Video Overview
Lumo Tsering from Chuma village in Repgong tells the story of how a girl escaped from a wolf with the help of a clever rabbit.
འརྙན་ཐུང་འདིར་བུ་མོ་ཞིག་རི་བོང་གི་བློ་རིག་ལ་བསྟེན་ནས་སྤྱང་ཀིའི་ཁ་ནས་བསྐྱབས་པ་དང་རྗེས་ནས་ཁོ་གཉིས་གྲོགས་སུ་གྱུར་བའི་གཏམ་རྒྱུད་བརྗོད་ཡོད།
འདི་ནི་རི་བོང་བློ་ལྡན་དང་འབྲེལ་བའི་གནའ་གཏམ་ཞིག་ཡིན་ཏེ། བུ་མོ་ཞིག་ཉིན་རྒྱུན་དུ་འབུད་ཤིང་འཐུ་རུ་འགྲོ་བ་ཡིན། ཉིན་ཞིག་སྤྱང་ཀི་ཞིག་དང་འཕྲད་པ་དེས་མོ་རང་ཟ་རྩིས་བྱས་པས། མོས་བུད་ཤིང་ཁྱིམ་ལ་བཞག་ནས་ཕྱིར་ཡོང་རྗེས་ཟོས་ན་ཆོག་ཟེར་ནས་ངུ་ཞོར་དུ་ཁྱིམ་ལ་སོང་། ལམ་བར་ནས་རི་བོང་ཞིག་དང་འཕྲད་པས་མོ་ལ་རོགས་བྱེད་ཟེར། དེ་ནས་མོ་ཡང་བུད་ཤིང་འཐུ་རུ་སོང་བ་ན་སྤྱང་ཀི་ཡང་ཐོན། རི་བོང་གིས་ས་ཐག་རིང་ཞིག་གི་རྒྱལ་བོ་ཚང་གི་ཞབས་ཞུ་བ་ཡིན་ཁུལ་བྱས་ཏེ་མདུན་གྱི་མི་སུ་ཡིན་པ་དྲིས་པ་དང་བུ་མོས་འབུད་ཤིང་རེད་ཅེས་བཤད་མོད། ཡང་རི་བོང་གིས་འབུད་ཤིང་ཡིན་ན་དེ་ལ་སྟ་རེས་རྒྱོབ་ཟེར་བས་བུ་མོས་སྤྱང་ཀིས་མགོ་ལ་སྟ་རེས་བརྒྱབ་ནས་བསད་པ་ཡིན། མཐར་བུ་མོ་དང་རི་བོང་གཉིས་གྲོགས་སུ་གྱུར་ནས་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་རོལ།
这段视频讲述了一位姑娘去砍柴的路上碰到一只狼,之后被一只小兔子救她的故事。
这段故事的主要内容是一位贫穷人家的姑娘每天去山上砍树,有一天在路上碰到了一只狼并想吃掉她,她说把木柴放回家里后吃了,她在路上碰到了一只兔子并答应会帮助她。回来后聪明的兔子躲在远处假装是国王的侍从,问起姑娘旁边的是谁的时候,狼让她说是木柴,兔子说若是木柴你用斧头敲几下,然后敲死了狼,之后它们成了朋友开开心心地生活在一起。
- གནའ་གནའ་ཞིག་ལ་ས་ཆ་ཞིག་ན་རྒན་མོ་མ་བུ་གཉིས་ཡོད།
- དབུལ་བོ་མ་བུ་གཉིས་ཡིན།
- བུ་མོ་དེ་ཉིན་རྒྱུན་ནགས་བཏུ་རུ་སོང་།
- ནགས་འཁུར་ནས་ཡོང་སྟེ།
- ནགས་བཙོང་ནས་དེས་ཁ་གསོས་ནས་བསྡད།
- ཉིན་ཞིག་མོ་ནགས་ལ་སོང་ནས་སྤྱང་ཀི་ཞིག་དང་འཕྲད་པ་རེད།
- སྤྱང་ཀི་ཡིས་བུ་མོ་ངས་ཁྱོད་འཆའ་དགོས་ཟེར།
- མོ་སྐྲག་ནས་ཨ་ཁུ་སྤྱང་ཀི་ལོ་ལོ།
- ངས་ནགས་འདི་འཁུར་ནས་སོང་སྟེ་ཡུལ་ནས་འཇོག་དང་།
