Video Overview
This is a video of Tsethar Bum from Yonru Village in Chentsa singing a song called "The Girl’s Karma." This song is part of a collection of folk songs from the Rebgong cultural area.
- ཡ་་་་ཡ་རེ་་་་་ངས་ཡ་རེ་ལེན། །
- བྱ་ངང་པ་སེར་བོ་༼ཡེ་་འདི༽བྲག་ནས་སྐྱེས། །
- བྲག་ནས་སྐྱེས་ཏེ༼ཡེ་་འདི༽མཚོ་ནས་རྒས། །
- རྒས་དགོས་ནོ་ངང་པའི༼ཡེ་་འདི༽སྔོན་ལས་རེད། །
- མ་བུ་མོ་སྐྱེས་སྐྱེས༼ཡེ་་འདི༽ཡུལ་ནས་སྐྱེས། །
- འདི་ཡུལ་ནས་སྐྱེས་ཏེ༼ཡེ་་འདི༽གནས་ནས་རྒས། །
- རྒས་དགོས་ནོ་བུ་མོའི༼ཡེ་་འདི༽སྔོན་ལས་རེད། །