་ལ་སོང་སོང་ནས་ལུག་རྫི་ཞིག་དང་འཕྲད།
- ཨ་ལུག་རྫི་ལོ་ལོ་བསམ་འགྲུབ་མ།
- ཨ་ལུག་རྫི་ལོ་ལོ་དོན་འགྲུབ་གོ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ།
- བསམ་བློ་དབུས་ནས་འགྲུབ་རྒྱུ།
- ང་དབུས་དད་པ་ཅན་ལ་མཇལ་དུ་འགྲོ་རྒྱུ།
- ང་དབུས་འགྲོ་སའི་ལམ་འདི་ཨེ་རེད་ཟེར།
- ཕྱིར་ལ་ཨ་བུ་མོ་ལྷ་རིས་བསམ་འགྲུབ་མ།
- ཨ་བུ་མོ་ལྷ་རིས་དོན་འགྲུབ་མ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ་མ།
- བསམ་བློ་དབུས་ནས་འགྲུབ་གྱུར་མ།
- ཁྱོད་འགྲོ་སའི་ལམ་དེ་རེད།
- ཁྱོད་ལམ་དེར་ཞུགས་ནས་སོང་ན་འཕྱུགས་མེད་གི
- དེ་ནས་མོ་ཡར་ལ་སོང་།
- དེ་ནས་མོ་ཡི་ཨ་མ་ནོར་རྫི་དེ་དང་འཕྲད་པ་རེད།
- ཨ་ནོར་རྫི་ལོ་ལོ་བསམ་འགྲུབ་མ།
- ཨ་ནོར་རྫི་ལོ་ལོ་དོན་འགྲུབ་གོ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ།
- བསམ་བློ་དབུས་ནས་འགྲུབ་རྒྱུ།
- ཁྱོད་ཀྱིས་བུ་མོ་ལྷ་རིས་མ་མཐོང་ངམ་ཞེས་དྲིས་པར་ཕྱིར་ཨ་མ་ལ།
- ཨ་མ་ལོ་ལོ་བསམ་འགྲུབ་མ།
- ཨ་མ་ལོ་ལོ་དོན་འགྲུབ་མ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ་མ།
- བསམ་བློ་དབུས་ནས་འགྲུབ་རྒྱུ་མ།
- བུ་མོ་ལྷ་རིས་དབུས་ལ་བུད་ཐལ།
- དབུས་དད་པ་ཅན་ལ་མཇལ་དུ་བུད་ཐལ།
- རྟ་དཀར་པོ་ཞིག་ལ་ཞོན་ནས་བུད་ཐལ།
- ལམ་དཀར་པོ་ཞིག་ལ་ཞུགས་ནས་བུད་ཐལ།
- སྤྲིན་དཀར་པོ་ཞིག་བཀབ་ནས་བུད་ཐལ།
- ཁྱི་ཁྲ་ཁྲ་ཞིག་ཁྲིད་ནས་བུད་ཐལ།
- ཁྱོད་སོང་ན་རྗེས་ཆོད་པ་མ་རེད།
- དེ་ནས་ཡང་མོ་རྒྱུགས་ནས་སོང་དུས་ནོར་རྫི་ཞིག་དང་འཕྲད།
- ཨ་ནོར་རྫི་ལོ་ལོ་བསམ་འགྲུབ་གོ།
- ཨ་ནོར་རྫི་ལོ་ལོ་དོན་འགྲུབ་གོ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ།
- བསམ་བློ་དབུས་ནས་འགྲུབ་རྒྱུ།
- ཁྱོད་ཀྱིས་བུ་མོ་ལྷ་རིས་མ་མཐོང་ངམ་།
- ཨ་མ་ལོ་ལོ་བསམ་འགྲུབ་མ།
- ཨ་མ་ལོ་ལོ་དོན་འགྲུབ་མ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ་མ།
- བསམ་བློ་དབུས་ནས་འགྲུབ་རྒྱུ་མ།
- བུ་མོ་ལྷ་རིས་དབུས་ལ་བུད་ཐལ།
- དབུས་དད་པ་ཅན་ལ་མཇལ་དུ་བུད་ཐལ།
- རྟ་དཀར་པོ་ཞིག་ལ་ཞོན་ནས་བུད་ཐལ།
- ལམ་དཀར་པོ་ཞིག་ལ་ཞུགས་ནས་བུད་ཐལ།
- སྤྲིན་དཀར་པོ་ཞིག་བཀབ་ནས་བུད་ཐལ།
- ཁྱི་ཁྲ་ཁྲ་ཞིག་ཁྲིད་ནས་བུད་ཐལ།
- ཁྱོད་སོང་ན་རྗེས་ཆོད་པ་མ་རེད།
- དེ་ནས་ཡང་མོ་ཡར་ལ་རྒྱུགས་ནས་ལུག་རྫི་དང་འཕྲད།