- ཕྱིར་ཡོང་ན་ཁྱོད་ཀྱིས་ང་འཆོས་ཟེར།
- དེ་ཆོག་གི་ཟེར།
- དེ་ནས་ངུ་ཞོར་དུ་ནགས་འཁུར་ནས་ཡུལ་ལ་ཡོང་དུས།
- ལམ་ནས་ཨ་མ་རི་བོང་ཞིག་ལ་ཐུག
- ཨ་མ་རི་བོང་གིས་བུ་མོ་ཁྱོད་ཅིའི་ཕྱིར་ངུ་བ་ཡིན་ཟེར།
- ང་ལམ་ནས་ཨ་ཁུ་སྤྱང་ཀི་ཞིག་གིས་འཆའ་རྒྱུ་ཟེར།
- དེ་ལ་ངུ་བ་ཡིན་ཟེར།
- ཁྱོད་མ་སྐྲག་མ་ངུ་དང་ང་ཁྱོད་རོགས་ལ་འགྲོ་ཟེར།
- ཡ་ཟེར་ནས་ནགས་བཞག་ནས།
- ཕྱིར་ཡོང་དུས་ངུ་ཞོར་དུ་ཡོང་བས།
- ཨ་མ་རི་བོང་དེས་ཁྱོད་མ་ངུ་།
- མ་ངུ་བར་སོང་ནས་ནགས་བཏུས་ནས་སྡོད་དང་།
- ང་ཁྱོད་ལ་རོགས་བྱེད་དུ་ཡོང་།
- ཁྱོད་མ་སྐྲག་པར་སོང་ནས་ནགས་བཏུས་ནས་སྡོད་ཟེར།
- བུ་མོ་སོང་ནས་ནགས་བཏུས་ནས་བསྡད།
- ཨ་ཁུ་སྤྱང་ཀི་རྩིབ་ལ་ཐོན་པ་རེད།
- བུ་མོ་ངས་ཁྱོད་འཆའ་དགོས་བ་རེད་ལ་ཟེར།
- ཨ་ཁུ་སྤྱང་ཀི་ལོ་ལོ་ངས་ནགས་འདི་བཏུས་རྗེས་ཁྱོད་ཀྱིས་ང་འཆོ་ཟེར།
- ཡ་དེ་ཆོག་གི་ཟེར།
- དེ་ནས་བུ་མོ་ཡིས་ནགས་བཏུས་ནས་བསྡད་དུས།
- སྤྱང་ཀིས་འཆའ་རྒྱུ་ཟེར་ནས་རྩིབ་ནས་ཙོག་སྟེ་བསྡད།
- དེ་ནས་ཨ་མ་རི་བོང་གིས་དབྱུག་པ་ཞིག་ཕྲག་ལ་འཁུར་ནས་ཡོང་།
- ཨ་རོད་བུ་མོ་ཟེར་བར་ཨ་ཟེར།
- ཁྱོད་ཀྱི་རྩིབ་ན་ཅིག་ཡོད་པ་དེ་ཅི་ཞིག་རེད་ཟེར།
- ཨ་ཁུ་སྤྱང་ཀི་ཡིས་ཡི་ཏོ་ཞིག་རེད་ཅེས་ཤོད་ཟེར།
- ངའི་རྩིབ་ཀྱི་འདི་ཡི་ཏོ་ཞིག་རེད།
- ཡི་ཏོ་ཡིན་ན་མགོར་སྟ་རེ་ཡིས་རྒྱོབ་དང་ངས་བལྟ་ཟེར།
- ང་ཨ་ཁུ་རྒྱལ་བོ་ཚང་གི་ཤ་བདའ་ཡིན་པས་ངས་བལྟ་ཟེར།
- དེ་ནས་ཡང་གིས་རྒྱོབ་ཟེར།
- ཡི་ཏོ་ཞིག་ཡིན་ན་པང་སྒྲ་མི་གྲགས་པས་ཤེད་གིས་རྒྱོབ་ཟེར།
- ཤེད་ཀྱིས་རྒྱོབ་ཟེར་བས།
- ཨ་མ་བུ་མོ་ཡིས་ཨ་ཁུ་སྤྱང་ཀི་ཡི་མགོར་སྟ་རེ་ཡིས་ཤེད་ཀྱིས་བརྒྱབ་པས།
- ཨ་ཁུ་སྤྱང་ཀི་བསད་པ་རེད།
- དེ་ནས་ཨ་མ་རི་བོང་དང་བུ་མོ་གཉིས་དགའ་ནས།
- སྤྱང་ཀི་ཡི་པགས་པ་འཁུར་ནས།
- བུ་མོ་ཡིས་ནགས་འཁུར་ནས་ཁོ་གཉིས་ཡུལ་ལ་ཡོང་།
- ཁོ་གཉིས་ཀྱིས་གྲོགས་སྒྲིག་ནས།
- ཡུལ་ལ་ཡོང་ནས་བུ་མོ་ཡིས།
- དགའ་དགའ་སྐྱིད་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད།