Skip to main content Skip to search
29 Dec 2015
3 min 50 sec
Video Overview
Creators: 
Tibetan & Himalayan Library

This is a video of Tashi Tsomo from Yak Village in Chentsa singing a song called "The Girl with the Coral Earring." This song is part of a series of folk songs from the Rebgong cultural area.

འདི་ནི་སྤྱིར་བཏང་གི་དམངས་གླུ་ཞིག་ཡིན་ལ། འདིའི་ནང་དུ་སེམས་རྨོངས་པ་དང་ཞེ་ཐོགས་པའི་ཚུལ་བསྟན་ཡོད།

གླུ་འདིའི་ནང་དུ་འདོ་རིགས་རྟ་ཕོས་བླ་མ་བསྐྱེལ་ནས་དབུས་ལ་སླེབས་ཁར་ཕྱིར་ཡུལ་ལ་འཕྲེང་ནས་ཕྱི་མིག་བལྟ་བའི་ཚུལ་བརྗོད་ཡོད་པ་དང་། བསམ་དོན་ཡང་དབུས་ནས་འགྲུབ་པར་བསྟན་ཡོད། མ་བུ་མོ་བྱུ་རུས་རྣ་རྒྱན་ཅན་དེ་གནས་ཡུལ་ལ་འགྲོ་སྐབས་ཕྱིར་ཕ་ཡུལ་དང་ཕ་མ་ལ་ཞེ་ཐོགས་ཏེ་ཕྱི་མིག་བལྟ་བའི་ཚུལ་བསྟན་པ་དང་། ཞེ་མ་རྨོངས་པར་གནས་ཡུལ་ལ་ཆས་དང་དེ་ནས་བསམ་དོན་འགྲུབ་བོ་ཞེས་སེམས་གསོ་ཡང་བྱས་ཡོད།

Transcript search
No results found for this search
0 of 0
  • ༼ ཡེ་་་་་་ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • རྟ་འདོ་བ་གསེར་གྱི་སྒ་སྲབ་ཅན། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • ཕ་བླ་མ་བསྐྱེལ་ནས་དབུས་ལ་སོང་། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • སྟོད་བྱང་ལམ་མཚམས་ནས་ཕྱིར་ལ་འཁོར། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • སྤང་སེར་བོ་རིག་ན་སེམས་ནས་རྨོངས། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • ཞེ་མ་རྨོངས་གཡང་རྟ་གོམ་འགྲོས་ཅན། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • རྟ་ཁྱེད་ཀྱི་བསམ་དོན་དབུས་ནས་འགྲུབ། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • མ་བུ་མོ་བྱུ་རུའི་རྣ་རྒྱན་ཅན། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • དྲིན་ཕ་མས་བསྐྱེལ་ནས་གནས་ལ་སོང་། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • སྒོ་ཕྱི་ནང་བར་ཕྱིར་ལ་འཁོར། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • དྲིན་ཕ་མ་རིག་ན་ཞེ་རེ་རྨོངས། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • ཞེ་མ་རྨོངས་བུ་མོ་དུང་རལ་ཅན། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽
  • མ་ཁྱེད་ཚོའི་བསམ་དོན་གནས་ནས་འགྲུབ། ། ༼ ལ་ལ་མོའི་ཨ་ལོངས་་་་་་་ཡང་གཅིག་ལེན། ༽