- ལུག་རྫི་དང་འཕྲད་ནས།
- ཨ་ལུག་རྫི་ལོ་ལོ་བསམ་འགྲུབ་མ།
- ཨ་ལུག་རྫི་ལོ་ལོ་དོན་འགྲུབ་གོ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ།
- བསམ་བློ་དབུས་ནས་འགྲུབ་རྒྱུ།
- ཁྱོད་ཀྱིས་བུ་མོ་ལྷ་རིས་མ་མཐོང་ངམ་ཞེས་དྲིས་པར་ཕྱིར་ཨ་མ་ལ།
- ཨ་མ་ལོ་ལོ་བསམ་འགྲུབ་མ།
- ཨ་མ་ལོ་ལོ་དོན་འགྲུབ་མ།
- བསམ་མཐའ་ཆུ་ཡིས་སྐོར་རྒྱུ་མ།
- བསམ་བློ་དབུས་ནས་འགྲུབ་རྒྱུ་མ།
- བུ་མོ་ལྷ་རིས་དབུས་ལ་བུད་ཐལ།
- དབུས་དད་པ་ཅན་ལ་མཇལ་དུ་བུད་ཐལ།
- རྟ་དཀར་པོ་ཞིག་ལ་ཞོན་ནས་བུད་ཐལ།
- ལམ་དཀར་པོ་ཞིག་ལ་ཞུགས་ནས་བུད་ཐལ།
- སྤྲིན་དཀར་པོ་ཞིག་བཀབ་ནས་བུད་ཐལ།
- ཁྱི་ཁྲ་ཁྲ་ཞིག་ཁྲིད་ནས་བུད་ཐལ།
- སོང་ནས་ཅུང་མ་འགོར།
- ཁྱོད་སོང་ན་རྗེས་ཆོད་གི་ཟེར།
- དེ་ནས་མོ་ཡར་རྒྱུགས་ནས་བུ་མོ་ལྷ་རིས་ཀྱི་རྗེས་ཆོད་པ་རེད།
- དེ་ནས་རྒྱུགས་ནས་རྟ་ཡིས་བཟུང་ནས།
- ཁྱོད་དབུས་དད་པ་ཅན་ལ་འགྲོ་མི་ཐུབ།
- ངེད་གཉིས་ཕྱིར་འགྲོ་ཟེར།
- མོ་འགྲོ་རྒྱུ་ཟེར་ནས་བཀོད་པ་མེད་པ་རེད།
- དེ་ནས་ཁྱོད་འགྲོ་ན་ཨ་མ་ལ་དབུས་རྡོ་ཞིག་ཁྱེར་ནས་ཤོག་ཟེར།
- ཡ་ཡ་ཟེར་ནས་མོ་བུད་སོང་།
- དེ་ནས་བུ་མོ་ལྷ་རིས་དབུས་ལ་ཐོན་ནས།
- དབུས་དད་པ་ཅན་ལ་མཇལ་ནས།
- མོ་ཕྱི་སྐོར་ཐེངས་གསུམ་དང་ནང་སྐོར་ཐེངས་གསུམ་བྱས་ནས།
- ཕྱི་འཁོར་ནས་མོ་ཡུལ་ལ་ཡོང་དུས།
- མོ་ཡིས་དབུས་རྡོ་བརྗེད་འདུག་པ་ཡིད་ལ་དྲན།
- དེ་ནས་ཡར་བལྟ་མར་བལྟ་བྱས་ནས།
- རྡོ་ཡག་པོ་ཞིག་ཡོད་པ་དེ་ཁྱེར་ནས་ཡུལ་ལ་ཡོང་།
- ཨ་མ་ངས་ཁྱོད་དབུས་རྡོ་ཁྱེར་ཡོང་བ་འདི་ཡིན་ཟེར།
- ཨ་མས་ངའི་བུ་མོས་མོ་ལ་དབུས་རྡོ་ཁྱེར་ཡོང་ཟེར་ནས།
- ཚེ་གང་བོར་ཡར་བཞག་ནས་ཕྱག་འཚལ་བ་ཡིན།
- ཉིན་ཞིག་ལ་ཨ་མ་ཁྱོད་ཀྱི་བུ་མོས་ཁྱེར་ཡོང་བ་དེ་དབུས་རྡོ་ཨེ་ཡིན་ནམ།
- ལམ་རྡོ་ཨེ་ཡིན་ནམ་ཟེར་ནས།
- ཨ་མ་ཁོང་ཁྲོ་ལངས་ནས།
- ཁྱོད་ལ་དབུས་རྡོ་ཁྱེར་ཤོག་ཅེས་བཤད་ན་ལམ་རྡོ་ཁྱེར་ཡོང་ནས་ཟེར་ནས།
- རྡོ་དེ་ཡིས་བུ་མོ་ལྷ་རིས་ལ་བརྒྱབ་ནས་རྡོ་དེ་ཆགས་སོང་།
- ནང་ན་སྐུ་མཐེ་མོ་འདྲ་བ་ཞིག་ཡོད་གི
- དེ་ནས་མོ་ཡིས་ཡར་ལ་བཞག་ནས་དེར་ཕྱག་འཚལ་བ་ཡིན།
- བུ་མོ་ལྷ་རིས་ཀྱིས་ཨ་མ་ངས་ཁྱོད་ཀུ་རེ་བརྩེ་ན།
- ཁྱོད་ཀྱིས་ང་ལ་ད་རུང་རྡོ་ཡི་བརྒྱབ་ནས།
- ང་ཕྱིར་དབུས་ལ་སོང་ནས་འདུག་རྒྱུ་ཟེར་ནས།
- མོ་དབུས་ལ་སོང་ནས་བསྡད།